གློག་ཀླད་དགེ་རྒན་ངག་དབང་ཚུལ་ཁྲིམས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
སྒྲུང་ཉན་སློབ་མའི་འབྲི་རྩལ་གྱི་མན་ངག་ཡིན།
སྒྲུང་བཤད་སློབ་མའི་ཀློག་རྩལ་གྱི་མན་ངག་ཡིན།
སྒྲུང་ཀློག་སློབ་མའི་རྩལ་འབྱུང་གི་མན་ངག་ཡིན།
སྒྲུང་བྲིས་སློབ་མའི་རྩལ་གྱི་འབྱུང་ཁུངས་ཡིན།
སྤྱིར་བཤད་པ། སྤྱི་བཏང་ཉན་རྩལ་དང་འབྲི་རྩལ་གཉིས་དཔེ་ཀློག་བྱེད་དུ་འཇུག་པ་དང་སྒྲུང་ཉན་དུ་འཇུག་པ་དང་སྒྲུང་འབྲི་རུ་འཇུག་པའི་་རྒྱུད་ནས་ཡར་རྒྱས་གཏོང་ཐབས་ཡོད་ཀྱང་། དང་པོ་སློབ་མ་རྣམས་ཉན་རྒྱུ་དང་འབྲི་རྒྱུའི་ཐད་དགའ་མོས་དང་སྤྲོ་བ་ཡང་ན་བློ་འདོད་ཡོད་པའི་གཞི་བརྟེན་གྱི་ས་བོན་ཞིག་བཟོས་པའི་འབད་བརྩོན་གནང་རྒྱུ་དེ་གོམ་པ་དང་པོ་ཡང་ན་ཐབས་ལམ་དང་པོ་དེ་ཡིན། ཟིན་བྲིས་ཐོ་བཀོད་རྒྱག་རྒྱུ་ནི་སྐད་དང་སྒྲ་རྣམས་ཡིག་དབྱིབས་སུ་ཡང་ན་ཡིག་ཐོག་བཀོད་པ་ཟེར་པའི་དཔེ་ལྟར། ཉིན་ལྟར་བྱེད་ཐུབ་པའི་གོམས་གཤིས་ངེས་པར་དུ་ཡོད་པ་ཞིག་བཟོ་དགོས། དེ་ལྟར་བྱེད་མ་ཐུབ་ན་འབྲི་རྩལ་ཡར་རྒྱས་གཏོང་ཐུབ་པ་ཁག་པོ་རེད། དེར་བརྟེན་སྒྲུང་བཤད་དང་སྒྲུང་ཉན་གཉིས་ནི་ཉན་རྩལ་དང་འབྲི་རྩལ་གྱི་དགོས་ངེས་ཆེ་པའི་ལག་ཆ་ཧ་ཅང་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད། ཉན་དང་འབྲི་གཉིས་ཀྱི་འབྲེལ་བ་ནི་གཅིག་ལ་བརྟེན་ནས་སྒྲུབ་དགོས་པ་ལས་གཅིག་རྐྱང་གི་དོན་དག་སྒྲུབ་མི་ངེས། དེ་གཉིས་ནི་ཕ་མ་བུ་ཕྲུག་གི་འབྲེལ་བ་ལྟར་ཡིན། བརྡ་སྤྲོད་དང་ལེགས་བཤད་ལྗོན་དབང་གཉིས་ནི་འབྲི་རྩོམ་གྱི་ཡིད་བཅོལ་ས་གདན་གྱི་དངོས་དགོས་ལག་ཆ་གལ་ཆེ་པ་ཞིག་ཡིན་པས་དེ་དག་རྣམས་སློབ་མ་རྣམས་ངེས་པར་དུ་ཤེས་རྒྱུད་ལ་འཇགས་ཐུབ་པ་ཞིག་དགོས། འབྲི་རྩོམ་གྱི་སྒྲོམ་གཞི་འགྲོ་སྟངས་དང་བྲིས་སྟངས་ལ་སོགས་སྔོན་ཚོད་ནས་སློབ་ཕྲུག་རྣམས་དམངས་གཞི་ས་བརྟེན་སློབ་ཁྲིད་གནང་ནས་སློབ་མའི་ངེས་པར་དུ་ཤེས་ཏུ་འཇུག་དགོས། སྒྲུང་ཉན་པ་དང་བྲིས་པ་ཙམ་མ་ཟད་འདིར་མཉམ་དུ་དཔེ་ཀློག་བྱེད་དུ་བཅུག་པ་བྱ་རྒྱུ་ནི་ཉལ་རྩལ་དང་འབྲི་རྩལ་གྱི་རྒྱབ་བརྟེན་གྱི་གལ་ཆེ་ལག་ཆ་གཅིག་ཡིན་པས་དཔེ་ཀློག་ཡང་བྱེད་དུ་འཇུག་པ་བྱེད་རྒྱུ་གལ་གནད་ཆེ། རྒྱ་བཤད་དང་སྟོང་བྲིས་ན་འདྲ་ཡང་ན་ཕྱོགས་བཞི་མཚམས་བརྒྱད་བློ་སྟོབས་སྒྲིམ་ནས་སློབ་ཁྲིད་བྱེད་པ་ལས་བློ་དཀར་ལྷག་བསམ་ལྡན་པའི་ངང་སློབ་ཁྲིད་བྱེད་ཐུབ་པ་ཞིག་ངེས་པར་དགོས། དགེ་རྒན་ཀྱི་སློབ་མ་ཡོངས་ལ་མིག་བལྟ་དང་རྒྱབ་བསྐྱོར་དང་སློབ་ཁྲིད་གཅིག་མཚུངས་གནང་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ།
མྱོང་ཚོར་སྙིང་བསྡུས་དང་བཅས་བཤད་ན། ཉམས་མྱོང་ནི་ཆེད་གཞི་བརྟེན་གྱི་བློ་དད་འཁེལ་བའི་དགེ་རྒན་ཞིག་ཡིན་ཟེར་པའི་དཔེ་ལྟར། ཉམས་མྱོང་གི་གཏམ་བཤད་ཐུང་ཙམ་ཞིག་ཞུ་ན། ལ་དག་བོད་ཁྱིམ་སློབ་མ་ནང་ཁུལ་བོད་སྐད་ཡག་སྡུག་གི་ཁྱད་པར་ལ་ཆ་མཚོན་ན། འབྲོག་ཕྲུག་རྣམས་བོད་སྐད་གཙང་བཞིན་དྭངས་པ་དང་ལེགས་པར་འབྲི་ཐུབ། དེ་སྔོན་རང་ཉིད་སློབ་གྲྭ་ཐོན་རྗེས་འབྲོག་སྡེ་སློབ་གྲྭ་གཅིག་ནང་ལོ་གཉིས་ཙམ་རིང་དྭང་བླངས་ཐོག་སློབ་ཁྲིད་བྱེད་སྐབས་བོད་ཡིག་སློབ་སྐབས་བཀའ་ངལ་གཅིག་ཀྱང་མེད་པ་མ་ཟད་སློབ་མ་རྣམས་ཡང་ལས་སླ་པོའི་ནང་ཤེས་ཐུབ་ཀྱི་འདུག