བོད་ཀྱི་སྐད་ཡིག་སློབ་ཚན་འཆར་འགོད་བྱེད་སྟངས།

རྡོ་སྦིས་ཟླ་བ་ཚེ་རིང།
དཔེ་སྟོན་སློབ་གྲྭ། འབྲིང་དགེ།

 
ནང་དོན་གནད་བསྡུས།

སློབ་ཚན་འཆར་འགོད་ནི་དགེ་རྒན་ཞིག་ལ་མཚོན་ན་ཁོའི་ཉིན་རེའི་ལས་ཁུར་ཁྲོད་ཀྱི་སྤྱིར་མོས་ཤིག་ཡིན་ནའང། སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཅིག་ལ་མཚོན་ན་ཁོའི་བསམ་བློར་འཕོ་འགྱུར་གཏོང་བྱེད་ཀྱི་འཕྲུལ་ཆས་ཤིག་ཡིན་པས། དགེ་རྒན་ཚོས་སློབ་ཚན་འཆར་འགོད་ཇི་ལྟར་སྣ་འཛོམས་པོ་དང་ཚགས་ཚུད་པོ་བཟོ་ཡི་ཡོད་ཚེ་རང་གཞན་ཀུན་ལ་ཁེ་ཕན་བླ་ལྷག་ཏུ་ཆེ་སྟེ། གཅིག་ནི་རང་གི་སློབ་ཚན་གང་ཡིིན་པ་དེ་ལམ་སློང་གིས་ངང་ནས་ཁྲིད་སླ་བའི་ཁེ་ཕན་ཡོད་ལ། ཅིག་ཤོས་ནི་ཁྱེད་ཀྱིས་གང་ཁྲིད་པ་དེ་སློབ་ཕྲུག་ཚོས་ཤེས་སླ་བའི་རྔོ་ཐོགས་ཡོད་པས་ན། དགེ་རྒན་ཚོས་སློབ་ཚན་འཆར་འགོད་འདི་གཙིགས་ཆེད་དུ་འཛིན་རྒྱུ་ནི་རང་གི་ལས་ཁུར་ལ་འགན་བཞེས་པའི་མཚོན་རྟགས་ཡིན། སློབ་ཚན་འཆར་འགོད་དེ་ཡང་སྣ་གཅིག་རང་མ་ཡིན་པར་ཉིན་རེ་ལས་ཉིན་རེར་འཕོ་འགྱུར་གཏང་དགོས་པའི་ལས་ཁུར་ཞིག་ཡིན་པར་འདོད་དོ།
བརྡ་ཆད་གཙོ་བོ། སློབ་ཚན་འཆར་འགོད། སློབ་ཁྲིད་ཀྱི་རྩ་དོན། སློབ་ཁྲིད་ཀྱི་དམིགས་ཡུལ། ཁྲིད་ཐབས། ཆར་བར་གཡོལ་བ།

དང་པོ། སློབ་ཚན་འཆར་འགོད་གྱི་སྟ་གོན་ཚགས་ཚུད་པོ་ཡོད་དགོས།

༡ ཁྲིད་བྱའི་སློབ་ཚན་གྱི་ཚིག་དོན་བྱང་དུ་ཆུབ་དགོས། ཁྲིད་བྱའི་སློབ་ཚན་གང་ཞིག་འཆར་འགོད་མ་བྱས་གོང་སློབ་ཚན་དེའི་ཚིག་དོན་གཉིས་ལ་བྱང་དུ་ཆུབ་དགོས་པ་མ་ཟད། སློབ་ཕྲུག་ཚོའི་རྒྱུད་ལ་སློབ་ཚན་གྱི་ནང་དོན་ཆ་ཚང་བ་ཞིག་འཇོག་ཐུབ་པར་འབད་བརྩོན་གནང་སྟེ་སློབ་ཕྲུག་ཚོ་རྩོམ་རིག་ལ་དང་པ་འདྲེན་པའི་ཀུན་སློང་སྐྱེད་སྲིང་བྱ་དགོས།
༢ རྒྱུ་ཆ་འཚོལ་སྒྲུབ་བྱ་དགོས། ཁྲིད་བྱའི་སློབ་ཚན་དེ་དང་འབྲེལ་གཞིར་ཆགས་པའི་དེབ་དང་དྲྭ་རྒྱ་བསྔོགས་ཞིབ་ཀྱིས་སློབ་ཚན་དེ་ཉིད་གཏིང་ཟབ་ཀྱིས་རྒྱུས་ལོན་བྱས་ཏེ་སང་ཉིན་སློབ་ཕྲུག་ཚོའི་རྒྱུད་ལ་ཀློག་དེབ་ལས་བརྒལ་བའི་ཤེས་བྱ་གསར་བ་རེའི་ས་བོན་བསྐྲུན་ཐབས་སུ་འབད་བརྩོན་གནང་དགོས།
༣ ཁྲིད་ཆས་ཀྱི་ཡོ་བྱད་གྲ་སྒྲིག་བྱ་དགོས། སློབ་ཚན་གྱི་བྱེད་སྒོ་དང་འབྲེལ་བའི་ཡོ་བྱད་གྲ་སྒྲིག་གང་ལེགས་ཀྱིས་སང་ཉིན་གྱི་སློབ་ཚན་དེ་དུས་ཚོད་ཆ་བགོས་ལྟར་འགྲོ་ཐུབ་པའི་འཆར་གཞི་སྔོན་དུ་འདིང་དགོས།

