ཚེ་ལས་འདས་པ། སྙོར་སྐྱོང་བྱེད་པ། ནར་སོན་པ། ཟས་གཡོ་བ། ཚོད་མ་འདེབས་པ། བྱ་དེ་གསོ་བ། སྐུད་པ་འཁེལ་བ། ཆུ་འཁུར་བ། ལུད་འཁུར་བ། རང་ཁ་གསོ་བ། འཁང་ར་བྱེད་པ། གཅར་རྡུང་བྱེད་པ། སྡིགས་མོ་བྱེད་པ། འཁོན་འཛིན་བྱེད་པ། བསྲི་ཚགས་བྱེད་པ།
ཨ་མ་ཚེ་ལས་འདས་པའི་གཏམ་ངན་ཐོས་རྗེས། ང་རང་སྡུག་བསྔལ་ཆེན་པོས་མནར། ང་རང་ཨ་མ་ལ་དགའ་ཞེན་ཆེ་ཞིང། ཁྱད་པར་དུ་ཁོ་མོས་མི་ཚེ་གང་པོར་ལས་ལ་བརྩོན་པས། འདས་དོན་ཤིན་ཏུ་མང་པོ་ཞིག་ངས་ནམ་ཡང་དྲན་རིན་ཡོད་པ་ཞིག་རེད། ངའི་ཨ་མར་བུ་བུ་མོ་བཅུ་གསུམ་སྐྱེས། ཨ་མ་གཅིག་པུས་བྱིས་པ་བརྒྱད་སྙོར་སྐྱོང་བྱས་ནས་ནར་སོན་དུ་བཅུག་ཡོད། རྒྱུན་པར་ནམ་མ་གསལ་གོང་དུ་མལ་ལས་ལངས། ཁྱིམ་མི་ཡོངས་ལ་ཟས་གཡོ། ད་དུང་ཞིང་དང་ཚོད་མ་འདེབས་པ་དང། བ་ཕྱུགས་དང་བྱ་དེ་གསོ་བ། སྐུད་པ་འཁེལ་བ་བཅས་བྱེད་དགོས། ཁོ་མོ་ལུས་སྟོབས་ཆེ་བས་ཆུ་དང་ལུད་ཀྱང་འཁུར་ནུས། འོན་ཀྱང་ཨ་མ་ནི་ཤེས་རྒྱ་ཆེ་ཞིང་འཇོན་ཐང་ལྡན་པས། རང་ཁ་གསོ་ཐབས་བྱེད་ཐུབ། ཁྱིམ་ཚང་འདིའི་ནང་ལ་ཨ་མ་ནི་ངལ་རྩོལ་དང་འཁང་ར་གཉིས་ཀ་བཟོད་བསྲན་ཐུབ་མཁན་ཞིག་ཡིན་ལ། ཁོ་མོའི་རང་བཞིན་ཞི་འཇམ་ལྡན་པས། ང་ཚོར་གཅར་རྡུང་དང་སྡིགས་མོ་གཏན་ནས་བྱས་མ་མྱོང་ལ། མི་ལ་འཁོན་འཛིན་ཡང་བྱས་མ་མྱོང། ཁོ་མོ་ནི་ཤིན་ཏུ་བསྲི་ཚགས་བྱེད་མཁན་ཞིག་ཀྱང་ཡིན།
 
བྱ་ཚིག།
ཐོས། མནར། བརྩོན། དྲན། སྐྱེས། བྱས། བཅུག ལངས། གཡོ། འདེབས། གསོ། འཁེལ། འཁུར། བཟོད།