འཕྲོད་བསྟེན་དང་ལུས་སྦྱོང་གི་བསླབ་གཞི་ནི་སློབ་ཕྲུག་དང་སྤྱི་ཚོགས་ཁྱོན་ཡོངས་དང་འབྲེལ་བ་ཞིག་ཡིན། འདིའི་ནང་གཟུགས་པོའི་འཕྲོད་བསྟེན་ལས་གཞན་སློབ་ཕྲུག་གི་སེམས་ཁམས་དང་། ཡིད་འགྱུར་ཚོར་བ་ (Emotion) ཡང་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་མཐུན་ཚོགས་ (WHO) ཀྱིས་འཕྲོད་བསྟེན་ནི་རིམས་ནད་དང་ནད་མནར་མེད་པ་གཅིག་པུ་མིན་པར་མིའི་ལུས་ཁམས་དང་། སེམས་ཁམས། སྤྱི་ཚོགས་འཕྲོད་བསྟེན་ཀྱི་གནས་བབ་བཅས་ཡིན་པར་འགྲེལ་བརྗོད་བྱེད་པ་རེད། འཕྲོད་བསྟེན་དང་ལུས་སྦྱོང་བསླབ་གཞིའི་དམིགས་ཡུལ་ནི། སློབ་ཕྲུག་ཚོས་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ཡོང་བར་བྱས་པ་བརྒྱུད། འགྲོ་བ་མིའི་རིགས་ཡོངས་ཀྱི་ཤེས་ཡོན་ཞིག་ཏུ་འགྱུར་བར་བྱེད་དགོས། ཕྱོགས་དེའི་ཐད་ནས་བལྟས་ན། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ནི་ལུས་རྩལ་སློབ་སྦྱོང་གི་རྨང་གཞི་ཡིན་པར་བཤད་མ་དགོས། སློབ་གྲྭའི་སྐབས་སུ་མཛེས་དཔྱོད་ཀྱི་རིན་ཐང་གོང་སྤེལ་བྱེད་པའི་བསམ་སྤྱོད་གང་ཞིག་ཡིན་ཡང་ལུས་པོའི་འཕྲོད་བསྟེན་ལ་བརྩི་མཐོང་བྱེད་རྒྱུ་ཚུད་དགོས་ཏེ། ལུས་པོར་དབང་འབྱོར་བ་དང། དེ་སྟོབས་དང་ལྡན་ཞིང་ཁྱད་ཆོས་ལྡན་པ་ཞིག་ཡོང་བ། དེའི་སྐོར་གྱི་ཤེས་བྱ་ཐོབ་པར་བྱས་ཏེ་གོ་རིམ་ལྡན་པའི་སྦྱོང་བརྡར་བྱེད་པ་བཅས་ཡིན། ལུས་སྦྱོང་ནི་སློབ་ཕྲུག་གི་ལུས་སེམས་བདེ་ཐང་དང། གཟུགས་སྟོབས་རྒྱས་ཤིང་མྱུར་རྩལ་ལྡན་པ། དགོས་ངེས་དང་ཐབས་ཇུས་ལྡན་པའི་རྩལ་སྦྱོང་། ཤ་གནད་དང་དབང་རྩའི་ནུས་པ་གོང་སྤེལ། གཟུགས་པོའི་མཛེས་ཉམས་དར་ཞིང་རྒྱས་པ། སེམས་ཤུགས་བསྐྱེད་པ། གཙང་སྦྲ་ལྡན་ཞིང་ཟས་སྤྱོད་འཕྲོད་བསྟེན་དང་མཐུན་པར་བྱེད་པའི་གོམས་གཤིས་འཇགས་པར་བྱེད་པ་བཅས་ཡིན་པར་བརྟེན་བསླབ་གཞིའི་རྩ་འཛིན་ནང་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱེད་དགོས། གོང་གསལ་དམིགས་ཚད་རྣམས་ལེགས་གྲུབ་བྱུང་སླད། འཕྲོད་བསྟེན་དང་ལུས་སྦྱོང་གི་སློབ་ཚན་ཅི་འདྲ་ཞིག་ཡིན་རུང་སློབ་ཕྲུག་ཚོར་སྤྲོ་སྣང་དང་བདེ་ཐང་བསྐྲུན་པ། ལུས་སེམས་ཀྱི་ནུས་རྩལ་གོང་སྤེལ། འཕྲོད་བསྟེན་གྱི་གོ་རྟོགས་ཡར་རྒྱས། རང་དང་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་ཀྱི་ནུས་རྩལ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་ཁ་ཕྱོགས་དམ་འཛིན་བྱ་དགོས། འཕྲོད་བསྟེན་དང་ལུས་སྦྱོང་བསླབ་གཞི་ཁྲིད་སྟོན་ཆེད་བདུན་རེར་དངོས་གཞིའི་ཚོགས་ཐུན་ ༢ ལས་མ་ཉུང་བ་དགོས་པའི་ཁར། སྔ་དགོང་སོགས་ཀྱི་དུས་ཚོད་གང་མང་གོ་སྒྲིག་བྱ་དགོས། བསླབ་གཞིིའི་རྩ་འཛིན་གྱི་དམིགས་ཚད་ནི། སློབ་ཕྲུག་རྣམས་ལ་ལུས་སྦྱོང་དང་འཕྲོད་བསྟེན་གྱི་གོམས་གཤིས་དང་སྤྱོད་ལམ་རང་རྒྱུད་ལ་འཇགས་སུ་བཅུག་སྟེ་ཕྱོགས་ཡོངས་ཀྱི་གོ་རྟོགས་སྤེལ་བ་དང་། ཁོང་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་གོང་འཕེལ་ཡོང་བར་བྱེད་པ། སློབ་ཕྲུག་གི་ལུས་དང་། སེམས། ཚོར་བ་བཅས་བདེ་ཐང་ཡོང་བར་བྱས་ཏེ། ཁོང་ཚོའི་རང་ཉིད་དང་སྤྱི་ཚོགས་ཀྱི་གནས་བབ་གོང་འཕེལ་བཏང་སྟེ། མི་ཡག་ཤོས་ཤིག་ཏུ་འགྱུར་བར་བྱེད་པ། འཕྲོད་བསྟེན་དང་ལུས་སྦྱོང་ཐོག་ཚན་རིག་དང་མཐུན་པའི་བསམ་བློའི་ལྟ་སྟངས་གོང་འཕེལ་གཏོང་བ། མི་སྒེར་དང། ཁྱིམ་ཚང། སྤྱི་ཚོགས་ཐོག་གི་འཕྲོད་བསྟེན་གྱི་དཀའ་ངལ་ངོས་འཛིན་དང་། འབྲེལ་ཡོད་ཀྱི་ཚན་རིག་གི་ཤེས་བྱ་དང་གནས་ཚུལ་ཐོབ་པར་བྱས་ཏེ་དེ་དག་སྔོན་འགོག་དང་སྟངས་འཛིན་གྱིས་བདེ་ཐང་ཡོང་བར་བྱེད་པ། མི་སྒེར་རམ་ཚོགས་སྡེ་གཞན་དང་མཉམ་འབྲེལ་གྱིས་རང་ཉིད་དང་། ཁྱིམ་ཚང། མཐའ་འཁོར་བཅས་ཀྱི་མི་མང་གི་བདེ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་དགོས་ངེས་བྱེད་ཐབས་ཁག་བསྔོགས་འདོན་གྱིས་ཐོབ་པར་བྱེད་དགོས། ཁྱིམ་ཚང་དང་སྤྱི་ཚོགས་ནང་དུ་སྔོན་འགོག་རང་བཞིན་དང་གོང་སྤེལ་རང་བཞིན་གྱི་རང་ཉིད་ལྟ་སྐྱོང་གི་སྤྱོད་ལམ་གོང་སྤེལ་གཏོང་བ། སྤྱི་ཚོགས་ནང་དུ་ HIV […]
ག༽ སྐྱེ་དངོས་རིག་པ། (BIOLOG
