རྩོམ་ཡིག གོ་དོན། ཤེས་ཚད་དང་ཉམས་མྱོང་མ་འདྲ་བ་ལ་བརྟེན་ནས་རྩོམ་ཡིག་ཅེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་རྒྱག་སྟངས་སྣ་ཚོགས་ཤིག་འབྱུང་གི་ཡོད། དེར་བརྟེན། རང་གི་ཤེས་ཚད་དང་ཉམས་མྱོང།
༡། རྩོམ་ཡིག་གི་གོ་དོན།
རྩོམ་ཡིག གོ་དོན། ཤེས་ཚད་དང་ཉམས་མྱོང་མ་འདྲ་བ་ལ་བརྟེན་ནས་རྩོམ་ཡིག་ཅེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་རྒྱག་སྟངས་སྣ་ཚོགས་ཤིག་འབྱུང་གི་ཡོད། དེར་བརྟེན། རང་གི་ཤེས་ཚད་དང་ཉམས་མྱོང། དེ་བཞིན་འགྲེལ་བཤད་བཅས་ཀྱི་བར་ལ་འབྲེལ་བ་ཟབ་མོ་ཡོད།
ལེགས་བཤད་ལྗོན་དབང་།
༄༅། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་བཞུགས་སོ། ། ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། །བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །
རྟགས་འཇུག་གི་རྩ་བ།
༄༅། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལངྒཱི་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། བྱཱ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ།
