ཕུར་བུ།   ཁྱེད་ཀྱི་མིང་ལ་གང་ཡིན་ནམ།
སྒྲོལ་མ།   ངའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ཕུར་བུ།   ངའི་མིང་ལ་ཕུར་བུ་ཟེར་གྱི་ཡོད།
སྒྲོལ་མ།   ཁྱེད་ཀྱིས་བོད་སྐད་ཡག་པོ་བསྐྱོན་གནང་སོང་།
ཕུར་བུ།   ཐུགས་རྗེ་ཆེ།
སྒྲོལ་མ།   ཁྱེད་ཀྱི་སྐད་ཆར་བསྲེས་ལྷད་མེད་པར་བོད་སྐད་བདེ་པོ་བསྐྱོན་གནང་སོང་།
ཕུར་བུ།   ཕ་མ་གཉིས་ཀྱིས་ང་བོད་ཀྱི་མཐོ་སློབ་ཏུ་བོད་ཡིག་སྦྱང་དུ་བཏང་བའི་དྲིན་གྱིས་རེད།
སྒྲོལ་མ།   བྱས་ན། ཁྱེད་རང་བོད་པའི་ཁོར་ཡུག་ཡོད་ས་ཞིག་ཏུ་འཚར་ལོངས་བྱུང་འདུག
ཕུར་བུ།   རེད། ངས་རྒྱུན་དུ་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ལ། ཕ་མ་སྤུན་མཆེད་ཚོས་ང་ལ་བོད་སྐད་མ་གཏོགས་བཤད་ཀྱི་མ་རེད།
སྒྲོལ་མ།   ཁྱེད་ཀྱིས་ཆུང་དུས་ནས་བོད་སྐད་ལ་ཐུགས་སྣང་གནང་བ་དེར་ཧ་ཅང་ཡག་པོ་རེད།
ཕུར་བུ།   ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་སྦྱོང་གི་ཡོད་ལ། བོད་པས་བོད་སྐད་ཤོད་ཤེས་དགོས། བོད་པས་བོད་སྐད་མ་ཤེས་ན་ངོ་ཚ་མ་རེད་དམ།
སྒྲོལ་མ།   བདེན་པ་རེད། ང་ཚོས་ངེས་པར་དུ་བོད་སྐད་ཚད་ལྡན་ཞིག་བསྐྱོན་ཐུབ་པ་དགོས།