ལས་ཀའི་ཐོག་བྱས་རྗེས་ཡོད་མཁན་ལ་ཚོགས་འདུའི་ཐོག་གཟེངས་བསྟོད་དང་། ནོར་འཁྲུལ་ཡོད་རིགས་ཚོགས་འདུའི་ཐོག་དམར་རྗེན་མ་བཏོན་པར། སྤྱིར་བཏང་གོ་བརྡ་ཙམ་སྤྲད་དེ་ཟུར་དུ་ཐུག་ནས་སྐྱོན་འདི་དང་འདི་ཞེས་ར་སྤྲོད་ཀྱིས་ཡོ་བསྲང་བྱེད་པའི་ཁ་ཕྱོགས་ཀྱང་སྟོན་དགོས། གང་ལྟར་ལས་དོན་ཡར་རྒྱས་ཚགས་ཚུད་ཡོང་ཐབས་སུ་མཉམ་ལས་མཉམ་རུབ་བྱེད་དགོས། ང་དང་ངས། ངའི་ཞེས་བརྗོད་ཚིག་དོར་ཏེ། ང་ཚོ་ཞེས་པའི་མིང་ཚིག་བེད་སྤྱོད་བཏང་ན། མང་ཚོགས་ཀྱི་རྣ་བར་སྙན་པ་དང་གྲུབ་འབྲས་ཐོན་རྒྱུར་ཡང་ཁྱད་པར་ཡོད།


བསྟན་དོན། བྱས་རྗེས་ཅན་ལ་གཟེངས་བསྟོད་དང་ནོར་འཁྲུལ་ཅན་ལ་ཐེར་འདོན་བྱེད་དགོས་པར་བསྟན།