ཐུབ་བསྟན།    དེ་རིང་ཚེས་པ་ག་ཚོད་རེད་དམ།
དགེ་ལེགས།   དེ་རིང་ཕྱི་ཟླ་ལྔ་པའི་ཚེས་གཅིག་རེད། ཁྱེད་རང་གུང་སེང་ལ་ནམ་ཕེབས་ཀྱི་ཡིན་ནམ།
ཐུབ་བསྟན།    ང་གཟའ་ཉི་མར་འཐོན་གྱི་ཡིན།
དགེ་ལེགས།   བྱས་ན་སང་ཉིན་ཁྱེད་རང་སོག་ཡུལ་དུ་ཕེབས་མཁན་རེད་འདུག
ཐུབ་བསྟན།    རེད། ང་ཉིན་རྗེས་མར་འཐོན་མཁན་ཡིན།
དགེ་ལེགས།   ཁྱེད་རང་སོག་ཡུལ་དུ་ཡུན་རིང་པོ་བཞུགས་རྩིས་ཡོད་དམ།
ཐུབ་བསྟན།    ང་ཚོ་དེར་བདུན་ཕྲག་གཉིས་ཙམ་སྡོད་རྩིས་ཡོད།
དགེ་ལེགས།   ཁྱེད་རང་ག་དུས་ཕྱིར་ལོག་ཕེབས་ཀྱི་ཡིན་ནམ།
ཐུབ་བསྟན།    གཅིག་བྱས་ན། ང་ཕྱི་ཚེས་བཅུ་བདུན་ཉིན་ཕྱིར་ལོག་ཡོང་གི་ཡིན།
དགེ་ལེགས།   བྱས་ན། སྐུ་གཟུགས་ལ་ཐུགས་བཅག་གནང་དགོས། ག་ལེར་ཕེབས་ཨང་།
ཐུབ་བསྟན།    བཞུགས་ཨང་། རྗེས་ལ་མཇལ་ཡོང་།