བསྟན་འཛིན་ཆོས་དབྱངས། འཛིན་གྲྭ་དགུ་པ། སྦེལ་ཀོབ་སམ་བྷོ་ཊ་བོད་སློབ།

འཛམ་གླིང་འདི་ཡི་ནང་ལ་ས་ཆ་འདྲ་མིན་ཡོད་པ་མ་ཟད་ས་ཆ་འདྲ་མིན་ལ་སྐད་ཡིག་ཀྱང་འདྲ་མིན་ཡོད། སྐད་ཡིག་ནི་མི་ཕན་ཚུན་བར་ལ་འབྲེལ་བ་དང་འབྲེལ་ལམ་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད། ས་ཆ་ཁ་ཤས་ལ་སྐད་ཡིག་གཅིག་ཡོད། ཡིན་ནའང་ས་ཆ་ཁ་ཤས་ལུང་པ་གཅིག་ཡིན་ཡང་སྐད་ཡིག་མི་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད། ང་ཚོ་བོད་པ་ཚོས་བོད་སྐད་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། ཡིན་ནའང། བོད་ཀྱི་ས་ཆ་མི་འདྲ་བ་ལ་བོད་སྐད་ཤོད་སྟངས་མི་འདྲ་བ་ཡོད། ཡིན་ཡང་བོད་པ་མང་པོ་ཞིག་རྒྱ་གར་ནང་དུ་སྡོད་ཀྱི་ཡོད་ཙང་མི་མང་པོས་བོད་སྐད་དེ་རྒྱ་སྐད་དང་ཨིན་སྐད་གཉིས་མཉམ་སྡེབ་བྱས་ནས་ཤོད་ཀྱི་ཡོད། དེ་འདྲ་བྱས་ནས་དེང་སང་ང་ཚོ་བོད་པའི་ཕྲུ་གུའི་བོད་ཡིག་གི་གནས་ཚད་ཧ་ཅང་སྐྱོ་བོ་ཡོད། དེང་སང་གི་བོད་པའི་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་རྒྱ་གར་གྱི་སློབ་གྲྭ་ཡག་པོའི་ནང་གཏོང་གི་ཡོད། ཕྲུ་གུ་དེ་ཚོ་སློབ་སྦྱོང་ཡག་པོ་ཆགས་ཀྱང་སོ་སོའི་ལུང་པའི་སྐད་ཡིག་ཤེས་ཀྱི་མེད། སོ་སོའི་སྐད་ཡིག་ཤེས་པ་དང་། གཞན་གྱི་སྐད་ཡིག་ཀྱང་ཤེས་ན་དེ་ནི་ཕུན་སུམ་ཚོགས་པ་ཡིན་པ་དང། གཞན་གྱི་སྐད་ཡིག་ཤེས་པ་དང་སོ་སོའི་སྐད་ཡིག་མ་ཤེས་ན། དེ་ནི་ངོ་ཚ་དགོས་པ་དང་ཞབས་འདྲེན་ཡིན། ང་ཚོ་ག་དུས་ཡིན་ཡང་སོ་སོའི་ཕ་ཡུལ་གྱི་སྐད་ཡིག་དེ་ནམ་ཡང་བརྗེད་རྒྱུ་མེད། བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་ཕྱིན་ནས་སོ་སོའི་ཕྲུ་གུ་ལ་བོད་སྐད་མ་བསླབ་པར་རྒྱལ་ཁབ་གཞན་གྱི་སྐད་ཡིག་སློབ་ཀྱི་ཡོད། ངས་ཕྱི་རྒྱལ་ནས་སླེབས་པའི་ཕྲུ་གུ་མང་པོ་མཐོང་བྱུང་། ཕྲུ་གུ་མང་པོས་བོད་ཡིག་ཡག་པོ་ཤེས་ཀྱི་མེད། ཡིན་ནའང་ཁ་ཤས་ཀྱིས་ཡག་པོ་བཤད་ཐུབ་ཀྱི་ཡོད། དེ་གང་ཡིན་ཟེར་ན་ཕ་མ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཁོང་ཚོ་དང་མཉམ་དུ་བོད་སྐད་ཐོག་ནས་སྐད་ཆ་ཤོད་པ་དང་ཕྱི་རྒྱལ་ལ་ཡོད་པའི་བོད་ཡིག་འཛིན་གྲྭ་ལ་གཏོང་གི་ཡོད། ཕ་མས་དེ་འདྲ་བྱས་ནས་སོ་སོའི་ཕྲུ་གུ་དང་སོ་སོའི་སྐད་ཡིག་ལ་དོ་སྣང་བྱས་ན་ཡག་པོ་ཡོད། ང་ཚོ་བོད་པ་ལ་སྐད་ཡིག་གཅིག་ལས་མེད་པ་དེ་ཡང་ང་ཚོས་སྣང་མེད་དུ་བཏང་ན་ཡག་པོ་མེད། ང་ཚོའི་སྐད་ཡིག་ཡིན་ཡང་བེད་སྤྱོད་བྱེད་དགོས་པ་དང་། སོ་སོའི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཡིན། ང་ཚོའི་སློབ་གྲྭའི་ནང་ལ་ཡང་སློབ་ཕྲུག་ཁ་ཤས་བོད་ཡིག་སྦྱོང་རྒྱུར་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད་པ་དང་། བོད་ཡིག་ཡང་ཧ་ཅང་ཡག་པོ་ཡོད། ཕྱོགས་གཞན་ཞིག་ནས་སློབ་ཕྲུག་ཁ་ཤས་སློབ་ཚན་གཞན་ལ་ཡག་པོ་ཡོད་ཀྱང་བོད་ཡིག་ལ་དོ་སྣང་མ་བྱས་པ་དང་བོད་ཡིག་སྦྱོང་འདོད་ཀྱང་བྱེད་ཀྱི་མེད། ཡིན་ཡང་ང་ཚོའི་སློབ་གྲྭ་ལ་བྱེད་སྒོ་འདྲ་མིན་གོ་སྒྲིག་བྱེད་ཀྱི་ཡོད། དེའི་ནང་ལ་བོད་ཡིག་དང་འབྲེལ་བའི་བྱེད་སྒོ་ཡང་གོ་སྒྲིག་ཞུས་ཀྱི་ཡོད། དཔེར་ན། བོད་ཡིག་གི་དག་ཆ། སྙན་ཚིག་ངག་འདོན། གཏམ་བཤད་སོགས་བྱེད་སྒོ་སྣ་མང་ཡོད། ཡིན་ཡང་བྱེད་སྒོ་ཚང་མའི་ནང་ནས་ང་རང་དག་ཆ་འགྲན་བསྡུར་བྱ་རྒྱུར་དགའ་པོ་ཞེ་དྲགས་ཡོད། གང་ཡིན་ཟེར་ན་དེའི་སྐབས་སུ་ང་རང་གིས་ཚིག་མང་པོ་ཤེས་ཀྱི་འདུག དེ་འདྲ་སོང་ཙང་ང་རང་འདྲ་བའི་སློབ་ཕྲུག་མང་པོ་དག་ཆ་འགྲན་བསྡུར་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ང་ཚོའི་ལས་འགན་ཡིན། ང་ཚོའི་ཕ་ཡུལ་གྱི་ཡི་གེ་དེ་ང་ཚོས་མ་སྦྱངས་ན་ཉིན་གཅིག་ང་ཚོའི་སྐད་ཡིག་དེ་མེད་པ་ཆགས་ཀྱི་རེད། ང་ཚོའི་སྐད་ཡིག་དེ་མེད་པ་ཆགས་ན་ང་ཚོ་བོད་མི་ཡང་མེད་པ་ཆགས་ཀྱི་རེད། བོད་མི་མེད་པ་ཆགས་ན་ང་ཚོའི་བོད་ཀྱི་རིག་གཞུང་ཀྱང་མེད་པ་ཆགས། རིམ་བཞིན་ང་ཚོའི་ལྷ་ཡུལ་ལྟ་བུའི་བོད་ཀྱང་མེད་པ་ཆགས་སྲིད། དེ་འདྲ་སོང་ཙང་ང་ཚོ་བོད་མི་རྣམས་ས་ཆ་གང་དུ་གནས་ཀྱང་སོ་སོའི་ཕ་ཡུལ་གྱི་སྐད་ཡིག་དེ་ནམ་ཡང་བརྗེད་རྒྱུ་མེད། ང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་་བོད་པ་ཚང་མའི་ལས་འགན་རེད།
