ཆང་ས་བརྒྱབ་པ། རྒྱག་རེས་ཤོར་བ། དགོང་ཟས་བཟོས་པ། འཕྲོ་བརླག་ཕྱིན་པ། འབུད་རྒྱག་བཏང་བ། རྦབ་འདྲིལ་ལོག ཇུས་གཏོགས་བྱེད་པ། སྒྲ་ཐོས་པ། སྒོ་བརྡུངས་པ། སྐད་བརྒྱབ་བ། ལན་བཏབ་པ།
སྨོན་ལམ་གྱི་ཨ་ཅེ་དང་པོ་དེ་གྲོངས་རྗེས་ཁོས་སླར་ཡང་ཆང་ས་ཞིག་བརྒྱབ། ཨ་ཅེ་གཉིས་པ་དེ་ཁོ་རང་ལས་ཞེ་དྲག་གིས་གཞོན་པ་ཡོད་ཅིང་། ཁོང་གཉིས་རྟག་པར་རྒྱག་རེས་ཤོར་གྱི་ཡོད། དགོང་མོ་ཞིག་ལ་ཁོ་ནང་དུ་ལོག་ཡས་ཧ་ཅང་འཕྱི་པོ་ཡིན་སྟབས། ཁོའི་ཨ་ཅེས་ཁོང་ཁྲོ་ཆེན་པོའི་སྒོ་ནས་ “ཆུ་ཚོད་གཉིས་ཀྱི་གོང་ནས་ངས་ཁྱེད་རང་གི་དགོང་ཟས་བཟོས་ཚར། ད་ཁ་ལག་འཕྲོ་བརླག་ཕྱིན་བཞག་” ཅེས་ལབ་ནས་ཁོ་འབུད་རྒྱག་བཏང་། མོ་ཤུགས་ཆེན་པོ་ཡོད་པ་དང་། ཁོ་རྒས་ཤིང་གཟུགས་པོའང་སྐྱོ་བོ་ཡིན་སྟབས། ཁོ་ཐོག་ཁང་གི་རྡོ་བཀྱག་སྟེང་ནས་རྦབ་འདྲིལ་ལོག
སྨོན་ལམ་གྱི་གྲོང་པ་ཞིག་ག་དུས་ཡིན་རུང་མི་ཚང་གཞན་གྱི་ནང་གནས་ཚུལ་ག་རེ་བྱུང་མིན་ལ་ཇུས་གཏོགས་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། མོས་སྨོན་ལམ་རྡོ་བཀྱག་སྟེང་ནས་རྦབ་འདྲིལ་ལོག་པའི་སྒྲ་ཐོས་རྗེས། ལམ་སང་སྨོན་ལམ་གྱི་མདུན་སྒོར་ཡོང་ནས་སྒོ་བརྡུངས་ཏེ་ “ག་རེ་བྱས་སོང་ངམ་” ཟེར་བས། ཁོས་ “ངའི་སྟོད་གོས་རྡོ་བཀྱག་སྟེང་ནས་རྦབ་འདྲིལ་ཤོར་སོང་” ཞེས་ལན་བཏབ།
གྲོང་པས་ “སྟོད་གོས་ཀྱིས་སྐད་ཆེན་པོ་དེ་འདྲ་བརྒྱབ་ཨེ་ཡོང་ངམ་ “ཟེར་བས། ཁོས་ ” ཡིན་དགོས་བྱུང་། གལ་སྲིད་ང་དེའི་ནང་དུ་ཡོད་པ་ཡིན་ན་” ཞེས་ལན་བཏབ་བོ། །