༡། ང་ལ་སྟོད་གོས་ཤིག་དགོས།

༡། ང་ལ་སྟོད་གོས་ཤིག་དགོས།

ཚོང་གཡོག   བཀྲ་ཤིས་བདེ་ལེགས། ཁྱེད་རང་འདིར་ག་རེ་གཟིགས་འདོད་ཡོད། ངས་ཕྱག་རོགས་ཞུ་ཆོག
ཚོང་ཤག      ང་ལ་སྟོད་གོས་ཤིག་དགོས།
ཚོང་གཡོག   སྟོད་གོས་འདི་གང་འདྲ་འདུག་གམ།
ཚོང་ཤག      སྟོད་གོས་འདི་ཚོས་གཞི་བཀྲག་མདངས་ཆེ་དྲགས་འདུག
ཚོང་གཡོག   སྟོད་གོས་འདི་གང་འདྲ་འདུག་གམ།
ཚོང་ཤག      འདི་ཅུང་ཟད་སྲབ་དྲགས་འདུག
ཚོང་གཡོག   སྟོད་གོས་འདི་གང་འདྲ་འདུག་གམ།
ཚོང་ཤག      འདི་རིན་གོང་ཆེ་དྲགས་འདུག
ཚོང་གཡོག   སྟོད་གོས་འདི་གང་འདྲ་འདུག་གམ།
ཚོང་ཤག      འདི་སྤུས་ཀ་ཞན་པོ་འདུག
ཚོང་གཡོག   སྟོད་གོས་འདི་གང་འདྲ་འདུག་གམ།
ཚོང་ཤག      འདི་ང་ལ་རན་པོ་མི་འདུག
ཚོང་གཡོག   འོ་ན། ཁྱེད་ལ་སྟོད་གོས་གང་འདྲ་ཞིག་དགོས་སམ།
ཚོང་ཤག      ང་ལ་རས་ཀྱི་སྟོད་གོས་མཐུག་པོ་དང་བཟོ་ལྟ་ཡག་པོ་མ་ཟད། རིན་གོང་འཚམ་པོ་ཞིག་དགོས།
ཚོང་གཡོག   ཁྱེད་ལ་འདི་འདྲ་ཞིག་དགོས་ཀྱི་འདུག་གམ།
ཚོང་ཤག      རེད། ང་སྟོད་གོས་འདི་འདྲའི་རིགས་ལ་ཧ་ཅང་དགའ་པོ་ཡོད་དེ། རིན་གོང་ཅུང་ཙམ་གཅོག་རོགས་གནང་།

ཚོང་གཡོག   དགོངས་པ་མ་འཚོམས། རིན་གོང་གཏན་འབེབས་རེད། ཡིན་ནའང། འདི་དཔེ་གསར་རེད་ད།
ཚོང་ཤག      སྟོད་གོས་འདི་སྙིང་རྗེ་པོ་ཞེ་དྲག་འདུག ང་སྟོད་གོས་དེར་སྣང་བ་ཕྱིན་སོང་། ངས་ཉོ་ཐག་ཆོད་ཡིན།

ཚོང་གཡོག   ངོ་མ། དེང་སང་འདི་དར་སོ་ཆེན་པོ་རེད། མ་ཟད་སྟོད་གོས་དེ་ཁྱེད་རང་ལ་ཧ་ཅང་རན་པོ་འདུག
ཚོང་ཤག      ཐུགས་རྗེ་ཆེ། སྟོད་གོས་འདི་ང་ལ་འཚོང་རོགས་གནང།

WordPress Lightbox