གཉིས་པ། སློབ་ཚན་འཆར་འགོད་ཀྱི་དཔེ་མཚོན་འགོད་སྟངས།

སློབ་ཚན་འཆར་འགོད།
འཛིན་རིམ་༨                            ཚོགས་ཐེངས་༢པ།                         དུས་ཡུན་སྐར་མ་༤༥
སློབ་ཁྲིད་ཀྱི་རྩ་དོན། (འབྲི་ཀློག་དག་གསུམ་གང་ལེགས་ཡོང་བར་འབད་བརྩོན་དང་བོད་ཡིག་ལ་མོས་པའི་བསམ་བློ་མཐོར་འདེགས་བྱ་རྒྱུ་ཡིན)

སློབ་ཚན། ཆར་བར་གཡོལ་བ།

དུས་ཚོད་ཆ་བགོས།                       སྐར་མ། ༤༥                                                                            སློན་ཐུན་གསུམ་བེད་སྤྱོད་བྱ་རྒྱུ།
བསླབ་ཟིན་བསྐྱར་སྦྱོང་། ༥              སློབ་ཁྲིད་དངོས་ཏེ་སློབ་ཚན་འགྲེལ་བཤད ། ༡༥                                  དགེ་སློབ་མཉམ་དུ་བྱེད་སྒོ༢༥

དམིགས་ཡུལ།
༡ (གནས་སྐབས་ཀྱི་དམིགས་ཡུལ) སློབ་ཚན་གྱི་ནང་དོན་ཡག་པོ་ཤེས་པའི་རྨང་གཞིའི་ཐོག་རྩོམ་ཡིག་ལ་དགའ་མོས་སྐྱེས་པའི་བསམ་བློ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན།
༢ (ཕུགས་ཀྱི་དམིགས་ཡུལ) སློབ་ཚན་འདིའི་བསམ་བློའི་རྨང་གཞི་བརྒྱུད་ནས་བོད་དང་བོད་ཀྱི་རྩོམ་རིག་གི་བསམ་བློའི་སྣེ་ཁྲིད་ཀྱི་རྩོམ་པ་པོ་ཡག་པོ་ཞིག་བཟོ་རྒྱུ་དེ་ཡིན།

ཁྲིད་ཐབས།
༡ སློབ་ཚན་འདི་ལྗགས་ཀློག་ཐེངས་གཅིག་གིས་རྗེས་གོ་དཀའ་བའི་ཚིག་གསར་དང་རྗོད་པ་རྣམས་རྟགས་རྒྱག་ཏུ་འཇུག་རྒྱུ།
༢ སློབ་ཚན་འདིའི་ཚིག་གསར་དང་བརྗོད་དོན་གཙོ་གནད་ཁག་དཀར་པང་དུ་བྲིས་ནས་འགྲེལ་བཤད་དང་རྩོམ་པ་པོའི་སེམས་ནང་གི་ཡག་པའི་སློབ་གསོའི་ཆ་དང་ཞན་པའི་བསམ་བློའི་ཆ་རེ་རེ་ནས་ཟུར་བཏོན་གྱིས་འགྲེལ་བཤད་བྱ་རྒྱུ།
ཁྲིད་ཆས། google classroom, google slide, དཀར་པང། སྣུམ་སྙུག སྦྱངས་ཤོག

