རྣམ་དབྱེ།

རྣམ་དབྱེ་དང་པོ།

ཆོས་གཞན་དང་མ་འདྲེས་པར་རང་གི་ངོ་བོ་ཙམ་གཙོ་བོར་སྟོན་པ་ལས་ཁྱད་པར་མི་སྟོན་པའི་མིང་ཞིག་ལ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཟེར།
རྣམ་དབྱེ་དང་པོའི་དཔེར་བརྗོད་ལ་མིང་ཐམས་ཅད་འཇོག་ཏུ་རུང། དཔེར་ན། བཀྲ་ཤིས། སློབ་གྲྭ། དགེ་རྒན། ཤོག་བུ། སྐར་མ་སོགས་ལྟ་བུའོ།


 

རྣམ་དབྱེ་གཉིས་པ།

བྱ་བའི་ཡུལ་ལ་བྱ་བ་བྱེད་པ་གཙོ་བོར་སྟོན་པའི་ལ་དོན་གྱི་ཕྲད་དང་ལྡན་པ་ཞིག་ལ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཟེར།
དཔེར་ན། བཀྲ་ཤིས་སློབ་གྲྭར་ཕྱིན་སོང་། ལྟ་བུར་མཚོན་ན།

བྱ་ཡུལ་ལམ་གནས། ཕྲད།(ལ་དོན།) བྱ་བ།
སློབ་གྲྭ ར་ ཕྱིན།

 

རྣམ་དབྱེ་གསུམ་པ།

བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པར་གཙོ་བོར་སྟོན་པའི་གིས་སོགས་ཕྲད་དང་ལྡན་པ་ཞིག་ལ་རྣམ་དབྱེ་གསུམ་པ་བྱེད་སྒྲ་ཟེར།
ཕྲད་འདི་དག་བྱེད་པ་པོ་དང་ལྷན་དུ་འཇུག་ཅིང་། བྱེད་པ་པོ་ལ་བྱེད་པ་པོ་གཙོ་བོ་དང་། བྱེད་པ་པོ་ཕལ་པའམ་བྱེད་པ་གཉིས་ཡོད་པ་ལས། བྱེད་པ་པོ་གཙོ་བོ་ནི་ཕལ་ཆེར་གང་ཟག་ཡིན་ཞིང་། བྱེད་པ་པོ་ཕལ་བ་ནི་བྱ་བ་སྒྲུབ་བྱེད་ཀྱི་ལག་ཆའམ་ཐབས་ལྟ་བུ་རེད།
༡། བྱེད་པ་པོ་གཙོ་ཕལ་གཉིས་ཀར་སྦྱར་བ།
དཔེར་ན། བཀྲ་ཤིས་ཀྱིས་སྨྱུ་གུས་བོད་ཡིག་བྲིས། ལྟ་བུར་མཚོན་ན།

བྱེད་པ་པོ།

(གཙོ་བོ།)

ཕྲད།(བྱེད་སྒྲ) བྱེད་པ་པོ། (ཕལ་བ།) ཕྲད།(བྱེད་སྒྲ) བྱ་བ།
བཀྲ་ཤིས་ ཀྱིས་ སྨྱུ་གུ་ ཡིས་

བྲིས།


 

རྣམ་དབྱེ་བཞི་པ།

བྱ་བའི་ཡུལ་ལ་བྱ་བ་བྱེད་པ་དགོས་པ་གཙོ་བོར་སྟོན་པའི་ལ་དོན་གྱི་ཕྲད་ལྡན་པ་ཞིག་ལ་རྣམ་དབྱེ་བཞི་པ་དགོས་ཆེད་ཟེར།
དཔེར་ན། བཀྲ་ཤིས་བོད་ཡིག་སྦྱང་དུ་ཕྱིན། ལྟ་བུར་མཚོན་ན།

དགོས་པ།

ཕྲད། (ལ་དོན།) བྱ་བ།
བོད་ཡིག་སྦྱང་ དུ་

ཕྱིན།

 

དགོས་ཆེད་གསལ་བྱེད་ཚིག་ཕྲད་འགའ་ནི་ཆེད། ཕྱིར། དོན། སླད། བཅས་ཡིན།

རྣམ་དབྱེ་ལྔ་པ།

གང་ཞིག་གང་ལས་འབྱུང་བའི་ཁུངས་གཙོ་བོར་སྟོན་པའི་ནས་ལས་ཀྱི་ཕྲད་ལྡན་པ་ཞིག་ལ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཟེར།
དཔེར་ན། ཨ་མ་ལས་བཀྲ་ཤིས་སྐྱེས། ལྟ་བུར་མཚོན་ན།

འབྱུང་གཞི།

ཕྲད། (འབྱུང་ཁུངས།) བྱུང་ཆོས།
ཨ་མ་ ལས་

བཀྲ་ཤིས།


 

རྣམ་དབྱེ་དྲུག་པ།

ཆོས་སྔ་མ་དང་ཕྱི་མ་གཉིས་ཀྱི་འབྲེལ་བ་གཙོ་བོར་སྟོན་པའི་གི་སོགས་ཀྱི་ཕྲད་དང་ལྡན་པ་ཞིག་ལ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཟེར།
དཔེར་ན། འདི་བཀྲ་ཤིས་ཀྱི་སྨྱུ་གུ་རེད། ལྟ་བུར་མཚོན་ན།

འབྲེལ་གཞི།

ཕྲད། (འབྲེལ་སྒྲ) འབྲེལ་ཆོས།
བཀྲ་ཤིས་ ཀྱི་

སྨྱུ་གུ།


 

རྣམ་དབྱེ་བདུན་པ།

ཡུལ་ཞིག་ལ་དངོས་པོ་གང་རུང་ཞིག་གནས་པའམ་ཡོད་པ་གཙོ་བོར་སྟོན་པའི་ལ་དོན་གྱི་ཕྲད་དང་ལྡན་པ་ཞིག་ལ་རྣམ་དབྱེ་བདུན་པ་རྟེན་གནས་ཟེར།
དཔེར་ན། བཀྲ་ཤིས་ལ་སྨྱུག་གུ་མང་པོ་འདུག ལྟ་བུར་མཚོན་ན།

ཡུལ།

ཕྲད། (ལ་དོན) དངོས་པོའམ་ཆོས།
བཀྲ་ཤིས་ ལ་

སྨྱུ་གུ།

རྣམ་དབྱེ་བདུན་པ་གསལ་བྱེད་ཀྱི་སྒྲ་ནི། ཡོད། ལྡན། འདུག མཆིས། གནས། གྲུབ། ཆགས། བརྟེན། སྐྱེས། མང་། གདའ། མངའ་བཅས་སོ། །


 

རྣམ་དབྱེ་བརྒྱད་པ།

མིང་གི་ཐོག་མཐའ་བར་གསུམ་དུ་ཀྱེ་སོགས་སྦྱར་ནས་གཞན་ཕ་རོལ་པོ་འབོད་པའི་རྣམ་དབྱེ་ལ་བརྒྱད་པ་འབོད་སྒྲ་ཟེར།
དཔེར་ན། ཝ་ཡེ་བཀྲ་ཤིས་འདིར་ཤོག་དང་། ལྟ་བུ།


ཚིག་ཕྲད།

WordPress Lightbox