སྐལ་བཟང་སྒྲོལ་མ།འཛིན་གྲྭ་བདུན་པ། སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ། རྩོམ་པ་པོ། ཆོས་ཉིད་སྒྲོལ་མ། སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་གྲོང་གསེབ་ཅིག་ལ་སྤོ་ལགས་ཤིག་དང་རྨོ་མོ་ཞིག་ཡོད། ཁོང་གཉིས་ལ་ཕྲུ་གུ་གཅིག་ཀྱང་མེད། ཉིན་གཅིག་དཀོན་མཆོག་གིས་ཁོ་གཉིས་ལ་ཕྲུ་གུ་ཞིག་གནང་། ཡིན་ན་ཡང་ཕྲུ་གུ་དེ་ཧ་ཅང་ཆུང་ཆུང་ཡོད། ཁོའི་གྲོགས་པོ་རྣམས་ནི་སྲོག་ཆགས་ཡིན། དུས་ཡུན་རིང་པོ་ཞིག་གི་རྗེས་ལ་ཁོ་གྲོང་ཁྱེར་བཀྲ་ཤིས་འཁྱིལ་དུ་ལྟ་བར་འགྲོ་སྙིང་འདོད། དེ་ནས་ཁོ་གྲོང་ཁྱེར་དེ་ལ་ཕྱིན་པ་རེད། གྲོང་ཁྱེར་དེ་ལ་སླེབ་སྐབས་དྲང་སྲོང་ཞིག་གིས་ཁོ་ལ་རྩམ་ཁུག་ཅིག་སྤྲད། རྩམ་ཁུག་དེ་ཡིས་བསམ་དོན་ཆ་ཚང་འགྲུབ་ཀྱི་ཡོད། དེ་ནས་ཁོ་ལ་ཡུལ་དེ་ནས་བུ་མོ་སྙིང་རྗེ་མོ་ཞིག་དང་འཕྲད། ཡིན་ན་ཡང་། ཁོ་གཟུགས་པོ་ཆུང་ངུ་ཡོད་པས་ཁོས་རྩམ་ཁུག་དེ་བེད་སྤྱོད་བྱས་ནས་གཟུགས་པོ་ཆེན་པོ་བཟོས། མཐའ་མ་དེར་ཁོ་གཉིས་གཉེན་སྒྲིག་བྱས་སོ།། ཚིག་གསར། རྟེན། ཕྱག་མཆོད། འགྲིམས་པ། ལན་ཅིག མཛད་པ། ཁུག་ཆུང་། རི་བོང་དུ་སྐྱེས་པའི་རབས། རྩོམ་པ་པོ། བུདྡྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་ཁོར་ཡུག་ཤིན་ཏུ་མཛེས་པའི་ཡུལ་ཞིག་ལ་རི་བོང་དང་། ཝ་མོ། སྤྲེའུ་བཅས་གནས་ཀྱི་ཡོད། ཚེས་པ་བཅོ་ལྔ་ཡིན་པས་ཁོང་ཚོ་ཚང་མ་གཞན་ལ་སྦྱིན་པ་གཏོང་དགོས་ཀྱི་ཡོད། རི་བོང་དེས་བསམ་པར་དེ་རིང་སྦྱིན་པ་གཏོང་ས་ཞིག་ཕྲད་ན་ཁོ་ལ་གང་ཡང་སྤྲོད་རྒྱུ་མི་འདུག་བསམ་པ་རེད། ཁོས་རང་གི་ལུས་སྦྱིན་པ་གཏོང་དགོས་བསམ་པ་དེ་ལྷ་རྣམས་ཀྱིས་ཤེས། དེ་ནས་ལྷ་ཞིག་སྤོ་པོ་ཞིག་ལ་སྤྲུལ་ནས་སླེབས། ཝ་མོ་དང་སྤྲེའུ་གཉིས་ཀྱིས་སྤོ་པོ་དེ་ལ་ཤིང་ཏོག་དང་། ཞོ། ཉ་སོགས་ཕུལ། རི་བོང་དེ་ལ་གང་ཡང་སྤྲོད་རྒྱུ་མེད་པས་ཁོ་རང་གི་ལུས་སྤྲད། དེ་ནས་སྤོ་པོ་དེ་ཡིས་མེ་སྤར་བ་དང་རི་བོང་དེས་མེའི་ནང་དུ་མཆོང་སྐབས་མེ་དེ་རང་བཞིན་གྱིས་ཡལ། དེ་ནས་བྱང་ཆུབ་སེམས་དཔའི་རི་བོང་ཡིན་པས་ང་ཚོས་ཚེས་པ་བཅོ་ལྔ་ལ་རི་བོང་གི་གདོང་ཟླ་བའི་ནང་མཐོང་གི་ཡོད། ཚིག་གསར། དགོས་མཁོ། ཉམས་ཚོད། མནར་བ། འཛེམ་པ། ལྟོགས་སྐོམ། མཆོད་རོགས། ནགས་གསེབ། སྤྲུལ་བ། འཁོར་བ།
བྱ་རྒོད་ཀྱིས་དྲིན་ལན་འཇལ་བ།
བསྟན་འཛིན་བཟང་མོ།འཛིན་གྲྭ་དྲུག་པ། སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ། རྩོམ་སྒྲིག་པ། ཚེ་རིང་དཔལ་འཛོམས། སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདི་ནི་བྱིས་སྒྲུང་ཞིག་རེད། སྒྲུང་འདིའི་ནང་གང་ལབ་ཀྱི་འདུག་ལབ་ན། སྒྲུང་ནང་མི་སྣ་གཙོ་བོ་གཉིས་འདུག ང་ཚོས་མི་གཞན་པ་ལ་རོགས་རམ་བྱས་ན་མི་དེ་ཡིས་ཚུར་རོགས་པ་བྱེད་ཀྱི་རེད། ང་ཚོས་མི་དེས་ལས་ཀ་སྡུག་ཅག་བྱེད་ཀྱི་འདུག་བསམ་ན་མ་རེད། དེས་ང་ཚོ་ལ་རོགས་པ་བྱེད་ཀྱི་རེད། ང་ཚོས་མི་གཞན་ལ་ལམ་སང་སྡུག་ཅག་བསམ་ཡ་ཡོད་མ་རེད། དཔེར་ན། བྱ་རྒོད་ཀྱིས་ཁུག་མ་འཁྱེར་བའི་རྒྱུ་མཚན་བཞིན་ཆགས་སྲིད་ཀྱི་རེད། སྒྲུང་འདི་སྙན་པོ་དང་ཚིག་ཁག་པོ་མི་འདུག ཚིག་གསར། ཁ་རྡུང་། ཚེ་རིང་གི་རྨི་ལམ། རྩོམ་པ་པོ། བུདྡྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདིའི་ནང་ཚེ་རིང་དང་པཱ་ལགས་ཁོ་རང་གཉིས་སྐར་མ་ལ་བལྟས་ནས་འགྲེལ་བཤད་རྒྱག་གི་འདུག དེའི་ནང་ལ་སྐར་མ་ཚང་མ་གང་འདྲ་ཡོད་མེད་འགྲེལ་བཤད་རྒྱག་གི་འདུག ངས་སྒྲུང་འདི་གང་འདྲ་མཐོང་སོང་ལབ་ན། རི་མོ་ཡག་པོ་དང་ཚིག་དེ་ཚོ་ཧ་ཅང་སྙན་པོ་འདུག འདི་ཡི་ནང་དགོང་དག་གི་རྨི་ལམ་ནང་ཚེ་རིང་ནི་པཱ་ལགས་མཉམ་དུ་སྐར་མ་བལྟས་ནས་སྡོད་ཀྱི་འདུག ཚིག་གསར། རྨི་ལམ། མཐའ་འཁོར། སྤྲིན་པ།
མགྲིན་བཟང་བོང་བུ།
