བྱམས་དྲགས་པ་རང་གི་བུ་ལའང་མ་བྱེད། དེ་ལྟར་བྱེད་ན་སྲོལ་བཟང་གྲལ་དུ་མི་ཚུད་པ་གཅེས་ལང་ཤོར་ཉེན་ཡོད། རང་གི་བུ་ཕྲུག་ལ་ལྟ་རྟོག་གཅེས་སྐྱོང་བྱེད་དགོས་ངེས་ཀྱང་། གཅེས་ལང་དུ་མ་སོང་བ་དང་། ནོར་འཁྲུལ་ཡོད་རིགས་ལ་སྐབས་འཕྲལ་ཡོ་བསྲང་གི་བསླབ་བྱ་ཚ་འཇམ་གང་འོས་བྱས་ནས། ཡ་རབས་བཟང་པོའི་གྲལ་ལ་ཚུད་པར་བྱེད་དགོས།


བསྟན་དོན། ཕ་མས་རང་ཕྲུག་གཅེས་ལང་དུ་གཏོང་མི་ཉན་པར་བསྟན།