• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས།
    • གཞོགས་འདེགས་ཀློག་དེབ།
    • གཞོགས་འདེགས་རྒྱུ་ཆ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

ང་ཚོས་གསུང་ཆོས་ཞུ་སྐབས་ཕྱག་ག་དུས་འཚལ་དགོས་སམ་ཞེ་ན།

གསུང་ཆོས་སྐབས་ཆོས་ཐུན་སོ་སོར་ཐོག་མར་དབུ་འཛུགས་སྐབས་གསོལ་འདེབས་ཀྱི་ཕྱག་དང། གྲོལ་བའི་མཚམས་བཀའ་དྲིན་གཏང་རག་གི་ཕྱག་གསུམ་རེ་འཚལ་དགོས་ནའང། གསུང་ཆོས་ཀྱི་ཉིན་མཐའ་མར་གསུང་ཆོས་གྲུབ་པའི་སྐབས་ཕྱག་འཚལ་བའི་སྲོལ་མེད། དེ་བཞིན་བླ་མ་མཇལ་བའི་སྐབས་འབྱོར་ཕྱག་ཕུལ་བ་ལས། ཕྱིར་ཐོན་སྐབས་ཕྱག་འབུལ་ན། བླ་མ་ཡང་བསྐྱར་མི་མཇལ་བའི་རྟགས་རྟེན་འཁྱུག་པའི་གསུང་སྲོལ་གཅིག་དང། ཡང་། ལ་ལས་རྗེས་སུ་ཡང་བསྐྱར་མཇལ་རྒྱུ་ཡོང་བའི་རྟགས་རྟེན་དུ་བརྩི་བ་སོགས་གཉིས་ཀ་རྟེན་འབྲེལ་གྱི་གནད་ཡིན་པས་དེ་ཡང་ཡིད་འཇོག་གྱིས། ཡང་། གསུང་ཆོས་སྐབས་ཆབ་གཅིན་བྲོ་བའི་སྐབས་སམ། ཛ་དྲག་གནས་ཚུལ་གྱིས་རྐྱེན་པས་འགྲོ་དགོས་བྱུང་བ། ཡང་ན་གསོལ་ཇའི་བར་གསེང་དང་བསྟུན་ཆབ་གཅིན་དུ་འགྲོ་དགོས་བྱུང་ན། ཕྱག་གསུམ་འཚལ་ནས་ཐོན་དགོས། དེ་ནི་འགྲོ་བསྐྱོད་ཆོག་པའི་གནང་བ་ཞུས་པ་ལྟ་བུ་ཡིན། ཆབ་གཅིན་བཏང་རྗེས་སྟན་དུ་མ་འཁོད་གོང་ཕྱག་གསུམ་འཚལ་དགོས། དེ་ནི་ཡང་བསྐྱར་ཆོས་གྲལ་དུ་ཞུགས་འཐུས་འབྱོར་མཇལ་ལྟ་བུ་ཡིན།

ང་ཚོས་གསུང་ཆོས་ཞུ་སྐབས་ཕྱག་ག་དུས་འཚལ་དགོས་སམ་ཞེ་ན།

༡། ཆོས་ཐུན་སོ་སོར་ཐོག་མར་དབུ་འཛུགས་སྐབས།
༢། གསུང་ཆོས་གྲོལ་བའི་མཚམས་ལ།
༣། གསུང་ཆོས་ཀྱི་ཉིན་མཐའ་མར་གསུང་ཆོས་གྲུབ་པའི་སྐབས།
༤། བླ་མ་མཇལ་བའི་སྐབས།
༥། བླ་མ་ཕྱིར་ཐོན་སྐབས།
༦། གསུང་ཆོས་ཞུ་སྐབས་ཆབ་གཅིན་བྲོ་ན།
༧། ཆབ་གཅིན་བཏང་རྗེས་སྟན་དུ་མ་འཁོད་གོང་།
༨། ཛ་དྲག་གནས་ཚུལ་གྱིས་རྐྱེན་པས་འགྲོ་དགོས་བྱུང་ཚེ།
༩། གསོལ་ཇའི་བར་གསེང་དང་བསྟུན་ཆབ་གཅིན་དུ་འགྲོ་དགོས་བྱུང་ན།

བཀའ་སློབ། ཚན་པ་དང་པོ།
ལས་ཀ་བྱེད་ཚུལ་ནི།
བོད་ཕྲུག་གི་འོས་འགན་གསུམ་ནི།

This website is funded by DANIDA through CICED