ཁ་རམ་པདྨ་བདེ་སྐྱིད།འཛིན་གྲྭ་བདུན་པ། སྦེལ་ཀོབ་སྃ་བྷོ་ཊ་ཉིན་སློབ། རྩོམ་པ་པོ། ཤནྐར། བོད་སྒྱུར་བ། ཚེ་རིང་དཔལ་འཛོམས། སྒྲུང་གི་ནང་དོན་སྙིང་བསྡུས། བོང་བུ་རྒན་པོ་ཞིག་མཚན་མོ་ལམ་ལ་འགྲོ་བའི་སྐབས་སུ་ཁྱི་སྤྱང་ཞིག་དང་འཕྲད། ཁོ་གཉིས་ཟ་མ་འཚོལ་དུ་སོང་བ་རེད། བོང་བུ་རྒན་པོ་དེས་ཉིན་གང་ལས་ཀ་བྱས་ཀྱང་སྦྱིན་བདག་གིས་ཁ་ལག་ནམ་ཡང་སྤྲོད་ཀྱི་མེད། དེ་འདྲ་སོང་ཙང་ཟ་མ་འཚོལ་དུ་ཕྱིན། ཡུན་རིང་རྗེས་ཁོ་གཉིས་ཞིང་ཁ་ཞིག་གི་ནང་དུ་འབྱོར་ནས་ཆུ་ག་གོན་ཚད་མེད་བཟས་པ་རེད། བོང་བུ་སྐྱིད་ཐག་ཆོད་ནས་དེ་རིང་ང་གཞས་ཤིག་གཏོང་འདོད་འདུག་ཅེས་ཁྱི་སྤྱང་ལ་བཤད། ཁྱི་སྤྱང་གིས་ཚ་བོ་ཁྱེད་རང་དེ་རིང་གཞས་མ་གཏོང་། ཞིང་པ་ཚོས་ཁྱེད་ལ་ཉེས་རྡུང་གཏོང་གི་རེད་ལབ་ཀྱང་། བོང་བུས་མ་ཉན་པར་ད་དུང་ཁོ་ཚོས་ངའི་གཞས་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་རེད་སྨྲས་ནས་སྐད་གསང་མཐོ་བོས་གཞས་བཏང་། ཁྱི་སྤྱང་གྲུང་པོ་ཡོད་པས་བྲོས་ཕྱིན། སྐབས་དེར་ཞིང་པ་ཚོས་དབྱུག་པ་འཁྱེར་སླེབས་ནས་བོང་བུ་ལ་ཉེས་རྡུང་ཚད་མེད་བཏང་ངོ་།། ཚིག་གསར། མགྲིན་བཟང་། སྐད་གསང་། འདོད་པ་ཚིམས་པ། ཧུར་ཐག ཟ་འཇུག གྲོད་ཁོག རྒྱགས་ཚད། རྐུ་མཁན། ཉེས་རྡུང་། སྟག་མོར་སྐྱེས་པའི་རབས། རྩོམ་པ་པོ། བུདྡྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྔ་མོ་སྔ་མོ་རྒྱལ་པོ་ཞིག་ལ་སྲས་གསུམ་ཡོད། ཆེ་བའི་མིང་ལ་སྒྲ་ཆེན་པོ་དང་། འབྲིང་བའི་མིང་ལ་ལྷ་ཆེན་པོ། ཆུང་བའི་མིང་ལ་སེམས་ཅན་ཆེན་པོ་བཅས་ཡིན། རྒྱལ་སྲས་རྒན་པ་དང་འབྲིང་བ་ནི་དཔའ་རྩལ་ཡག་པོ་དང་སེམས་ཅན་ཆེན་པོ་ནི་གཞན་ལ་རོགས་རམ་དང་སྦྱིན་པ་གཏོང་རྒྱུར་དགའ། ཉིན་ཞིག་རྒྱལ་པོ་དང་བཙུན་མོ་སྲས་གསུམ་པོ་ཡུལ་ལྗོངས་ཤིག་ཏུ་གླིང་ག་གཏོང་བར་ཕྱིན་པ་རེད། སྐབས་དེར་སྲས་གསུམ་གྱིས་སྟག་མོ་གཟུགས་པོ་སྐམ་ལ་གཟུགས་ཤིན་ཏུ་སྐྱོ་བོ་ཡོད་ཀྱང་སོ་སོའི་སྟག་ཕྲུག་གཉིས་ལ་འོ་མ་སྤྲོད་བཞིན་ཡོད་པ་མཐོང་། རྒྱལ་སྲས་གསུམ་སྟག་ཚང་དུ་བལྟ་བར་ཕྱིན། སེམས་ཅན་ཆེན་པོས་སྟག་མོ་ལ་བྱིལ་བྱིལ་བྱས་ཀྱང་འགུལ་ཙམ་ཡང་མ་བྱས་པར་གཉིད