དང་པོ།

སློབ་གྲོགས་ཡག་པོ་ཞིག་བྱེད་པར་ཆ་རྐྱེན་གང་ཞིག་འཛོམས་དགོས་སམ་ཞེ་ན། སློབ་སྦྱོང་ལ་སྦྱང་བརྩོན་ཆེ་ཞིང་སྦྱངས་འབྲས་ལེགས་པ་དང། སྒྲིག་ལམ་དང་ཀུན་སྤྱོད་བཟང་བ། སྤྱི་བ་ལ་སེམས་འཁུར་ཆེ་བ། གཙང་སྦྲ་འཕྲོད་བསྟེན་ལ་དགའ་བ། ལྷག་པར་དུ་དགེ་རྒན་དང་རྒན་རབས་ལ་གུས་ཞབས་ཆེ་བར་མ་ཟད། སློབ་གྲོགས་ནང་ཁུལ་ལའང་མཐུན་སྒྲིལ་ཡག་པོ་ཡོད་པ་སོགས་ཡ་རབས་ཀྱི་སྤྱོད་བཟང་ལྡན་དགོས།

སློབ་གྲོགས་ཡག་པོའི་ཆ་རྐྱེན་ནི།

༡། སློབ་སྦྱོང་ལ་སྦྱང་བརྩོན་ཆེ་བ།
༢། ཡིག་རྒྱུགས་སྦྱངས་འབྲས་ལེགས་པ།
༣། སྒྲིག་ལམ་དང་ཀུན་སྤྱོད་བཟང་བ།
༤། སྤྱི་སེམས་ཆེ་བ།
༥། གཙང་སྦྲ་འཕྲོད་བསྟེན་ལ་དགའ་བ།
༦། དགེ་རྒན་དང་རྒན་རབས་ལ་གུས་ཞབས་ཆེ་བ།
༧། སློབ་གྲོགས་ནང་ཕན་ཚུན་མཐུན་སྒྲིལ་ཡག་པོ་ཡོད་པ།

 


WordPress Lightbox