གྲུ་བཏང་བ། སེམས་པ་ཤོར་བ། གཉེན་སྒྲིག་བྱེད་པ། སེམས་ལ་བཞག་པ། ཡི་གེ་གཏོང་བ། ལག་རྟགས་བསྐུར་བ། ལག་སོན་བྱུང་བ།
དངོས་གྲུབ་ནི་ན་གཞོན་གྲུ་པ་ཞིག་ཡིན་ཞིང་། མ་གཞི་ཁོང་ཨིན་ཡུལ་(England)དུ་སྡོད་ཀྱི་ཡོད་ཀྱང་རྟག་པར་གྲུ་བཏང་ནས་ཕྱི་ལ་བསྐྱོད་དགོས་ཀྱི་ཡོད།
དབྱར་ཁ་ཞིག་ཁོང་ཐག་རིང་ནས་ཚུར་ལོག་ཡོང་སྐབས། ཁོང་གི་ཨ་མའི་ཁང་པའི་ཉེ་འགྲམ་དུ་ཁྱིམ་མཚེས་གསར་པ་ཞིག་སྤོས་ཡོད་པ་མཐོང་ཞིང་། ཁྱིམ་མཚེས་དེར་བུ་མོ་མཛེས་མ་ཞིག་ཡོད་པ་དེར་ཁོ་ལམ་སང་སེམས་པ་ཤོར།
ཁོས་བུ་མོ་དེར་ “ང་ཁྱེད་རང་ལ་དགའ་པོ་ཡོད། ཉིན་ཁ་ཤས་སོང་རྗེས་ང་སླར་ཡང་རྒྱ་མཚོའི་ཐོག་བསྐྱོད་དགོས་ཀྱི་འདུག དེ་ནས་ཚུར་སླེབས་པ་དང་ངེད་གཉིས་གཉེན་སྒྲིག་བྱས་ཆོག་གི་རེད། ངས་ནམ་ཡང་ཁྱེད་རང་སེམས་ལ་བཞག་ནས་ཡི་གེ་རྟག་པར་གཏོང་རྒྱུ་མ་ཟད། གྲུ་ཚུགས་རེ་རེར་འབྱོར་བ་དང་ལག་རྟགས་རེ་བསྐུར་ཡོང་” ཞེས་སྨྲས།
ཐེངས་དང་པོར་འབྱོར་སའི་གྲུ་ཚུགས་དེ་ཨ་ཕི་རི་ཁའི་གླིང་ནས་ཡིན་ཞིང་། དེ་ནས་ཁོང་གིས་བུ་མོ་དེར་ནེ་ཙོ་སྐད་རིགས་ལྔ་ཤེས་མཁན་ཞིག་བསྐུར། དངོས་གྲུབ་ཀྱི་གྲུ་གཟིངས་ཨོ་སི་ཊོ་ལི་ཡ་(Australia)རུ་སླེབས་པ་དང་། ཁོང་ལ་བུ་མོ་དེའི་ཡིག་ལན་གཅིག་ལག་སོན་བྱུང་བ་དེའི་ནང་ “ཁྱེད་ཀྱིས་ནེ་ཙོ་གཅིག་བསྐུར་གནང་བར་ཐུགས་རྗེ་ཆེ། དེའི་ཤ་བྱ་ཤ་ལས་བྲོ་བ་ཞེ་དྲག་གིས་ཆེ་བ་འདུག་” ཅེས་འཁོད་ཡོད།