་དུ་ཡུར། ཁོ་ཚོས་སྟག་མོ་དེ་ལ་ཁ་ལག་རག་མེད་པ་ཤེས། སེམས་ཅན་ཆེན་པོས་སྟག་མོ་གཅན་གཟན་ཡིན་པས་ཁོང་ཚོར་ཤ་ཁྲག་དགོས་རེད་ལབ། གཅེན་པོ་གཉིས་ཀྱིས་སྟག་མོར་སེམས་ཁྲལ་མ་བྱེད། ཕ་མ་གཉིས་སེམས་ཁྲལ་གནང་གི་རེད། ང་ཚོ་ནང་ལ་འགྲོ་ལབ་པ་རེད། ཡིན་ན་ཡང་། སེམས་ཅན་ཆེན་པོ་མ་ཕྱིན་པར་ཁྱེད་གཉིས་སྔོན་ལ་ཕེབས། ང་རྗེས་ལ་ཡོང་གི་ཡིན་ཞེས་བཤད། སེམས་ཅན་ཆེན་པོ་སྙིང་རྗེ་དང་ལྡན་པས་ཤིང་རྣོ་པོ་ཞིག་གིས་རང་གི་ཤ་ལྤགས་བཤུས་ནས་ཁྲག་སྟག་མོ་ལ་སྤྲད། སྟག་མོ་གཉིད་སད་ནས་གཅུང་པོ་ཆུང་ཤོས་ཀྱི་ལུས་པོ་བཟས། གནས་ཚུལ་དེ་དག་ཁོའི་གཅེན་པོ་དང་ཕ་མ་གཉིས་ཀྱིས་ཤེས་ནས་ཚང་མ་ཐུགས་ཤིན་ཏུ་སྐྱོ་བ་རེད། ཉིན་ཞིག་ནམ་མཁའ་ནས་ང་ལྷ་ཡུལ་དུ་ཡོད། རྒྱལ་ཡུམ་གཉིས་ཐུགས་ཁྲལ་གནང་མི་དགོས་ཞེས་པའི་སྒྲ་ཞིག་ཐོས། སྒྲ་དེ་ཐོས་མ་ཐག་ཡབ་ཡུམ་དང་མི་དམངས་ཚོས་ལག་གཉིས་ཐལ་མོ་སྦྱར་ནས་བར་སྣང་ལ་བལྟས་པས་སེམས་ཅན་ཆེན་པོའི་ཞལ་རས་མཇལ་བ་རེད། ཚིག་གསར། […]
རྩོམ་པ་པོ་ཧེ་ལན་ཀེ་ལར།
བསྟན་འཛིན་དགྲ་འདུལ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། གྷེར་ཐོམ་སོན། བོད་བསྒྱུར་བ། བསྟན་འཛིན་མེ་ཏོག ཉི་མ་འཚོ། རི་མོ་བ། པདྨ་ཚེ་རིང། སྒྲུང་གི་ནང་དོན་སྙིང་བསྡུས། སོ་སོའི་གཟུགས་པོའི་ཆ་ཤས་ཚང་མེད་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་མི་སྲིད་ཟེར་ན། ནོར་བ་རེད། དཔེར་ན། ཧེ་ལན་ཀེ་ལར་ལ་ཆ་བཞག་ན་ཁོ་མོ་ནི་ཞ་ར་ཡིན་པ་མ་ཟད། འོན་པ་ཡང་ཡིན། འོན་ཀྱང་། ཁོ་མོའི་སེམས་ཤུགས་ནམ་ཡང་མི་ཆགས་པར་འབྲི་ཀློག་བཤད་གསུམ་སྦྱངས་པ་རེད། ད་དུང་དེ་ཙམ་མིན་པར་ཁོ་མོས་བཙོངས་གྲངས་ཆེས་མང་བའི་དཔེ་དེབ་ཡང་མང་པོ་བརྩམས་པ་མ་ཟད། འཛམ་གླིང་གི་ལུང་པ་མང་པོར་གཏམ་བཤད་ཀྱང་གནང་ཡོད། དེ་ཡང་ཁོ་མོའི་དགེ་རྒན་དང་། ཕ་མའི་བརྒྱབ་སྐྱོར་འོག་རང་ཉིད་ཀྱི་འབད་བརྩོན་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