ལྕང་ར་ཐར་ལམ་སྒྲོལ་མ། འཛིན་གྲྭ་བཞི་པ། ཀེ་ལཤ་པུ་ར་སཾ་བྷོ་ཊ་ཉིན་སློབ།
ང་ཚོ་ནི་འགྲོ་བ་རིགས་དྲུག་ནས། མི་་ཟེར་བའི་ལུས་རྟེན་རྩ་ཆེན་་འཐོབ་པའི་སེམས་ཅན་དེ་ཡིན། མི་ལུས་ནི། སེམས་ཅན་གཞན་ལས་གང་ཅི་ནས་ལྷག་པ་ཞིག་ཡིན་། ང་ཚོའི་མི་ཚེའི་དུས་གསུམ་དེ་གང་འདྲས་སྐྱེལ་དགོས་མིན། ང་ཚོའི་ཉིན་རེའི་བསམ་བློ་འཁྱེར་སྟངས་དང་ལས་ཀ་བྱེད་སྟངས་ལ་རག་ལས་ཀྱི་ཡོད། དེ་འདྲ་སོང་ཙང་། མི་ཚང་མ་སོ་སོའི་མི་ཚེའི་ནང་སྡུག་བསྔལ་མི་འདོད་པ་དང་བདེ་བ་བྱུང་ན་བསམ་མཁན་རྐྱང་རྐྱངརེད། ཡིན་ཡང། ང་ཚོའི་མི་ཚེའི་ནང་རང་ཉིད་སྐྱིད་པོ་ཞིག་དགོས་ཀྱི་ཡོད་ན། རང་གི་མི་ཚེའི་ནང་སོ་སོའི་འཇོན་ཐང་དང་ནུས་པ་ལ་ཚད་འཇལ་ནས་དམིགས་ཡུལ་གཅིག་འཛིན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དམིགས་ཡུལ་མེད་པ་ཡིན་ན་གང་ཡང་ཆགས་སྲིད་ཀྱི་མ་རེད། གལ་སྲིད། རང་ཉིད་ལ་དམིགས་ཡུལ་ཞིག་མེད་པར། གང་དྲན་བྱེད་འདོད་ཡོད་ཟེར་ན། དེ་ནི་ངེས་པ་མེད་པའི་དམིགས་ཡུལ་ཞིག་ལ་འགྱུར་བ་ཡིན། ང་རང་ཡིན་ན། ག་དུས་ཡིན་ཡང་དམིགས་ཡུལ་ཟེར་བ་དེ་ཆེ་ཆུང་ལ་མ་ལྟོས་པར། མི་ཚང་མ་ལ་དགོས་རྒྱུ་དེ་གལ་ཆེན་པོ་བསམ་མཁན་ཞིག་ཡིན། དེ་བཞིན། དམིགས་ཡུལ་དང་པོ་དེ་མི་བཟང་པོ་དང་འཇོན་པོ་ལྷག་བསམ་ཅན་ཞིག་བྱ་རྒྱུ་དེ་ཡིན། གཉིས་པ་ནི་སྨན་པ་དང་གསུམ་པ་དེ་སྨན་ཞབས་པ་བསམ་གྱི་ཡོད། དམིགས་ཡུལ་དང་པོ་དེ་ང་ཙམ་མིན་པར། མི་ཚང་མས་རང་ཉིད་ཀྱི་མི་ཚེའི་ནང་མི་བཟང་པོ་དང་དྲང་པོ་འཇོན་པོ་བྱུང་ན། སོ་སོ་སྡོད་སའི་སྤྱི་ཚོགས་དེའི་ནང་ཁེ་ཕན་ཆེན་པོ་ཡོད་པ་དང་། རང་ཉིད་སོ་སོ་ལའང་མི་གཞན་གྱི་བརྩི་འཇོག་དང་གུས་ཞབས། མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་གྱི་རེད། གལ་སྲིད་རང་ཉིད་སྤྱི་ཚོགས་ནང་གནས་པའི་རིང་སེམས་ངན་པ་དང་གཞན་ལ་གནོད་པ་རང་བསྐྱལ་ནས་བསྡད་པ་ཡིན་ན། སྤྱི་ཚོགས་ནང་དཀའ་