གྲོགས་བརྒྱ་ཡོད་ནའང་ཉུང་སྐྱོན་དང་། དགྲ་གཅིག་ཡོད་ནའང་མང་སྐྱོན་ཡིན་པས། གཞན་ལ་འཇམ་པོ་བྱས་ན་མཐུན་པའི་གཞི་ཡིན་པ་ལྟར། སློབ་གྲོགས་དང་ངོ་ཤེས་རིགས་ལ་རྩ་བའི་མཐུན་ལམ་བཟང་པོ་ཡོད་པ་གང་ཞིག་ལ། ཉེ་འགྱངས་འཚམས་པོ་ཞིག་བྱས་ན་ཕུགས་ལ་བརྟན་པ་ཡོང་། སྔ་གྲོགས་དགོང་དགྲར་སོང་བ་ཡོད་པས་ཐོག་མར་བརྟག་དཔྱད་མ་བྱས་པར་ཨ་གསར་གྱིས་མགོ་མཇུག་ཁ་མི་བྲལ་བ་ལྟར་མི་གཅིག་སྙིང་གཅིག་ལྟ་བུ་བྱས་རྗེས་སུ་ཕྲན་བུ་མི་མཐུན་པ་བྱུང་བ་དང། རྒྱང་ཐག་རིང་དུ་བཏང་སྟེ་རྒྱབ་བཤད་བྱེད་རེས་བྱེད་པ་འདི་ཧ་ཅང་ཐབས་སྡུག་གི་བྱ་བ་ཡིན་པས། དེ་རིགས་མི་ཡོང་བ་སྔོན་ནས་གཟབ་དགོས།


བསྟན་དོན། གསར་གྲོགས་སྤོངས་ཏེ་ཀུན་དང་མཐུན་ལམ་ཉེ་འགྱངས་འཚམ་པོ་བྱེད་དགོས་པར་བསྟན།