གཞི་རིམ་གོང་མའི་སྐྱེ་དངོས་རིག་པའི་བསླབ་གཞིའི་ནང་གསར་རྟོགས་དང། གསར་གཏོད། ཁོར་ཡུག བཟོ་གྲྭ འཕྲོད་བསྟེན། ཞིང་ལས་སོགས་མི་ཚེའི་དངོས་མྱོང་གི་དཀའ་རྙོག་རྣམས་སྐྱེ་དངོས་རིག་པར་བརྟེན་ནས་སེལ་ཐབས་བྱེད་པའི་སྐོར་མང་ཙམ་འགོད་པ་དང། བསླབ་གཞིའི་ཁུར་པོ་ཡང་དུ་བཏང་ནས་སྐྱེ་དངོས་རིག་པའི་གཞི་རྩའི་གནད་དོན་ཁག་ཤེས་པར་བྱེད་པ་དང། སྐྱེ་དངོས་རིག་པར་སྦྱོང་རྒྱུར་སྤྲོ་སྣང་སྐྱེ་ཐབས་བྱ་དགོས། སྐྱེ་དངོས་རིག་པའི་གཞི་རིམ་ལྟ་གྲུབ་ཤེས་རྟོགས་ཐུབ་པ་བྱ་རྒྱུ། སྦྱང་བྱའི་སློབ་ཚན་ཁག་རང་སྒེར་དང་སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་ཐུབ་པ་བྱ་རྒྱུ། མི་འབོར་དང། ཁོར་ཡུག འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་རྒྱུ་མཚན་ལྡན་པའི་གོ་རྟོགས་དང་རྣམ་དཔྱོད་བསྐྲུན་རྒྱུ་དང། དེ་དག་དཀའ་ངལ་ལ་གདོང་ལེན་བྱ་ཐབས། འཛམ་གླིང་ནང་འཚོ་ཐབས་དང་འཕེལ་རྒྱས་སོགས་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་པས། སྐྱེ་དངོས་རིག་པའི་རྣམ་བཞག་ལ་བརྟེན་ནས་སྣ་མང་གི་ཁྱད་ཆོས་ དག་ལ་གུས་བརྩི་བྱེད་པའི་གོ་རྟོགས་བསྐྱེད་ཐབས། འཛིན་རིམ་བཅུ་གཅིག་པ། སྐྱེ་དངོས་རིག་པ། སྡེ་ཚན་༡། སྐྱེ་དངོས་འཇིག་རྟེན་གྱི་སྣ་མང་རང་བཞིན། (Diversity in Living World) སྐྱེ་དངོས་ཀྱི་སྣ་མང་རང་བཞིན། (Diversity of Living Organisms) སྐྱེ་དངོས་ཀྱི་དབྱེ་བ། (Classification of the living organisms) གོ་རིམ་ལྡན་པ་དང་མིང་ཚིག་གཉིས་ཐབས་ཀྱི་བརྡ་སྦྱོར་རིག་པ། (Systematic and binomial System of nomenclature) སེམས་ཅན་གྱི་དམིགས་བསལ་ཁྱད་ཆོས། (Salient features of animal) རྩི་ཤིང་གི་དབྱེ་བ། (Classification of plant) གཉན་སྲིན། (Virus) ཤིང་འབུ། […]
ཁ༽ རྫས་འགྱུར་རིག་པ། (CHEM
གཞི་རིམ་གོང་མ་ནི་སློབ་གྲྭའི་དུས་སྐབས་གལ་ཆེ་ཤོས་དེ་ཡིན། དུས་སྐབས་འདིར་སློབ་ཕྲུག་ཚོས་སྤྱིར་བཏང་སློབ་སྦྱོང་ནས་ཆེད་ལས་སློབ་སྦྱོང་བྱེད་པའི་དུས་རིམ་ཞིག་ཡིན་པས། གཞི་རིམ་བར་འོག་གི་ལོ་ངོ་བཅུའི་སློབ་ཁྲིད་དུས་ཡུན་ཁྲོད་སློབ་མ་རྣམས་ལ་སྨན་པ་དང། སྨན་སྦྱོར། བཟོ་སྐྲུན། འཕྲུལ་ལས་སོགས་ཀྱི་ལས་རིགས་ཐོག་ཚན་རིག་སློབ་སྦྱོང་གི་ངོ་སྤྲོད་སྤྱི་ཙམ་པ་ཞིག་ལས་གཞི་རྐང་ཚུགས་པའི་ཆེད་ལས་སློབ་སྦྱོང་སྤྲད་མེད་པས། གཞི་རིམ་གོང་མའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་གཞིའི་ནང་རྫས་འགྱུར་རིག་པའི་སློབ་ཚན་གཏིང་ཟབ་ཙམ་ཚུད་པར་བྱས་ནས། མཐོ་སློབ་དང་རྫས་འགྱུར་དང་འབྲེལ་བའི་ལས་རིགས་ཀྱི་གནད་དོན་གང་ལའང་གདོང་ལེན་བྱ་ཐུབ་པའི་གོ་ཆ་བསྐྲུན་དགོས། IUPAC