ངལ་སྤྲོད་མཁན་གྱི་མི་ཞིག་ཏུ་འགྱུར་གྱི་རེད། སོང་ཙང་ང་ཚོ་མི་ཞིག་ཡིན་པའི་ཆ་ནས། དམིགས་ཡུལ་དང་པོ་དེ་བཟང་པོ་དང་དྲང་པོ། སྙིང་རྗེ་ལྡན་པའི་མི་འཇོན་པོ་ཞིག་ཆགས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ངའི་ཕ་མ་གཉིས་ཀྱིས་རྒྱུན་དུ་གསུངས་པ་དེ་བདེན་པ་རེད་ལགས། ང་རང་ཉིད་ཀྱང་སློབ་གྲྭ་དང་རང་ཁྱིམ་དུ་ཡ་རབས་ཀྱི་སྤྱོད་པ་གང་ཐུབ་བྱེད་ཀྱི་ཡོད། ངས་རང་ལས་སློབ་སྦྱོང་སྐྱོ་བའི་འཛིན་གྲོགས་ལ་ཡི་གེ་སློབ་པ་དང་རོགས་པ་གང་ཐུབ་བྱེད་ཀྱི་ཡོད། སོ་སོས་ལས་ཀ་ཡག་པོ་བྱས་པའི་འབྲས་བུར་ག་དུས་ཡིན་ཡང་སེམས་སྐྱིད་པོ་དང་གདེང་ཚོད་དང་ལྡན་པ་ཞིག་ཡོང་གི་འདུག དེ་ནི་ངས་བཟང་པོ་བྱས་པའི་བྱ་དགའ་ཞིག་ལ་ངོས་འཛིན་གྱི་ཡོད། ག་དུས་ཡིན་ཡང་། ང་ཚོས་བཟང་པོ་བྱས་ན། ཁེ་ལས་གྱོང་མེད་པས། ང་ཚོ་ཚང་མས་རང་ཉིད་མི་ཡག་པོ་ཞིག་ཆགས་རྒྱུ་ལ་འབད་བརྩོན་བྱེད་རོགས་ཞུ་རྒྱུ་དང་།
དེ་ནས་ང་རང་གི་དམིགས་ཡུལ་གཉིས་པ་དེ། བོད་པའི་སྨན་པའམ་དེང་དུས་ཀྱི་སྨན་པ་ཞིག་ཆགས་འདོད་ཡོད། ང་ཆུང་དུས་ནས་རང་ཉིད་སྨན་པ་ཞིག་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད། གལ་སྲིད་ང་སྨན་པ་ཚད་ལྡན་ཞིག་ཆགས་པ་ཡིན་ན། ངས་ནད་པ་མང་པོ་ཞིག་གི་སྲོག་གཏན་གཏན་སྐྱོབ་ཐུབ་ཀྱི་རེད་བསམ་གྱི་འདུག། ཡིན་ནའང་། ང་རང་ངོས་ནས་ད་ལྟ་ནས་མ་འོངས་པར་སྨན་པ་ཞིག་ཆགས་རྒྱུའི་གྲ་སྒྲིག་གང་ཐུབ་བྱེད་ཀྱི་ཡོད། གཙོ་བོ་དེ་སྨན་པ་ཞིག་ཆགས་བར་སློབ་ཚན་གང་གི་ཐོག་ཤུགས་རྒྱག་དགོས་པ་དང་དེ་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་དགོས་པ་རྣམས་ངས་ད་ལྟ་ནས་དེའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད། ངའི་ཕ་མའི་ངོས་ནས་ང་རང་ལ་མཐུན་འགྱུར་དང་དགེ་རྒན་ཚོས་གནང་བཞིན་པའི་བསླབ་བྱ་དེ་ཚོ་སེམས་ལ་བཞག་ནས་བརྩོན་འགྲུས་གང་ཐུབ་བྱེད་ཀྱི་ཡོད།