་རེད། དབང་པོ་སྐྱོན་ཅན་ཞིག་ཡིན་ཡང་མི་གཞན་དང་མི་འདྲ་བའི་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཏུ་གྱུར་ཡོད་ན། དབང་པོ་ལྔ་ཆ་ཚང་བའི་མི་དེ་ཚོ་དེ་ལས་ཀྱང་ཁྱད་དུ་འཕགས་པའི་མི་ཞིག་ཆགས་དགོས་ངེས་རེད་བསམ་བྱུང་། ཚིག་གསར། སྒོ་ཟྭ བཙན་པོ། ཨ་ལད་པད་ཀོ། གཉེན་སྒྲིག ཤབ་ཤུབ། སྣང་བརྙན། ཁྲིམས་འཆར། གསོན་ཤུགས། ཇུ་ལི་ཡ་དང་གླང་ཆེན། རྩོམ་པ་པོ། ཤཱི་ཧྥ་ལི་ཁཱ་ཤིག (Shefali Kaushik) བོད་བསྒྱུར་བ། བསྟན་འཛིན་རང་གྲོལ། རི་མོ་བ། བསྟན་འཛིན་རང་གྲོལ། སྒྲུང་གི་ནང་དོན་སྙིང་བསྡུས། བདག་མེད་སེམས་ཅན་རྣམས་ཀྱིས་དོན་མེད་དུ་གཞན་སུ་ལའང་གནོད་པ་སྐྱེལ་གྱི་མེད། ཁོ་ཚོས་རང་ཉིད་སྲུང་སྐྱོབ་ཡོང་བའི་ཆེད་དགྲ་ཡི་གནོད་པ་འགོག་ཐབས་བྱེད་ཀྱི་ཡོད། དཔེར་ན། གལ་སྲིད་བསྟན་འཛིན་གྱིས་ནོར་བུ་ལ་གནོད་པ་མ་བྱས་ན། ནོར་བུས་ཀྱང་བསྟན་འཛིན་ལ་གནོད་པ་བྱེད་ཀྱི་མེད། ཡང་གལ་སྲིད་བསྟན་འཛིན་གྱིས་ནོར་བུ་ལ་གནོད་པ་བསྐྱལ་ན་ནོར་བུས་དེ་འགོག་ཐབས་བྱེད་ཀྱི་རེད། གང་ཡིན་ཟེར་ན་སོ་སོ་སྲུང་སྐྱོབ་ཀྱི་ཆེད་དུ་རེད། ཚིག་གསར། བློ་རིག སྙམ་པ། བརྒྱན། ཕར་རྒོལ།
དགུ་ཐུག
བསྟན་འཛིན་ལྷ་མཛེས།འཛིན་གྲྭ་ལྔ་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། ཆོས་གྲགས། མི་སྣ་གཙོ་བོ། པ་ཕ། ཨ་མ། ཀུན་དགའ། མེ་ཏོག སྒྲུང་གི་ནང་དོན་སྙིང་བསྡུས། དེ་ཉིན་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཡིན་པའི་དམིགས་བསལ་གྱི་ཉིན་ཞིག་ཆགས་ཡོད། ཀུན་དགའ་དང་མེ་ཏོག་གཉིས་དགུ་ཐུག་འཐུང་རྒྱུ་ལ་བརྔམས་ནས་བསྡད་ཡོད་པ་རེད། ཕ་མས་ཐབ་ཚང་ནང་ལ་དགུ་ཐུག་བཟོས་ཡོད་པ་རེད། ཕ་མས་དགུ་ཐུག་བསྐོལ་ཚར་རྗེས་མེ་ཏོག་གི་དགུ་ཐུག་བག་རིལ་ཁ་ཕྱེ་ནས་དེའི་ནང་ནས་ལ་ཕུག་ཞིག་དོན་པ་རེད། དེ་རྗེས་ཀུན་དགའ་ཡི་བག་རིལ་ཁ་ཕྱེ་ནས་ཚེར་མ་ཞིག་བཏོན་ནས་ཁོ་ཚོ་ཚང་མ་གད་མོ་ཤོར་བ་རེད། པ་ལགས་ཀྱིས་བག་རིལ་ཁ་ཕྱེ་ནས་སོལ་བ་ཞིག་དོན། ཨ་མ་ལགས་ཀྱིས་བག་རིལ་ཁ་ཕྱེ་ནས་སི་པན་ཞིག་དོན་ནས་ཁོ་ཚོ་ཚང་མ་གད་མོ་ཤོར་བ་རེད། བསླབ་བྱ། མི་གཞན་ལ་འཕྱ་སྨོད་བྱེད་རྒྱུ་མེད། ཚིག་གསར། བག་རིལ། སོལ་བ།