དང་CGPM སོགས་རྒྱལ་སྤྱིའི་རྫས་འགྱུར་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་རྫས་གྱི་མིང་འདོགས་ཚུལ་དང། རྫས་ཀྱི་ཆོ་ག རྫས་ཀྱི་གཅིག་འགྱུར་མཚོན་རྟགས་སོགས་ལ་གལ་འགངས་ཧ་ཅང་ཆེན་པོར་བརྩི་དགོས་པ་མ་ཟད། ཤེས་རིག་ལས་ཁུངས་ནས་གཏན་འབེབས་བྱས་པའི་<<རྫས་འགྱུར་རིག་པའི་ཐ་སྙད་འབྲི་ཀློག་རྣམ་བཞག>>ལས་ཀྱང་གལ་ཆེའི་ལེགས་ཆ་བླངས་ནས་བསླབ་གཞིའི་རྩ་འཛིན་ནང་བཀོལ་སྤྱོད་ཐུབ་པ་བྱ་དགོས། དམིགས་ཚད། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་རྫས་འགྱུར་རིག་པའི་བསླབ་གཞིའི་དམིགས་ཚད་ནི། རྫས་འགྱུར་རིག་པའི་གཞི་རིམ་གོ་དོན་ཤེས་རྟོགས་ཐུབ་པ་བྱས་ནས། རྫས་འགྱུར་རིག་པར་སྤྲོ་སྣང་སླེབས་པ་བྱ་རྒྱུ། སློབ་ཕྲུག་རྣམས་སློབ་སྦྱོང་དང་ཆེད་ལས་ལས་རིགས་ (སྨན་སྦྱོར། བཟོ་སྐྲུན། འཕྲུལ་ལས་སོགས།) ཐོག་སློབ་གཉེར་གཏིང་ཟབ་བྱ་ཐུབ་པ་བཟོ་ཐབས། སློབ་ཕྲུག་རྣམས་གསར་དུ་ཐོན་པའི་རྫས་འགྱུར་རིག་པའི་ཁྱབ་ཁོངས་སློབ་ཚན་དང་ལས་རིགས་སོགས་ལ་གོ་རྒྱ་སྐྱེད་པར་བྱས་སྟེ། རང་གིས་སྦྱངས་པའི་སློབ་ ཚན་ཁག་འབྱུང་འགྱུར་རྫས་འགྱུར་དང་འབྲེལ་བའི་ཚན་རིག་དང་འཕྲུལ་ལས་བེད་སྤྱོད་བྱ་བར་བཀོལ་སྤྱོད་ཐུབ་པ་བྱ་རྒྱུ། འཕྲོད་བསྟེན་དང། ཟས་བཅུད། ཁོར་ཡུག མི་འབོར། གནམ་གཤིས། བཟོ་གྲྭ། ཞིང་ལས་སོགས་ཀྱི་འགྱུར་འགྲོས་ཁག་ལ་གདོང་ལེན་དང། དུས་དང་མཐུན་པའི་དགོས་མཁོ་གསར་སྣོན་བྱ་རྒྱུ། རྫས་འགྱུར་རིག་པའི་དཀའ་གནད་གསལ་བཀྲོལ། སློབ་ཕྲུག་རྣམས་བཟོ་གྲྭ་དང་འཕྲུལ་ལས་ཀྱི་བེད་སྤྱོད་ལས་རིམ་ཁག་ལ་གོ་རྒྱ་སྐྱེད་དུ་འཇུག་པ། རྫས་འགྱུར་རིག་པའི་སློབ་ཚན་རྣམས་དངོས་ཁམས་རིག་པ་དང། སྐྱེ་དངོས་རིག་པ། ས་གཤིས་རིག་པ། འཕྲུལ་ལས་རིག་པ་སོགས་ཚན་རིག་གི་སློབ་ཚན་གཞན་རྣམས་དང་འབྲེལ་ཐུབ་པ་བྱ་རྒྱུ། འཛིན་རིམ་བཅུ་གཅིག་པ། རྫས་འགྱུར་རིག་པ། ༡། རྫས་འགྱུར་རིག་པའི་གཞི་རིམ་གོ་དོན། Some Basic Concepts of Chemistry ༢། རྡུལ་ཕྲན་ཆགས་ཚུལ། Structure of Atom […]