སྨན་པའི་ལས་ཀ་དེ་དངོས་གནས་འགན་ལྗིད་པོ་དང་ཕན་ཐོགས་ཅན་ཞིག་ཡིན། གང་ཡིན་ཟེར་ན། སྨན་པའི་ལས་ཀ་དེ་འགན་ལྗིད་པོ་ཡིན་པའི་རྒྱུ་མཚན་ནི། དཔེར་ན། སྨན་པས་སྨན་བཅོས་བྱེད་པའི་སྐབས་སུ་ནོར་འཁྲུལ་གཅིག་བྱུང་བ་ཡིན་ན། མིའི་སྲོག་དང་འབྲེལ་བ་ཆགས་ཡོད་པས། ང་ཚོ་སྐྱེས་པ་ནས་ནད་ལས་ཐར་ཐབས་མེད་པས། ན་ཚ་ལས་སྐྱོབ་མཁན་དེ་མེད་ན་མེད་ཐབས་མེད་པ་ཡིན་ཙང་། སྨན་པ་ནི་ང་ཚོར་དགོས་མཁོ་ཅན་ཞིག་ཡིན། ང་ནང་བཞིན་སྨན་པ་ཆགས་འདོད་ཡོད་མཁན་ཚོས། དངོས་གནས་སྨན་པ་ཆགས་འདོད་ན་སློབ་སྦྱོང་བྱེད་སྐབས་ཧུར་ཐག་བྱེད་པ་ལས། སྨན་པ་ཆགས་རྒྱུ་ནི་དེ་ཙམ་ལས་སླ་པོ་ཡིན་ས་མ་མེད། ང་རང་སྨན་པ་ཆགས་རྒྱུའི་གྲ་སྒྲིག་ད་ལྟ་ནས་བྱེད་ཀྱི་ཡོད། དགེ་རྒན་ཚོས་སློབ་གྲྭར་གང་བསླབས་པ་རྣམས་ཉིན་ལྟར་མ་ཆད་པར་བསྐྱར་སྦྱོང་དང་དཔེ་ཀློག་གི་གོམས་གཤིས་ཉིན་རེར་ཡར་རྒྱས་གཏོང་གི་ཡོད། ངའི་དམིགས་ཡུལ་གསུམ་པ་དེ་ནི། སྨན་ཞབས་པ་ཞིག་ཡིན། གལ་སྲིད་ང་རང་སྨན་པ་ཞིག་ཆགས་རྒྱུའི་རེ་བ་མེད་པ་ཡིན་ན། སེམས་ཤུགས་མ་ཆག་པར་སྨན་ཞབས་པ་ཞིག་བྱ་རྩིས་ཡོད། གང་ལྟར། ང་རང་ཆེན་པོ་ཆགས་དུས་ནད་པ་ལ་སྙིང་རྗེའི་སྒོ་ནས་རོགས་ཡག་པོ་ཞིག་བྱེད་འདོད་ཡོད། སོང་ཙང་། སྨན་ཞབས་པ་ནི་ནད་པ་དང་དུས་ཡུན་རིང་ཤོས་འབྲེལ་བ་བྱེད་མཁན་ཞིག་ཡིན་ཙང་། སྨན་ཞབས་པ་ཞིག་ཆགས་པར། རང་སོ་སོའི་འཕྲོད་བསྟེན་ཡག་པོ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་ས་རེད། རང་ཉིད་ཀྱི་གཟུགས་པོ་བདེ་ཐང་མེད་ན། དངོས་སུ་ལས་ཀ་བྱེད་དུས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཤག་རེད། དེ་འདྲ་སོང་ཙང་ང་རང་ད་ལྟ་ནས་སོ་སོའི་འཕྲོད་བསྟེན་ལའང་དོ་སྣང་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། ང་ནི་ད་ལྟ་ནས་རང་ཉིད་ཀྱི་དམིགས་ཡུལ་དངོས་སུ་བསྒྲུབ་པར་འབད་བརྩོན་བྱེད་ཀྱི་ཡོད།
ད་བར་དཔྱད་མཆན་མེད།