རྒྱ་སྟག་དང་ལུ་གུ་ཆུང་ཆུང་།
བསྟན་འཛིན་གཞན་འབྱོར།འཛིན་གྲྭ་བཞི་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། བུདྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་ལུག་ཁྱུ་སྔ་ས་ནས་དེད་ནས་ནང་ལ་ལོག་ཟིན་པ་དང་ལུ་གུ་གཅིག་སྤང་ཐང་དུ་གཉིད་ཤོར་བ་རེད། ལུ་གུ་གཉིད་ལས་སད་དུས་རྗེས་སུ་ལུས་པ་ཤེས་ནས་གང་མགྱོགས་ཁྱིམ་དུ་ལོག་རྩིས་བྱས། འོན་ཀྱང་ལམ་བར་དུ་ཨ་ཁུ་སྤྱང་ཀི་དང་ཇོ་གླག གཡི་སོགས་ཐུག་པས་རང་ནུས་གང་ལྕོགས་ཀྱིས་རྒྱ་སྟག་སྐོར་བཤད་ནས་རང་སྲོག་ཐར་ཙམ་བྱུང་བ་རེད། སང་ཉིན་དེར་ལུ་གུ་ཕྱི་ལ་འགྲོ་སྐབས་ཨ་ཁུ་སྤྱང་ཀི་དང་ཇོ་གླག གཡི་བཅས་ཀྱིས་མཐོང་མ་ཐག་ཁོ་ཚོ་གསུམ་ཞེད་ནས་ས་ཕྱོགས་གང་སར་བྲོས་ཕྱིན་པ་རེད། བསླབ་བྱ། སྟོབས་ཆེན་པོ་མེད་ནའང་སྤྱང་གྲུང་དགོས་རྒྱུ་གལ་ཆེ། ཚིག་གསར། རྒྱ་སྟག ལུང་ཁུག གཡི། ལུང་མདོ། མཆོངས་རྒྱུག མང་གཙོའི་དུས་ཆེན། རྩོམ་པ་པོ། བུདྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདི་ནི་མང་གཙོའི་སྐོར་རེད། སྔོན་བོད་ཀྱི་སྲིད་གཞུང་ནི་ཕ་ཤུལ་བུ་འཛིན་རེད། ཡིན་ནའང་། དེང་སང་བོད་དེ་མང་གཙོའི་སྲིད་གཞུང་ཞིག་ཆགས་ཡོད། དེ་ཡང་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་རྣམས་ལ་མང་གཙོའི་ལམ་ལུགས་དངོས་སུ་གསོལ་རས་སྩལ་བས་ཡིན། མང་གཙོ་ནི་མི་མང་གཙོ་བོ་ཡིན་པའི་སྐོར་ལ་ལབ་ཀྱི་ཡོད། མི་མང་གཙོ་བོ་ཡིན་ན་མི་གཅིག་གིས་དབང་བསྡུ་ཐུབ་ཀྱི་མེད། དཔེར་ན། རྒྱལ་ཁབ་སྟོབས་ཆེན་ཨ་རི་དང་རྒྱ་གར། ཁེ་ན་ཊྲ། ཕེ་རན་སི་སོགས་མང་པོ་མང་གཙོའི་རྒྱལ་ཁབ་རེད། ཚིག་གསར། ཉལ་གཟན། ཞོར་ལ། མང་གཙོ། དུས་ཆེན། སྲིད་གཞུང་།