སློབ་ཚན་གྱི་ནང་དོན་གནད་བསྡུས།

༡ བརྗོད་བྱ། ཆར་བར་གཡོལ་བ།
༢ རྩོམ་ལུས། ཚིག་ལྷུག
༣ བརྗོད་སྙིང། རྩོམ་ཡིག་འདི་ནི་ཇི་བཞིན་བརྗོད་པའི་ནང་གསེས་ཏེ་བྱ་བ་ཞིབ་འབྲིའི་ཁོངས་སུ་གཏོགས། རྒྱུ་མཚན་ནི་ཆར་བ་འབབ་བཞིན་པའི་དུས་ཚོད་དང་ཆར་བའི་དགེ་མཚན། ཆར་བ་ལ་གཡོལ་བའི་བྱ་སྤྱོད། ཆར་བས་སྦངས་པའི་མི་རྣམས་ཀྱི་རྣམ་འགྱུར་དང་བྱ་སྤྱོད་ཐ་དག་ཀློག་མཁན་གྱི་མིག་མདུན་དུ་གློག་བརྙན་ལྟ་བ་ནང་བཞིན་ཞིབ་འབྲིའི་སྒྱུ་རྩལ་ངོམ་ཡོད་པས་རེད།
སྤྱོང་ཚན། དམིགས་ཡུལ་འགྲུབ་མིན་གྱི་བརྟག་དཔྱད་བྱེད་སྒོ།
ཞིབ་འཇུག་དང་པོ།
༡ དྲི་བ་དང་དྲིས་ལན་བརྒྱུད་ནས་སློབ་ཕྲུག་ཚོའི་ཤེས་ཡོད་མེད་བརྟག་དཔྱད་བྱ་རྒྱུ།
༢ རྩོམ་ཡིག་འདིའི་ནང་དོན་ལ་བགྲོ་གླེང་གི་སྒོ་ནས་སློབ་ཕྲུག་ཚོས་ཤེས་ཡོད་མེད་བརྟག་དཔྱད་བྱ་རྒྱུ།
༣ རྩོམ་ཡིག་ལ་གོ་རྟོགས་ཡོད་མེད་སློབ་ཚན་འདིའི་རྒྱབ་ལྗོངས་ཀྱི་བསམ་ཚུལ་གླེང་རེས་ཀྱིས་བརྟག་དཔྱད་བྱ་རྒྱུ།
༤ སློབ་ཕྲུག་ཚོའི་བསམ་བློ་རྩོམ་ཡིག་འདི་ལ་ཕྱོགས་ཡོད་མེད་རྩོམ་པ་པོའི་ནང་སེམས་ཀྱི་འདོད་ཕྱོགས་དང་ བཤད་འདོད་པའི་སྐད་ཆ་བསྔོགས་འདོན་ཐུབ་མེད་ཀྱི་བརྟག་དཔྱད་བྱ་རྒྱུ།
ཞིབ་འཇུག་གཉིས་པ།
༡ རྩོམ་ཡིག་འདི་གཞི་ལ་བཞག་སྟེ་སློབ་མའི་རང་རྩོམ་བྲིས་པ་ལ་བལྟས་ནས་དམིགས་ཡུལ་འདི་འགྲུབ་ཡོད་མེད་བརྟག་དཔྱད་བྱ་རྒྱུ།
༢ སློབ་མས་བྲིས་པའི་རྩོམ་འགོ་འཛུགས་སྟངས་དང་བརྗོད་བྱ་སྟོན་སྟངས། རྩོམ་མཇུག་བསྡུ་སྟངས་ལ་བལྟས་ནས་དམིགས་ཡུལ་འདི་འགྲུབ་ཡོད་མེད་བརྟག་དཔྱད་བྱ་རྒྱུ།
ཞིབ་འཇུག་གསུམ་པ།
སྔོན་ལ་བསླབ་ཟིན་པའི་ང་དང་ཚགས་པར་གྱི་གཏམ་རྒྱུད་དང་ཐེངས་འདིའི་སློབ་ཚན་གཉིས་ལྒང་བུ་ཆ་འགྲིག་གི་བྱེད་སྒོའི་ལམ་ནས་མཚུངས་བསྡུར་བརྟག་དཔྱད་བྱ་རྒྱུ།

མི་མཚུངས་པའི་ཁྱད་ཆོས། མཚུངས་པའི་ཁྱད་ཆོས། མི་མཚུངས་པའི་ཁྱད་ཆོས།
༡                                ༡                        ༡
༢                              ༢                        ༢
༣                               ༣                        ༣
༤                              ༤                        ༤
ཞིབ་འཇུག་བཞི་པ།
ཉ་རུས་དཔེ་རིས་འདི་བེད་སྤྱད་ནས་སློབ་ཚན་གཞི་བཞག་གི་བྱེད་སྒོ་སྤེལ་དགོས།
ཐུགས་སྣང། གཤམ་གྱི་ཉ་རུས་དཔེ་རིས་སྟེང་གི་བརྗོད་གཞི་ཁག་དྲུག་གི་དོན་གནད་གཙོ་བོ་བཞི་རེ་བྲི་དགོས།