གཉེན་སྒྲིག་གི་རྟེན་འབྲེལ་དགའ་སྟོན་སྐབས་རང་དང་འབྲེལ་ཡོད་ངོ་ཤེས་ཀྱི་གྲྭ་བཙུན་རིགས་ལ་སྤྱིི་མཚུངས་མགྲོན་ཤོག་འབུལ་མི་རུང་། གལ་ཏེ་རང་ཉིད་ཀྱི་མི་ཚེ་ཆོས་འབྱོར་དགའ་བདེའི་དཔལ་ལ་ལོངས་སྤྱོད་རྒྱུ་ཡོང་བའི་སྨོན་ལམ་རེ་སྐུལ་འདྲ་ཞུ་རྒྱུ་ཡོད་ན། རྟེན་འབྲེལ་གྱི་སྔོན་རྗེས་གང་རུང་དུ་ཟུར་མཇལ་གྱིས་སྐྱབས་འཇུག་ཞུ་བའམ། ཡང་ན་སྔ་རྗེས་གང་རུང་ལ་ཁྱིམ་དུ་གདན་ཞུ་བྱས་ན་འགྲིག དེ་མིན་འཇིག་རྟེན་གཉེན་སྒྲིག་དགའ་སྟོན་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་གྲྭ་བཙུན་གདན་འདྲེན་ཞུས་ན། འཇིག་རྟེན་ཡ་རབས་ཀྱི་ཀུན་སྤྱོད་དང་ཡང་མི་མཐུན་པས་དེ་དག་བློ་འཇགས་བྱ་དགོས།


བསྟན་དོན། གཉེན་སྒྲིག་གི་དགའ་སྟོན་ཉིན་གྲྭ་བཙུན་མགྲོན་འབོད་བྱེད་མི་རིགས་པར་བསྟན།