ནད་རྙིང་ལངས་པ། བདེ་སྡུག་དྲིས་པ། མཆུ་སྒྲོས་སྐམ་པ། ཆུ་དམ་བླངས་པ། ཆུ་ཐིགས་ཐིགས་པ། ཆབ་རོམ་ཞུ་བ། ཆུ་འཐུངབ། སེམས་འགུལ་ཐེབས་པ། མཆི་མ་བཞུར་བ།
གྲང་ངར་ཆེ་བའི་ཉིན་ཞིག་ལ། སྐལ་བཟང་གི་ཕོ་བའི་ནད་རྙིང་ལངས་ཡོད་པ་དྲན་ནས་སེམས་མ་བདེ་བ་གྱུར། འཕྲལ་དུ་སྐལ་བཟང་གི་གམ་དུ་བརྒྱུགས་ཏེ། བྱམས་བརྩེས་ངང་ནས་བདེ་སྡུག་དྲིས་པ་དང། སྐལ་བཟང་གི་ཕྲག་སྟེང་གི་དཔེ་ཁུག་ཚུར་བླངས་ཏེ་ང་རང་གིས་ཁུར། ངས་སྐལ་བཟང་སྐོམ་ནས་མཆུ་སྒྲོས་སྐམ་ཡོད་པ་མཐོང་མ་ཐག མྱུར་དུ་རང་གི་ཆུ་དམ་བླངས་ཏེ་སྐལ་བཟང་ལ་ཆུ་འཐུང་དུ་འཇུག་བསམ་ཡང་། ཆུ་འཁྱག་པ་ཆགས་ནས་ཆུ་ཐིགས་གཅིག་ཀྱང་ཐིགས་རྒྱུ་མི་འདུག། གྲོགས་པོ་ལ་འཐུང་ཆུ་ཞིག་གང་དུ་བཙལ་བར་འགྲོ་འམ། སྐབས་དེར། ཕ་མས་དུས་རྟག་ཏུ་གྲོགས་པོ་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་ཞེས་པའི་བཀའ་སློབ་སེམས་སུ་དྲན་ཏེ། ཆུ་གྲང་མོ་འཐུངས་ན་ཁོའི་ཕོ་བའི་ནད་གཞི་ཇེ་སྡུག་ཏུ་འགྱུར་བར་སེམས་ཏེ། ཐེ་ཚོམ་སྤུ་ཙམ་མེད་པར་ཆུ་དམ་རང་གི་རུམ་དུ་བཅུག་སྟེ་བྲང་ཁར་གླན་ནས་ལུས་དྲོད་ཀྱིས་ཆུ་གྲང་མོ་དྲོས་སུ་བཅུག། ཆབ་རོམ་ཞུ་ནས་དྲོས་པ་དང། སྐལ་བཟང་གིས་ཆུ་འཐུང་སྐབས་སེམས་འགུལ་ཐེབས་པའི་མཆི་མ་བར་མེད་དུ་བཞུར།
 
བྱ་ཚིག།
ལངས། དྲན། གྱུར། བརྒྱུགས། དྲིས། བླངས། ཁུར། སྐོམ། སྐམ། མཐོང་། བླངས། འཇུག ཆགས། ཐིགས། བཙལ། འགྲོ། སེམས། བཅུག གླན། དྲོས། ཞུ། འཐུང་། ཐེབས། བཞུར།