རྩོམ་འབྲིའི་ཤེས་བྱ།

རྩོམ་འབྲིའི་ཤེས་བྱ།

གཞི་རིམ་སློབ་གྲྭའི་སྐད་ཡིག་གཞོགས་འདེགས་ཀློག་དེབ།

མི་རིགས་ཀྱི་མཚོན་རྟགས་གལ་ཆེ་ཤོས་ནི་སྐད་ཡིག་ཡིན། མི་རིགས་ཀྱི་སྐད་ཡིག་དེ་མི་རིགས་རང་རམ་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་ཀྱི་ཆེ་མཐོང་ལའང་འབྲེལ་བ་དམ་ཟབ་ཡོད། མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་ནི་མི་རིགས་རང་ཉིད་ལ་དགའ་ཞེན་ཡོད་པའི་རྣམ་པ་གསལ་ཤོས་ཤིག་ཡིན་ལ། མི་རིགས་ཀྱི་རྩ་ཆེའི་རིག་གཞུང་བརྒྱུད་འཛིན་གྱི་རྨང་གཞི་ཉག་ཅིག་ཀྱང་ཡིན། མི་རིགས་ཀྱི་སྐད་ཡིག་ཉམས་བརླགས་སོང་བ་དེ་ནི་མི་རིགས་ཀྱི་མངའ་དབང་གཞན་ལ་ཤོར་བ་དང་གཅིག་མཚུངས་ཡིན།
སྐད་ཡིག་ནི་སློབ་འབྲིང་གི་བསླབ་ཚན་ཁྲོད་ཀྱི་གཙོ་བོའི་གྲས་ཡིན་པར་མ་ཟད། སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་ལག་ཆ་རྩ་ཆེན་ཞིག་ཀྱང་ཡིན། དེར་བརྟེན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བ་དེ་ནི་སློབ་མ་ཁོ་ནའི་འགན་འཁྲི་ཙམ་མ་ཡིན་པར་སྤྱི་འབངས་རེ་རེའི་རང་ཉིད་ཀྱི་དགོས་མཁོ་ཉག་གཅིག་ཀྱང་ཡིན་ནོ། །

ལོ་ན་ཆུང་ཞིང་བློ་རིག་གསལ་བའི་སློབ་གྲོགས་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་རྩོམ་ཡིག་འབྲི་བའི་ཆུ་ཚད་ངེས་པར་དུ་གོང་མཐོར་གཏོང་དགོས། འདི་ནི་ལོ་ན་ཆུང་བའི་སློབ་གྲོགས་ཚོ་རང་ཉིད་དང་རྒྱལ་ཁབ། མི་དམངས་བཅས་ལ་ཕན་པ་ཡོད་པའི་བྱ་བ་ཞིག་ཡིན། རྒྱུ་མཚན་ནི་ཁྱོད་རང་ཚོ་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོ་དང། མི་རིགས་ཀྱི་རེ་བ། ཆབ་སྲིད་ལས་དོན་གྱི་རྒྱུན་འཛིན་པ་དང་རང་རེའི་བོད་མི་རིགས་འདི་ཡར་རྒྱས་གཏོང་མཁན་ཡིན་པས་རེད།

ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བའི་ཆེད་དུ་གྲོགས་པོ་ཆུང་ཆུང་ཚོར་སྔོན་ཐོན་གྱི་བསམ་བློ་དང། ཡ་རབས་ཀྱི་ཀུན་སྤྱོད་ལྡན་དགོས་པར་མ་ཟད། ཁྱབ་རྒྱ་ཆེ་ཞིང་སྲ་བརྟན་གྱི་ཤེས་བྱའི་རྨང་གཞི་ཞིག་ཀྱང་འདིང་དགོས། ཤེས་བྱའི་རྨང་གཞི་སྣ་ཚོགས་ལས་སྐད་ཡིག་ནི་རྨང་གཞིའི་ནང་གི་རྨང་གཞི་ཞིག་ཡིན། དེས་ན་རྩོམ་ཡིག་ནི་ཅི་ཞིག་ཡིན་ཞེ་ན། རྩོམ་ཡིག་ནི་སྐད་ཡིག་གི་ཤེས་བྱ་དང་བྱེད་ནུས་ཕྱོགས་བསྡུས་བྱས་པའི་མཚོན་བྱེད་ཅིག་ཡིན། རྩོམ་ཡིག་གི་འབྲི་རྩལ་དང་ཆུ་ཚད་ནི་ཐིག་ཤིང་དང་མཚུངས་པར་མིའི་བསམ་བློའི་གཏིང་ཟབ་ཚད་དང། ཀུན་སྤྱོད་ལེགས་མིན། ཤེས་བྱ་རྒྱ་ཆེ་མིན། ཤེས་བྱ་ལག་ལེན་ལ་འདེབས་མིན་སོགས་གཞལ་ཐུབ་པ་རེད།