རྒྱུ་མཚན་ནི། གནས་སྡོད་ཡུལ་མི་རྣམས་བོད་སྐད་ལྷད་མེད་བཤད་མཁན་ཤ་སྟག་ཡིན་པ། བུ་ཕྲུག་རྣམས་གཉིད་ལ་མ་ཉལ་གོང་ཕ་མའམ་སྤོ་སྤོ་རྨོ་རྨོ་རྣམས་ཀྱིས་ཉིན་ལྟར་སྒྲུང་རེ་བཤད་ཀྱི་རེད། སྒྲུང་བཤད་པའི་སྐབས་བོད་སྐད་གཙང་མ་གཅིག་པོ་མིན་པ་བརྡ་སྙིང་གི་མིང་ཚིག་བེད་སྤྱོད་གནང་གི་ཡོད། དེར་བརྟེན་སློབ་ཁྲིད་སྐབས་འབྲོག་ཕྲུག་རྣམས་ལ་བོད་ཡིག་ལས་སླ་བའི་ངང་སློབ་གནང་། རང་ཉིད་ཀྱི་མྱོང་ཚོར་ཐད་སློབ་གྲྭའི་དུས་དཔེ་ཀློག་བྱ་རྒྱུ་དགའ་མོས་འདི་ཙམ་མེད་ཡང་༸གོང་ས་མཆོག་གི་མཛད་པའི་དཔེ་དེབ་ངའི་ཡུལ་དང་ངའི་མི་དམངས་ཐེངས་གཅིག་བཀླགས་ནས་ངའི་ཡིད་དབང་འཕྲོག་ནས་དཔེ་དེབ་འདི་རང་ཚར་ལྔ་བཀླགས་པ་ཡིན། ཚར་རེ་ལ་ནང་དོན་ལོག་ཁ་རེ་ཤར་གྱི་འདུག དེ་ནས་ཨིན་ཇི་ནང་ཕབས་འགྱུར་གནང་པའི་དེབ་འདི་ཀློག་སྐབས་ནང་དོན་ལས་སླ་བའི་ངང་དགོས་དོན་ཤེས་ཐུབ་ཀྱི་འདུག དེ་ནས་བཟུང་ང་དཔེ་ཀློག་ལ་དགའ་བཞིན་སྤྲོ་པའི་ངང་ཉིན་ལྟར་དཔེ་ཀློག་བྱེས་ཀྱི་ཡོད།
གྲུབ་ཆའི་ཆ་རྐྱེན་ཚང་དགོས་པ། སློབ་ཕྲུག་ནི་མཛངས་པའི་ཡོན་ཏན་དཔག་ཏུ་མེད་པའི་ཉི་འོད་ཀྱི་འཛུམ་མདངས་ལྟར་ལེགས་ཚོགས་དང་འཐུས་མི་སྐུ་ཚབ་ཅིག་ཡིན་ཡང་ནག་ནོག་འགོ་བ་རྣམས་ནས་ཐར་རྒྱུའི་འགྲུབ་སྲིད་པ་ཉིད་ཆགས་ཡོད། དགེ་རྒན་གྱིས་དེ་ལྟར་ངོས་འཛིན་ཐོག་སློབ་མ་རྣམས་ལ་སློབ་ཁྲིད་གནང་གལ་ཆེ། སློབ་ཕྲུག་གི་སློབ་སྦྱོང་བྱེད་སྐབས་ཀྱི་རྣམ་འགྱུར་དང་སློབ་ཕྲུག་སྒེར་གྱི་དགའ་ཕྱོགས་ལ་རྒྱུས་ལོན་གྱིས་ཤེས་པར་བྱས་ནས་ལྟ་ཞིབ་བྱེད་པའི་བརྒྱུད་ནས་སློབ་ཁྲིད་བྱེད་དགོས། སློབ་ཕྲུག་སློབ་སྦྱོང་བྱེད་པའི་དུས་སུ་སློབ་ཕྲུག་རེ་རེའི་ནུས་པར་རྒྱུས་ལོན་བྱས་ཏེ་ཐབས་ཤེས་གང་མང་གིས་བསམ་བློའི་འགྲོ་སྟངས་ཡང་ན་ཆགས་སྟངས་ཐོག་སློབ་ཁྲིད་བྱས་ནས་སློབ་ཕྲུག་གི་གོམས་སྲོལ་ལམ་གོམས་གཤིས་བཟང་པོ་འཛུགས་པ་ཞིག་བཟོ་དགོས། སློབ་ཕྲུག་གི་བསམ་ཚུལ་དང་སློབ་ཕྲུག་སྒེར་རེ་རེའི་སྙིང་སྟོབས་དང་ལུས་ཕུང་བདེ་ཐང་ཐོག་རྒྱུས་ལོན་དང་ཤེས་པར་བྱས་ཏེ་རོགས་རམ་ཇི་ཐུབ་གནང་དགོས། ་དང་ཐོག་སློབ་མའི་གནང་སྡོད་ཁོར་ཡུག་གི་ཤུགས་རྐྱེན་རག་ལས་ཡོད་པས་བོད་སྐད་གཙང་བཤད་དང་བོད་སྐད་རང་ཐད་བློ་འདོད་ཡོད་པའི་ཁོར་ཡུག་སྤྲུན་དགོས། སློབ་ཁྲིད་གནས་མཁན་གྱི་དགེ་རྒན་རྣམས་ཐ་སྙད་དང་མིང་ཚིག་(དོན་གཅིག་མིང་གི་རྣམ་གྲངས་)ཕྱུག་པ་ཞིག་དགོས། དགེ་རྒན་གྱི་ཁ་སྐད་དང་ཡི་སྐད་གཉིས་ཀྱི་ཁྱད་པར་འདི་ངེས་པར་ཏུ་སློབ་སྟོན་གནང་དགོས་པ་ནི་གཞི་རྩའི་སྒྲུང་འབྲི་པའི་སྐབས་ཀྱི་འགྲོ་ལུགས་ཡང་ན་་འགྲོ་སྟངས་ཆགས་ཡོད། སློབ་མ་རེ་ལ་དཔེ་དེབ་རེ་འདང་ངེས་དགོས། བོད་སྐད་གཙང་མ་བཤད་པའི་བརྙན་ཐུང་ཇི་མང་དགོས།
སློབ་ཁྲིད་འཆར་འགོད། འཛིན་གྲྭ་གཅིག་ལ་དཔེ་གཞི་བཞག་པ་ཡིན་ན། དང་པོ། སློབ་མ་རྣམས་དང་པོ་ཉན་རྒྱུ་ལ་དགའ་མོས་དང་འབྲི་རྒྱུ་ལ་བློ་སྤྲོ་ཡོང་པའི་ཆེད་དུ། ཐོག་མ་སློབ་མའི་གནས་རིམ་ལ་གཞིར་བཟུང་ནས་སྒྲུང་ཐུང་ཐུང་གོ་བདེ་པོ་དང་སྙན་པོ་ཅིག་སློབ་མ་རྣམས་ལ་སྐར་མ་༥ ནས་༡༠ བར་ཉིན་ལྟར་བཤད་དགོས། སྒྲུང་བཤད་པའི་སྐབས་དག་ཆ་དང་བརྗོད་བྱའི་ནོར་འཁྲུལ་ལ་མ་བལྟོས་བར་སློབ་མ་རྣམས་ངེས་པར་དུ་སྒྲུང་དེ་ཡིག་ཐོག་དུ་བྲིས་ཏུ་བཅུག་དགོས། སློབ་མས་བྲིས་པའི་སྒྲུང་རྣམས་ཐབས་མཁས་པའི་ངང་སྐྱོན་ཆ་འབྱུང་སླ་བའི་ཐད་ལ་དག་བཅོས་བཟང་པོ་བྱེད་དགོས། སློབ་མ་རྣམས་འབྲི་རྒྱུའི་ཐད་བློ་སྟོབས་སྐྱེད་དུ་འཇུག་པ་དང་ངོ་ཚ་མེད་པའི་ངང་སྒྲུང་ཇི་ལྟར་བྲིས་ཀྱང་ངེས་པར་དུ་སེམས་ཤུགས་སྐྱེད་དུ་བཅུག་ནས་འབྲི་རུ་འཇུག་དགོས། དེ་ལྟར་བྱས