འཛིན་རིམ་བཅུ་གཅིག་དང་བཅུ་གཉ
ཀ༽ དངོས་ཁམས་རིག་པ། (PHYSICS) གཞི་རིམ་གོང་མ་ནི་སྤྱིར་བཏང་སློབ་སྦྱོང་ནས་ཆེད་ལས་སློབ་སྦྱོང་ལ་ཁ་ཕྱོགས་པའི་གནས་སྐབས་ཤིག་ཡིན་པས། དངོས་ཁམས་ཚན་རིག་གི་བསླབ་གཞིའི་ནང་དོན་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་བཟུང་དགོས་པ་དང་ཆབས་ཅིག སློབ་མའི་ཚན་རིག་གི་གོ་རྟོགས་རྒྱ་གང་ཆེར་སྤེལ་དགོས། བསླབ་གཞི་གསར་པའི་ནང་དོན་ཐད་གཤམ་འཁོད་ཁྱད་ཆོས་རྣམས་འབུར་དུ་ཐོན་པར་གཙོ་འདོན་བྱས་ཡོད་དེ། དངོས་ཁམས་རིག་པའི་གཞི་རིམ་གོ་དོན་ཤེས་རྟོགས་ཐུབ་པ་བྱ་རྒྱུ། (Basic Conceptual understanding) དངོས་ཁམས་རིག་པའི་གཅིག་འགྱུར་ཨང་རྟགས་དང། (SI units) བརྡ་སྦྱོར་རིག་པ། (Symbols) བརྡ་སྦྱོར་རྣམ་རིག་པ། (Nomenclature) སོགས་རྒྱལ་སྤྱིའི་མཚོན་རྟགས་ལྟར་བཀོལ་སྤྱོད་ཐུབ་པ་བྱ་རྒྱུ། སློབ་ཚན་གྱི་གོ་རིམ་འབྲེལ་ཆགས་པ་དང། བསླབ་གཞིའི་ནང་དོན་རྣམས་གནས་བསྡུས་རན་ཞིང་སློབ་ཚན་ཕན་ཚུན་མཚམས་སྦྱོར་ཐུབ་པ་དགོས། བསླབ་གཞིའི་ནང་དོན་ཟློས་སྐྱོན་མི་འགྲོ་བར་གཙོ་འདོན་བྱས་ཏེ། བསླབ་གཞིའི་ཁུར་པོ་ཡང་དུ་གཏོང་དགོས། དངོས་ཁམས་རིག་པའི་དཀའ་གནད་གསེལ་བཀྲོལ་དང་། བྱ་རིམ། བཀོལ་སྤྱོད་བྱ་སྟངས་བཅས་ཀྱི་ནུས་རྩལ་གོང་མཐོར་གཏོང་རྒྱུ། དངོས་ཁམས་རིག་པའི་ཐོག་ཆེད་ལས་སློབ་སྦྱོང་རྒྱུན་འཁྱོངས་བྱ་ཆེད། གཞི་རིམ་གོང་མར་ཚན་རིག་གི་གཞི་རྟེན་ལེགས་པོ་ཞིག་འདིང་རྒྱུ་གལ་ཆེ། དངོས་ཁམས་རིག་པ་དང་འབྲེལ་བའི་བཟོ་གྲྭ་དང་འཕྲུལ་རིག་ལག་རྩལ་གྱི་བྱ་རིམ་ཁག་ལ་ཤེས་རྒྱ་བསྐྱེད་ཐབས། སློབ་མའི་རྒྱུད་དུ་ཚོད་ལྟ་དང། (Experimental) རྟོག་ཞིབ། (Observational) མྱོང་འདྲིས། (Manipulative) ཐག་གཅོད། (Decision making) (Investigatory) བཅས་བྱེད་པའི་བྱ་རིམ་གྱི་ནུས་རྩལ་གོང་མཐོར་གཏོང་རྒྱུ། དཀའ་གནད་གསེལ་བཀྲོལ་དང། གསར་གཏོད་ཀྱི་བསམ་བློ་བསྐྱེད་ཐབས། བསླབ་གཞིའི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པར་བྱས་ནས། དངོས་ཁམས་རིག་པ་དང་སློབ་ཚན་གཞན་དག་དབར་འབྲེལ་བ་གང་ཡོད་ངོས་འཛིན་དང་གཤིབ་བསྡུར་ཐུབ་པ་བྱ་རྒྱུ། འཛིན་རིམ་བཅུ་གཅིག་པ། དངོས་ཁམས་རིག་པ། ༡། དངོས་ཁམས་ཀྱི་འཇིག་རྟེན་དང་འཇལ་ཚད། Physical world and Measurement ༢། འགུལ་འགྲོས། […]
འཛིན་རིམ་བཅུ་གཅིག་དང་བཅུ་གཉ
སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་གཞི་རིམ་གོང་མའི་རྩིས་རིག་གི་བསླབ་གཞིར་དུས་བསྟུན་ཁ་གསབ་དང། སྣོན་འཕྲི་ཇེ་སྙེད་ཅིག་བྱེད་བཞིན་ཡོད་མོད། གཞི་རྩའི་རྩིས་རིག་སློབ་སྦྱོང་གི་དམིགས་ཡུལ་ནི་ཡུལ་དུས་ལ་མི་ལྟོས་པའི་རྒྱུན་གཏན་རང་བཞིན་ཅན་ཞིག་ཡིན། དེ་ཡང་རྩིས་རིག་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི༌རྩིས་རིག་དང་འབྲེལ་བའི་ཁྱོན་ཡོངས་ཀྱི་ནུས་རྩལ་གོང་སྤེལ་བྱ་རྒྱུ་དེ་ཡིན། སློབ་གྲྭའི་རྩིས་རིག་གི་བསླབ་གཞིའི་དམིགས་ཡུལ་ནི། རྒྱ་ཆུང་ས་ནས་ཨང་གྲངས༌དང་འབྲེལ་བའི་རྩིས་ཀྱིི་གོ་རྟོགས་དང། གྲངས་ཀྱི་རྩི་ཐབས། ཚད་འཇལ། གྲངས་ཆ། བརྒྱ་ཆ་སོགས་བེད་སྤྱོད་ཆེ་བའི་རྩིས་རིག་གི་ནུས་པ་བསྐྱེད་བསྲིང་བྱ་རྒྱུ་དང་། རྒྱ་ཆེ་ས་ནས་བསམ་གཞིགས་དང་རྒྱུ་མཚན་འགོད་པའི་ཕྲུ་གུའི་ཤེས་བྱ་གོང་འཕེལ་ཡོང་བ་དང། གཏན་ཚིགས་ཀྱིི་སྒོ་ནས་མཐའ་སྡོམ་བྱེད་ནུས་པ། གཏིང་ཟབ་པའི་བསམ་གཞིགས་ཀྱི་ནུས་པ་སྤེལ་བ། རྩིས་རིག་གི་སྒོ་ནས་དཀའ་རྙོག་བསལ་བའི་འཇོན་ཐང་གོང་སྤེལ་བྱ་རྒྱུ་བཅས་ཡིན། དམིགས་ཚད། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་རྩིས་རིག་བསླབ་གཞིའི་དམིགས་ཚད་ནི། རྩིས་རིག་གི་གཞི་རྩའི་གོ་དོན་དང། ཐ་སྙད། སྤྱི་འགྲོས། མཚོན་རྟགས་སོགས་ལ་བསམ་གཞིག་དང་འཆར་སྣང་སྐྱེ་རུ་བཅུག་ནས་གོ་རྟོགས་ཞིབ་ཕྲ་སྐྱེད་ཐབས་བྱ་རྒྱུ། རྩིས་གཞིའི་དཀའ་གནད་གསལ་བཀྲོལ་སྐབས་རྒྱུ་མཚན་རིམ་པ་སྟར་ཆགས་སུ་འགོད་རྒྱུ། རྩིས་གཞི་གཅིག་ལ་རིག་པ་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་རྩིས་ཐབས་འདྲ་མིན་གྱིས་ལན་འདེབས་བྱ་རྒྱུ། བསམ་གཞིག་དང། དབྱེ་ཞིབ། གཏན་ཚིག་དང