ང་ཚོའི་དགེ་རྒན་མང་པོ་ཞིག་གིས་སློབ་ཕྲུག་རྣམས་ལ་སྒྲུང་དེབ་མང་པོ་ཀློག་དགོས་བཅས་གསུང་གི་ཡོད། དམིགས་བསལ་བོད་ཡིག་སྒྲུང་དེབ་ཀློག་ན་ཚིག་གསར་རྣམས་བེད་སྤྱོད་བྱས་ནས་རྩོམ་དང་སྙན་ངག་སོགས་འབྲི་ཐུབ་པ་དང་། ང་ཚོས་དེ་འདྲ་བྱས་ནས་སོ་སོའི་སྐད་ཡིག་ཡར་རྒྱས་གཏོང་ཐུབ། མི་མང་པོས་སོ་སོའི་རྩོམ་གྱི་ལམ་ནས་དག་ཆ་དང་བོད་སྐད་ཐོག་སྐད་ཆ་ཤོད་སྟངས་ཡང་ཡར་རྒྱས་འགྲོ་ཡི་ཡོད།
ད་ལྟ་ང་ཚོ་བོད་མི་རྣམས་ལ་རང་བཙན་དང་སོ་སོའི་རྒྱལ་ཁབ་མེད་ན་ཡང་སོ་སོའི་སྐད་ཡིག་དེ་ཡག་པོ་སྦྱོང་དགོས། ས་ཆ་ཁ་ཤས་ལ་སྐད་ཡོད་ཀྱང་སྐད་ཡིག་མེད། ང་ཚོ་ལ་སོ་སོའི་ལུང་པར་ཡི་གེ་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མེད། ཐོན་མི་སམ་བྷོ་ཊས་དཀའ་ལས་བརྒྱབས་ནས་ང་ཚོ་ལ་རྒྱ་གར་གྱི་སྐད་ཡིག་ནས་དཔེ་བླངས་ཏེ་བོད་ཀྱི་ཡི་གེ་བཟོས་པ་བཞིན། ང་ཚོས་བོད་ཀྱི་སྐད་ཡིག་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོས་ལས་འགན་ཡིན།
ལས་འགན་དེ་དག་བྱེད་མ་ཐུབ་ན་ང་ཚོའི་ཞབས་འདྲེན་ཡིན། སློབ་ཕྲུག་ཁ་ཤས་ཀྱིས་བོད་སྐད་ཤོད་དུས་ཡག་པོ་ཤོད་ཐུབ་པ་དང་། ཡིན་ཡང་འབྲི་དུས་དག་ཆ་དང། དུས་གསུམ་བེད་སྤྱོད་བྱེད་སྟངས་ནོར་གྱི་ཡོད། དེ་གང་ཡིན་ཟེར་ན། ང་ཚོས་ག་དུས་ཡིན་ཡང་སྐད་ཆ་ཤོད་ཀྱི་ཡོད། ཡིན་ཡང་ཡི་གེ་ཉིན་ལྟར་འབྲི་ཡི་མེད། ཕྲུ་གུ་ཁ་ཤས་ཉིན་ལྟར་འབྲི་རྩོམ་བརྒྱབ་ནས་སྦྱོང་བརྡར་བྱེད་ཀྱི་ཡོད་ཀྱང་ལག་ལེན་ཐོག་ཐབས་ཤེས་བྱེད་ཀྱི་མེད། །
སློབ་ཕྲུག་ཚང་མས་དེ་འདྲ་བྱས་ནས་སྦྱོང་བརྡར་བྱས་ན་ང་ཚོའི་བོད་ཡིག་དེ་ནམ་ཡང་མེད་པ་ཆགས་ཀྱི་མ་རེད། ང་ཚོ་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་རྣམས་སྐྱིད་པོའི་ངང་ནས་བསྡད་ཡོད། ང་ཚོའི་༸གོང་ས་མཆོག་ལ་ལས་འགན་ཧ་ཅང་གི་མང་པོ་ཡོད། ང་ཚོ་ཚང་མ་ལ་ལས་འགན་གཅིག་ལས་མེད་པས་དེ་ཡག་པོ་བྱེད་དགོས། མཐར་སོ་སོའི་སྐད་ཡིག་ཡག་པོ་སྦྱོང་དགོས་སོ།