་ན་གང་ཙམ་ནས་སློབ་མའི་ཡིད་དབང་འཕྲོག་ནས་སྒྲུང་དང་རྩོམ་འབྲི་རྒྱུའི་དོ་སྣང་ཆེ་རུ་འགྲོ་བ་མ་ཟད་ལས་སླ་བའི་ངང་འབྲི་ཐུབ། དགེ་རྒན་གྱི་བསམ་བློ་གཏིང་ཟབ་བཏང་པ་དང་རིགས་པ་བསྒྲིམས་ནས་འཇུས་མཁས་པའི་ངང་སློབ་མ་རྣམས་ཀྱི་ཡི་གེ་དག་ནོར་རྣམས་བཅོས་བཟང་པོ་རྒྱབ་ཐུབ་པ་དགོས། གང་ལྟར་སློབ་མ་རྣམས་སྒྲུང་དང་རྩོམ་འབྲི་རྒྱུ་ལ་གོམས་གཤིས་འཇགས་ནས་ཉིན་ལྟར་འབྲི་བློ་ཡོད་པ་ཞིག་བཟོ་དགོས། སློབ་མ་རང་ངོས་ནས་གང་བྲིས་པ་རྣམས་ཀློག་ཏུ་འཇུག་པ་ཡིན་ན་ཕན་ནུས་ཆེ་པ་ཡོད། དེ་ནས་སློབ་མའི་ཉན་རྩལ་གྱི་ནུས་རྩལ་གང་ཡོད་སློབ་མ་རེ་རེའི་ནུས་པ་དང་འཇོན་ཐང་ཐད་ཏོག་ཙམ་དགེ་རྒན་གྱིས་ཤེས་ཀྱི་རེད། སློབ་མ་ནང་ཁུལ་ནང་སྒྲུང་བཤད་རྒྱུ་དང་རྩོམ་བྲིས་བཀློག་ཏུ་འཇུག་པ་ནི་ཕན་ནུས་ཆེན་པོ་ཡོད། དེའི་རྒྱུ་མཚན་ནི། སློབ་མ་ནང་ནས་འགའ་ཤས་སྒྲུང་བཤད་རྒྱུ་ལ་དགའ་མོས་ཡོད་པ་རེད། དེ་ནས་སློབ་མ་གཞན་འགའ་ཉན་རྒྱུ་ལ་དགའ་མོས་ཡོད་པ་རེད། དེ་ལྟར་གནང་ཐུབ་པ་ཡིན་ན་སློབ་མ་ནང་ཁུལ་ནང་གཅིག་ཕན་གཅིག་གྲོགས་ཀྱི་ནུས་པ་སྟོན་ཐུབ། དཔེར་ན། སློབ་མ་སྒྲུང་ཉན་རྒྱུ་ལ་དགའ་པོ་ཡོད་པ་རྣམས་འབྲི་དགོས་པའི་རྒྱུ་མཚན་མཐོང་ནས་སྒྲུང་འབྲི་རྒྱུ་ལ་དོ་སྣང་སྐྱེས་པ་དང་དེ་བཞིན་སྒྲུང་འབྲི་རྒྱུ་ལ་དགའ་པོ་ཡོད་པ་རྣམས་ཉན་རྒྱུ་གལ་ཆེ་མཐོང་ནས་ཉན་རྒྱུ་ལ་དོ་སྣང་སྐྱེས་པ་སོགས་ཕན་ཐོགས་ཡོད། དེ་ལྟར་གྱི་བྱེད་སྒོ་འཛིན་གྲྭའི་ནང་གནང་ཚེ་སློབ་མ་དང་དགེ་རྒན་གཉིས་ཀར་ཕན་པ་ཆེན་པོ་ཡོད། དགེ་རྒན་ཀྱིས་རྟོགས་ཞིབ་ནན་པོ་གནང་སྟེ་སློབ་མ་ཆ་ཚང་འཛུལ་ཞུགས་ཐུབ་པ་ཞིག་ངེས་པར་བཟོ་དགོས། སློབ་མའི་ངོས་ནས་ཉན་འབྲི་ཐད་དོ་སྣང་ཆེ་རྒྱུ་གཏོང་ཐབས་གནང་འབད་བརྩོན་གནང་ཐུབ། དེ་ནི་སྒྲུང་ཉན་རྒྱུ་དང་འབྲི་རྒྱུ་ཐད་གཉིས་ཀར་ཡར་རྒྱས་གཏོང་ཐབས་ལ་ཐབས་ལམ་ཞིག་ཆགས་ཡོད། དེ་ཉིན་ལྟར་མིན་པར་དུས་མཚམས་མཚམས་གནང་ཐུབ་ན་ལེགས། མཚམས་རེ་སློབ་མའི་བྲིས་གནང་པའི་སྒྲུང་རྩོམ་ཇི་བཞིན་དགེ་རྒན་གྱིས་སློབ་མ་ཡོངས་ཀྱི་མདུན་སར་བཀླགས་ནས་སློབ་མ་རྣམས་ཉན་དུ་འཇུག། དེའི་ཐོག་དྲིས་ལན་བྱེད་དུ་བཅུག་པ་ན་ཕན་པ་ཡོད། མཚམས་རེ་དགེ་རྒན་རང་ངོས་ནས་སྒྲུང་རྩོམ་ཐུང་ཐུང་བྲིས་ནས་སློབ་མ་ཡོངས་ཀྱི་མདུན་སར་སློབ་མ་གཅིག་ནས་བཀླགས་བཅུག་ནས་དེའི་ཐད་སློབ་མའི་བསམ་ཚུལ་ཇི་ཡོད་བཤད་ཏུ་འཇུག་ན་སློབ་མའི་སྒྲུང་དང་རྩོམ་གང་བཞིན་བྲིས་སྟངས་ཐད་སློབ་མའི་ཡག་འདེམས་ཀྱི་དཔེ་བླངས་ནས་ཉན་རྩལ་དང་འབྲི་རྩས་ལ་ཡར་རྒྱས་གཏོང་ཐབས་ལ་ཤུགས་རྐྱེན་སྤྲོད་ཐུབ།
གཉིས་པ། ཐབས་ཇུས་གཞན་ཅིག་ནི། སློབ་མ་རྣམས་ལ་བརྙན་ཐུང་བརྒྱུད་ཉན་རྩལ་དང་བྲིས་གཉིས་ཡར་རྒྱས་གཏོང་ཐབས། གལ་སྲིད་བརྙན་ཐུང་སྟོན་པ་ཡིན་ན་སློབ་མའི་ཉན་རྩལ་དང་འབྲི་རྩལ་གཉིས་ཀར་ཕན་ནུས་ཆེ། དེའི་རྒྱུ་མཚན་ནི། བརྙན་ཐུང་སྟོན་སྐབས་སློབ་མའི་ཉན་རྒྱུའི་དོ་སྣང་དང་བློ་སེམས་ཡར་རྒྱས་གཏོང་ཐབས་མ་ཟད་སྒྲུང་འབྲི་སྟངས་སྐོར་ཤེས་ཐུབ་ཀྱི་རེད། བརྙན་ཐུང་སྟོན་པའི་རྗེས་སློབ་མ་རྣམས་ལ་བརྙན་ཐུང་འདི་ཡིག་ཐོག་ལ་ཕེབས་བྲིས་བྱས་སུ་འཇུག་པ་དགོས། གང་ལ་བརྟེན་འབྲི་རྩལ་གྱི་ཡར་རྒྱས་ལ་ཕན་པ་མ་ཟད་ཚིག་གསར་མང་པོ་ཞིག་ཤེས་ཐུབ་ཀྱི་རེད། དེར་མ་ཟད་དག་ཆ་ཡར་རྒྱས་གཏོང་པ་ལ་ཕན་ནུས་ཆེན་པོ་ཡོད། ཇི་ཙམ་མང་པ་ཉན་པ་ཡིན་ན་དེ་ཙམ་གྱིས་འབྲི་རྩལ་ཡར་རྒྱས་འགྲོ་བ་མ་ཟད། མིང་ཚིག་མང་པ་ཞིག་ཤེས་ཐུབ་ཀྱི་རེད། བརྙན་ཐུང་ནང་བཤད་པའི་མིང་ཚིག་རྣམས་སློབ་མའི་ཤེས་པ་དང་དེར་སྙན་ཚིག་གི་འགྲོ་སྟངས་དང་བེད་སྤྱོད་གཏོང་སྟངས་སོགས་ཤེས་ཀྱི་རེད།