་མཐུན་པའི་རྒྱུ་མཚན་ཡང་དག་འགོད་ཐབས་བཅས་ལ་བཟང་ཕྱོགས་ཀྱི་ཀུན་སློང་འཁྱེར་ཐབས། རྩིས་རིག་དང་འགྲེལ་བའི་བྱེད་སྒོ་སྣ་ཚོགས་ནང་ཞུགས་ནས་རྩིས་རིག་སློབ་སྦྱོང་བྱ་རྒྱུར་སྤྲོ་སྣང་སྐྱེད་ཐབས། ཉིན་རེའི་འཚོ་བའི་ནང་རྩིས་རིག་དང་འགྲེལ་བའི་བྱ་དངོས་ལ་དོ་སྣང་དང། རྒྱུས་མངའ། བཀོལ་སྤྱོད་བཅས་ཐུབ་པ་བྱ་རྒྱུ། རྩིས་རིག་ལ་ཆེད་སྦྱོང་བྱས་ནས་རིག་གཅིག་རྐང་འཛིན་ཡོང་བར་སྤྲོ་སྣང་སྤེལ་རྒྱུ། རིགས་རུས་དང་ཕོ་མོ་དབྱེ་འབྱེད་སོགས་སྤྱི་ཚོགས་ཀྱི་སྐྱོན་ཆ་དག་སེལ་དང། ཁོར་ཡུག་སྲུང་སྐྱོབས། སྤྱི་ཚོགས་འཆམ་མཐུན། དཀའ་ངལ་ལ་གདོང་ལེན་སོགས་བྱ་རྒྱུར་གོ་རྟོགས་སྤེལ་རྒྱུ། རྩིས་རིག་གི་ལས་དོན་ཐད་བྱས་རྗེས་འཇོག་གནང་མཛད་མཁན་གྱི་རྩིས་རིག་མཁས་ཅན་ལ་གུས་བརྩི་དང་ཁོང་རྣམས་ཀྱི་ལེགས་ཆ་བསྡུ་ལེན་གྱིས་རྩིས་རིག་གི་ལས་དོན་ནང་བྱ་བཞག་བསྒྲུབ་ཐབས། འཛིན་རིམ་བཅུ་གཅིག་པ། རྩིས་རིག ཀ) ཚོགས་སྤྱི་དང་རྟེན་འབྱུང་གྲངས། Sets and Functions ཚོགས་སྤྱི། Sets ཚོགས་སྤྱི་དང་རྟེན་འབྱུང་གྲངས། Sets and Functions ཚོགས་སྤྱི། Sets ཚོགས་སྤྱི་དང་དེའི་ངོ་ཚབ། Sets and their […]
རྩིས།
འཛིན་རིམ་བཅུ་གཅིག་པ། རྩིས། ཆ་ཤས་ཀ་པ། དཔལ་འབྱོར་རྩིས་ཁྲ་འཇོག་ཚུལ། Part A: Financial Accounting ༡། རྩིས་ཁྲ་འཇོག་ཚུལ་ངོ་སྤྲོད། Introduction to Accounting རྩིས་ཁྲའི་གོ་དོན་དང་། རྩིས་ཁྲའི་དགོས་དམིགས། Accounting meaning and objectives རྩིས་ཁྲའི་རྣམ་གྲངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། Qualitative characteristics of Accounting information རྩིས་ཁྲའི་རྨང་གཞིའི་ཐ་སྙད་ཁག Basic Accounting Terms རྩིས་ཁྲའི་གོ་བ། Accounting Concepts ༢། རྩིས་ཁྲའི་བརྒྱུད་རིམ་དང་། ཁྱད་པར་རྩིས་ཁྲ་འཇོག་སྟངས། Accounting process and special accounting treatment རྩིས་ཁྲའི་མཉམ་བྱ། Accounting equation ཡོང་རྩིས་དང་སྤྲོད་རྩིས་ཀྱི་འགྲོ་སྟངས། Rules of debit and credit ཐོག་མའི་སྤྲོད་ལེན་གྱི་ལས། Origin of transaction […]
