གད་མོ་བགད་པ། རྩེད་མོ་རྩེ་བ། ལྟོ་ཟ་བ། འདམ་བག་འགོས་པ། མིག་ལོག་ལྟ་བ། ལག་པ་བཀྲུ་བ། ཁ་སྐྱེངས་པ། གད་མོ་ཤོར་བ། ལག་པ་འཆང་བ།
ངའི་སྤུན་མཆེད་འཇིགས་མེད་ནི་ད་ལྟ་ལོ་གཉིས་ལས་སོན་མེད། ཁོ་ནི་མཁུར་ཚོས་དམར་ལ་མིག་ཁྲ་སྒོར་སྒོར་ཞིག་ཡོད་པ་དང། གད་མོ་དགོད་དུས་འགྲམ་པའི་མཛེས་ཀོང་མངོན་གསལ་ཐོན་ཡོད།
ཉིན་ཞིག་འཇིགས་མེད་སྒོ་རའི་ནང་རྩེད་མོ་རྩེ་བཞིན་པའི་སྐབས་ངའི་ཨ་མས་ཁོ་ལྟོ་ཟ་བར་སྐད་བཏང་སོང། ཁོ་དགའ་པོའི་ངང་ནང་དུ་འཛུལ་ཡོང་དུས་ལག་གཉིས་ཀར་འདམ་བག་འགོས་འདུག ངས་ཁོ་ལ་ལག་པ་འཁྲུ་བར་རྒྱུགས་ཞེས་བཤད་པས། ཁོ་ཁྲོས་ནས་ང་ཚོར་མིག་ལོག་ལྟ་བཞིན་དུ་ད་ལན་ལག་པ་མ་བཀྲུས་ན་མི་འགྲིག་གམ་ཞེས་བཤད་བྱུང་བས། ངས་ལམ་སེང་འཇིགས་མེད་ལ། ལག་པ་བཙོག་པས་ཟས་རིགས་ལ་འཆང་ན་གྲོད་པ་ན་གི་རེད། ཤོག་དང་། གཅེན་མོས་ཁྱེད་ཀྱི་ལག་པ་བཀྲུ་རོགས་བྱས་ཆོག་ཅེས་བཤད་པས་འཇིགས་མེད་ཀྱིས་ལག་པ་གཙང་མ་བཀྲུས་སོང།
ཉིན་གཉིས་པར་ང་སློབ་གྲྭ་གྲོལ་རྗེས་ལག་པ་མ་བཀྲུས་པར་མོག་མོག་ལེན་རྩིས་བྱས་པ་དེ་འཇིགས་མེད་ཀྱིས་མཐོང་སྟེ་གཅེན་མོ་ཡག་པོ་མི་འདུག ལག་པ་མ་བཀྲུས་པར་ལྟོ་ཟ་རྩིས་བྱེད་ཀྱི་འདུག་ཅེས་བཤད་པ་མ་ཟད། ངའི་ལག་པ་ནས་འཇུས་ཏེ་འཁྲུད་གཞོང་ཡོད་སར་ཁྲིད་བྱུང། སྐབས་དེར་ནང་མི་ཚང་མ་གད་མོ་ཤོར་བ་དང་། ང་ཡང་ཁ་སྐྱེངས་པོ་བྱུང།
གལ་ཆེའི་མིང་ཚིག
སྤུན་མཆེད། ལོ། མཁུར་ཚོས། མིག གད་མོ། འགྲམ་པ། མཛེས་ཀོང་། སྒོ་ལ། རྩེད་མོ། ཨ་མ། ལྟོ། ལག འདམ་བག མིག་ལོག འཇིགས་མེད། ཟས། གྲོད་པ། གཅེན་མོ། ཉིན། སློབ་གྲྭ། མོག་མོག འཁྲུད་གཞོང་། ནང་མི། ཁ་སྐྱེངས་པོ།