གསུམ་པ། སློབ་མ་ལ་དགའ་པོའི་སྐོར་གྱི་བརྙན་ཐུང་སྟོན་པའམ་བཤད་པ་སོགས་བྱས་ན་སློབ་མའི་ཉན་རྩལ་དང་འབྲི་རྩལ་གཉིས་ཀར་ཡར་རྒྱས་འགྲོ་བའི་ཐབས་བཟང་ཞིག་ཆགས་ཡོད། དགའ་པོའི་སྐོར་བཤད་སྐབས་སློབ་མའི་དོ་སྣང་ཆེ་རུ་ཉན་པ་དང་དགའ་མོས་ཡང་བྱེད་ཀྱི་རེད། དེར་བརྙན་ཐུང་སྟོན་པའམ་བཤད་པ་ཙམ་མ་ཡིན་པར་སློབ་མ་རང་ངོས་ནས་དགའ་བོའི་སྐོར་སྒྲུང་ཡང་ན་རང་རྩོམ་བྲིས་སུ་འཇུག་དགོས། སྤྱིར་དགའ་བོའི་བཀླག་རྒྱུ་འདི་སློབ་མ་གཅིག་པོ་མིན་པར་མི་ཕལ་ཆེ་བའི་དགའ་པོ་བྱེད་པ་མ་ཟད། མང་པོ་ཞིག་གིས་དེ་ལྟར་དཔེ་དེབ་བཀླགས་ནས་ཉན་རྩལ་དང་འབྲི་རྩལ་གཉིས་ཀར་ཡར་རྒྱས་འགྲོ་མཁན་མང་པོ་ཡོད་རེད། མང་པོ་ཞིག་ཉན་རྩལ་དང་འབྲི་རྩལ་གཉིས་དགའ་པོའི་སྒྲུང་དང་པོ་ནས་བཀླགས་ནས་སྒྲུང་རྩོམ་ལ་དགའ་སྤྲོ་ཆགས་པ་མ་ཟད་རྩོམ་པ་པོ་སྙན་གྲགས་ཆེན་པོ་ཆགས་པ་ཡང་ཡོད། དེར་བརྟེན་སློབ་མ་རྣམས་ལ་ཡང་དེ་ལྟར་སློབ་སྟོན་བྱེད་མི་ཆོག་པ་མ་རེད།
བཞི་པ། སློབ་མར་བྲིས་སུ་འཇུག་པའི་སྒྲུང་རྩོམ་རྣམས་དགེ་རྒན་གྱིས་བཟང་སྤྱོད་ངང་ལེགས་བཅོས་གནས་རྒྱུ་ནི་ཤིན་ཏུ་གལ་ཆེ་པོ་ཞིག་རེད། དག་བཅོས་བྱེད་སྐབས་སློབ་མའི་སྒྲུང་རྩོམ་ནང་ཚིག་རྣམས་ལ་ཐ་སྙད་གསར་པ་བེད་སྤྱོད་བྱེད་སྟངས་སློབ་ཁྲིད་གནང་རྒྱུ་ནི་དགེ་རྒན་གྱི་ལས་འགན་ཆེ་ཤོས་རེད། དཔེར་ན། སྟོད་ཐུང་སེར་པོ་འདི་བུ་རང་ལ་ལན་པོ། རན་པོ། མཚུངས་པོ་འདུག་ཟེར་པ་སོགས་སྒྲུང་རྩོམ་ནང་ཚིག་དོན་གསར་པ་འཇུག་སྟངས་སློབ་སྟོན་ངེས་པར་དུ་གནང་དགོས། ཐ་སྙད་པའམ་དོན་ཅིག་མིང་གི་རྣམས་གྲངས་ཞེས་པ་འདི་བེད་སྤྱོད་བྱེད་སྟངས་སློབ་མ་རྣམས་ཤེས་པ་ཡིན་ན་རང་བཞིན་གྱིས་འབྲི་རྩལ་ཡར་རྒྱས་འགྲོ་རྒྱུ་ལ་ཕན་ནུས་ཆེན་པོ་ཡོད། མིང་ཚིག་ཇི་ཙམ་ཤེས་ཀྱང་བེད་སྤྱོད་བྱེད་སྟངས་མ་ཤེས་པ་ཡིན་ན་མིང་ཚིག་ཕྱུག་པོ་ཡོད་ཕན་པ་ཡོད་པ་མ་རེད། དེར་བརྟེན་དགེ་རྒན་གྱིས་ངོས་ནས་སློབ་མ་རྣམས་ལ་མིང་ཚིག་འདྲ་མིན་བེད་སྤྱོད་བྱེད་སྟངས་སློབ་སྟོན་ངེས་པར་དུ་གནང་དགོས། གོང་གསལ་གྱི་ལེའུ་བཞི་འམ་ཐབས་ལམ་བཞི་རྣམས་རྒྱུན་ཆད་མེད་པར་མུ་མཐུད་ནས་ཉིན་ལྟར་བྱེད་དགོས་པའི་བྱེད་སྒོ་ཞིག་རེད། དེར་འདྲ་གནང་ཐུབ་ན་ཉན་རྩལ་དང་འབྲི་རྩལ་ཡར་རྒྱས་འགྲོ་རྒྱུ་ངེས་པར་རེད།
རང་མོས་གླེང་སྟེགས། ཟླ་བ་གཅིག་ནང་ཐེངས་གཅིག་ཙམ་རང་མོས་གླེང་སྟེགས་གནང་ན་དགེ་རྩལ་ཆེ། དེའི་སྐབས་སློབ་མ་རང་ཉིད་ཀྱིས་རྩམས་པའི་སྒྲུང་རྩོམ་རྣམས་སློབ་ཕྲུག་ཇི་མང་སར་བཀླགས་སུ་འཇུག་པ་དང་། སློབ་མ་གཞན་གྱིས་དེའི་སྐོར་དྲིས་ལན་དང་བསམ་ཚུལ་བརྗེད་ལན་བྱེད་པ་ཡིན་ཕན་ཐོགས་ཆེན་པོ་ཡོད། སློབ་མའི་རང་ཉིད་ཀྱིས་རྩམས་གནང་པའི་སྒྲུང་རྩོམ་རྣམས་བཀླགས་ཡིན་བསམ་པའི་སྤོབས་པ་དང་སླད་མ་འོངས་པར་མང་ཏུ་བྲིས་རྩོམ་གནང་པའི་རེ་བ་ཡོད། སློབ་མ་ཇི་ཙམ་མང་པ་དེར་ལྟར་འཛུལ་ཞུགས་གནང་ཚེ་སློབ་ཁྲིད་འཁོར་རྒྱུགས་ཡར་རྒྱས་འགྲོ་རྒྱུ་ཐད་རོགས་འདེགས་ཆེད་ཤུགས་བརྐྱེན་བཟང་པ་ཞིག་ཡོང་པ་ངེས།
མཇུག་གཏམ་བཤད་པ། ཕྱར་གྲུ་མཉམ་འདེགས་ནི་ལེགས་སྐྱེད་ཀྱི་རོགས་འདེགས་ཡིན་ཟེར་པའི་དཔེར། སློབ་མའི་ཕ་མའི་ངོས་ནས་མཉམ་རུབ་གནང་རྒྱུ་གལ་གནད་ཆེ་པ་དང་མཉམ་རུབ་གནས་པའི་རེ་སྨོན་དང་འདྲ་བཅས་ཟླ་༦ ཚེས་༡༣ ལ།
ད་བར་དཔྱད་མཆན་མེད།