དེར་བརྟེན། གཙོ་བོ་བྱེས་སུ་ཡོད་པའི་གཞི་རིམ་སློབ་མའི་རྩོམ་འབྲིའི་ཤེས་ཚད་དང་ནུས་པ་མཐོར་འདེགས་བྱ་ཆེད། འདིར་རྩོམ་འབྲིའི་རྒྱུན་ཤེས་ཀྱི་སྐོར་སྡེ་ཚན་གཅིག་དང། རྒྱུན་མཐོང་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ་སྐོར་གྱི་སྡེ་ཚན་གཅིག ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ་སྐོར་གྱི་སྡེ་ཚན་གཅིག་སྟེ། སྡེ་ཚན་གསུམ་གྱིས་གྲུབ་པའི་རྩོམ་འབྲིའི་ཤེས་བྱའི་སྐོར་གྱི་དེབ་ཆུང་ཞིག་བསྒྲིགས་པ་ཡིན། སྡེ་ཚན་དང་པོར་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག གསལ་བཤད་རྩོམ་ཡིག་བཅས་ཀྱི་གཞི་རྩའི་ཤེས་བྱ་དང། སྙན་ངག་དང་བརྩམས་སྒྲུང་། རྩོམ་ལུས་དབྱེ་སྟངས་ཐད་ནས་ངོ་སྤྲོད་བྱས་ཡོད།

སྡེ་ཚན་གཉིས་པར་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ་མ་འདྲ་བ་བཅོ་ལྔ་ལྷག་དཔྱད་མཆན་དང་བཅས་ཏེ་བསྒྲིགས་ཡོད། སྡེ་ཚན་གསུམ་པར་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ་མ་འདྲ་མང་པོ་ཞིག་བསྡུས་ཏེ་མཇུག་ཏུ་དཔྱད་མཆན་རེ་ཡང་བཀོད་ཡོད། ངོ་སྤྲོད་བྱས་པ་འདི་གཞིར་བཞག་སྟེ་རྩོམ་འབྲིའི་སྦྱོང་བརྡར་གྱི་རྒྱུན་བསྐྱངས་ན་རྩོམ་ཡིག་འབྲི་སྐབས་གདོང་གཉེར་ནས་སྨྱུ་གུར་སོ་འདེབས་མི་དགོས་པར་མ་ཟད། རྩོམ་ཡིག་འབྲི་བའི་ཆུ་ཚད་ཀྱང་ཉིན་རེ་བཞིན་ཇེ་མཐོར་འགྲོ་སྲིད། ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡༤ ཉིན་རྡ་ས་ནས། རྩོམ་སྒྲིག་པས།

  • རྩོམ་སྒྲིག་འགན་འཁུར་བ།  བཀྲ་ཤིས་དོན་གྲུབ།
  • རྩོམ་སྒྲིག་པ།   འཇམ་དབྱངས།
  • ཇུས་འགོད།   འཇམ་དབྱངས།
  • ཞུ་དག་པ།   བཀྲ་ཤིས་དོན་གྲུབ།  དགེ་འདུན་དོན་ཡོད།
དཀར་ཆག
༡) རྩོམ་འབྲིའི་རྒྱུན་ཤེས། ༢) རྒྱུན་མཐོང་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ། ༣) ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ།
རྩོམ་ཡིག་གི་གོ་དོན། རང་བྱུང་ཤེས་བྱའི་སྐོར། མི་སྣ་ཇི་བཞིན་དུ་བརྗོད་ཚུལ།
ཅིའི་ཕྱིར་རྩོམ་ཡིག་འབྲི་དགོས་པ། ས་རྒྱུས་ཤེས་བྱའི་སྐོར། སེམས་ཁམས་འབྲི་ཚུལ།
རྩོམ་འབྲིའི་ཕན་ཡོན། ཡུལ་སྲོལ་གོམས་གཤིས། ཕྱིར་དྲན་དང་ལྷུག་བརྗོད་སྤེལ་མ།
གསལ་བཤད་རྩོམ་ཡིག་གི་ཕན་ཡོན། འཚོ་བའི་རྒྱུན་ཤེས། མིག་འབྲི་ཚུལ།
ཅི་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར། རྩི་ཤིང་གི་རིགས། བྱ་བ་འབྲི་ཚུལ། (༡)
གསལ་བཤད་རྩོམ་ཡིག་གི་དབྱེ་བ། སྲོག་ཆགས་ཀྱི་རིགས། བྱ་བ་འབྲི་ཚུལ། (༢)
གསལ་བཤད་རྩོམ་ཡིག་དང་རྩོམ་ཡིག་གཞན་བར་གྱི་ཁྱད་པར། ཚན་རྩལ་ཤེས་བྱའི་སྐོར། གཏམ་གླེང་དང་སེམས་ཁམས་འབྲི་ཚུལ།
གསལ་བཤད་རྩོམ་ཡིག་དང་རྒྱུན་སྤྱོད་ཡིག་རིགས་བར་གྱི་འབྲེལ་བ། མི་སྣ་ངོ་སྤྲོད། གཏམ་གླེང་དང་སྐད་ཆ་འབྲི་ཚུལ།
གསལ་བཤད་རྩོམ་ཡིག་གི་འབྲི་ཐབས། དཔེ་དེབ་ཀྱི་རིགས། སྐད་ཆ་ཞིབ་བརྗོད་བྱེད་ཚུལ།
གསལ་བཤད་ཀྱི་ཐབས། འཛུགས་སྐྲུན་དངོས་པོ། བྱུང་རིམ་བཀོད་སྒྲིག་བྱེད་ཚུལ།
ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་དོན། ཡུལ་སྐོར་ལྗོངས་རྒྱུ། སོ་སོར་བརྗོད་པ་དང་མཉམ་བརྗོད་བྱེད་ཚུལ།
ཞིབ་འབྲི། ཐོན་རྫས་གསལ་བཤད། གཟུགས་བརྙན་འབྲི་ཚུལ།
རྒྱས་བཤད་དང་ཞིབ་འབྲིའི་ཁྱད་པར། འཕྲུལ་ཆས་གསལ་བཤད། ལྡོག་བརྗོད་ཀྱི་འབྲི་ཚུལ།
བློས་བསླང་དང་སྒྲིག་གཞི། སྒྲིག་སྲོལ་ལམ་ལུགས། གོ་རིམ་ཇི་བཞིན་དུ་འབྲི་ཚུལ།
དོན་ཚན། འགྲེམས་སྟོན། བར་བཅུག་གི་འབྲི་ཚུལ།
མཚམས་སྦྱོར་དང་རམ་འདེགས མཐོ་སློབ་སློབ་བསྡུའི་རྩོམ་ཡིག་གི་རྒྱུགས་གཞི། རིགས་བཀར་ནས་ཇི་བཞིན་དུ་བརྗོད་པ།
འགོ་བརྩམས་པ་དང་མཇུག་བསྡུ་ཚུལ།
ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ།
དགག་སྒྲུབ་རྩོམ་ཡིག་གི་གོ་དོན།
དགག་སྒྲུབ་རྩོམ་ཡིག་གི་ཆ་རྐྱེན།
དགག་སྒྲུབ་རྩོམ་ཡིག་གི་དབྱེ་བ།
དགག་སྒྲུབ་ཀྱི་ཐབས།
རྩོམ་ལུས།
སྙན་ངག
བརྩམས་སྒྲུང་གི་གོ་དོན།
བརྩམས་སྒྲུང་གི་ཁྱད་ཆོས།
བརྩམས་སྒྲུང་གི་དབྱེ་བ།
WordPress Lightbox