བོད་ཡིག་སློབ་དེབ། དབུ་ཅན།

སྔོན་འགྲོའ་ིསྐད་ཡིག་སློབ་དེབ། (སྨད་ཆ)

ཕྱི་ལོ་༢༠༠༨ ལོར་བཀའ་ཤག་གིས་གཏན་ལ་ཕབ་པའི་སྔོན་འགྲོའ་ིབསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་བྱས།
ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་དང་རྩོམ་སྒྲིག་བྱས།

རྩོམ་སྒྲིག་འགན་ཁུར་བ། དྲུང་འཕར་བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། དཀར་གཞུང་བཀྲ་ཤིས་རྡོ་རྗེ། དགེ་འདུན་དོན་ཡོད།
ལག་བསྟར་རྩོམ་སྒྲིག་པ། དགེ་འདུན་དོན་ཡོད།
རི་མོ་འབྲི་མཁན། བློ་བཟང་རྒྱ་མཚོ། འོད་ཟེར།
དེབ་གཟུགས་དང་རྒྱབ་ཤོག་ཇུས་འགོད་པ། དགེ་འདུན་དོན་ཡོད།

སློབ་དེབ་བསྐྱར་ཞིབ་ཚོགས་ཆུང།

བྱམས་པ་དཔལ་མོ། (གྷོ་པལ་པུར་བོད་ཁྱིམ།)
བརྩོན་འགྲུས་བཟང་མོ། (སིམ་ལ་གཏན་སློབ།)
པ་སངས། (གངས་སྐྱིད་དཔེ་སྟོན་སློབ་གྲྭ།)

 

ཆེད་བརྗོད།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་། “ལོ་གསུམ་གྱི་སྔོན་འགྲོའ་ིའཛིན་གྲྭའི་ལམ་སྲོལ་བོད་མིར་འཚམས་པ་ཞིག་གསར་གཏོད་མ་བྱུང་བར་མོན་ཊེ་སོ་རིའི་ལམ་ལུགས་ལག་བསྟར་བྱ་རྒྱུ།” ཞེས་གསུངས་པ་ལྟར། སྔོན་འགྲོའ་ིསློབ་གྲྭ་མང་ཆེ་བས་ལག་ལེན་ཁྲོད་ཤོག་བྱང་སྤྱོད་ཤུགས་ཆེ་ཡང་། ཁག་ཅིག་ལ་མཐུན་རྐྱེན་འཛོམས་མིན་ཙམ་དུ་མ་ཟད། སློབ་གྲྭ་ཁག་གིས་སྔོན་འགྲོའ་ིསློབ་དེབ་ཅིག་དགོས་པའི་དགོངས་ཚུལ་བྱུང་བ་ལྟར། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངསདོན་བཞིན་གཏན་ལ་ཕབ་པའི་སྔོན་འགྲོའ་ིསྐད་ཡིག་བསླབ་གཞིའི་རྩ་འཛིན་གཞིར་བཟུང་སྟེ། སྔོན་འགྲོའ་ིསློབ་གྲྭའི་དགེ་རྒན་རྣམས་ཀྱི་བསམ་འཆར་བསྡུ་ལེན་དང་། འདས་པའི་བོད་ཕྱི་ནང་གི་སློབ་དེབ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོགས་བསྡོམས། སྔོན་འགྲོའ་ིསློབ་གྲྭའི་སྐད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་གཞི་རྩའི་ལམ་སྟོན་བཅས་སྒོ་ཀུན་ནས་ལེགས་ཆ་བླངས་ཐོག པར་རིས་ཁག་འབྲི་རུ་བཅུག་པ་དང་། དྲ་ཚིགས་ནས་ཕབ་ལེན་གྱིས་བཅོས་སྒྲིག་བྱས་ཏེ། གཙོ་བོ་བོད་མིའི་སློབ་གྲྭ་ཁག་གི་ད་ལྟའི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་ཏེ་རྩོམ་སྒྲིག་བྱས་པ་ཡིན། སྐད་ཡིག་སློབ་དེབ་འདི་ཉིད་སློབ་ཁྲིད་བྱེད་སྐབས་ཐུགས་སྣང་གནང་དགོས་པ་ནི། སློབ་དེབ་ནང་གི་རི་མོ་རྣམས་ངོས་འཛིན་དང་། བོད་སྐད་ཀྱི་མིང་ངག་ལ་བྱང་བར་བྱས་རྗེས་ཡི་གེ་ཀློག་ཏུ་བཅུག་སྟེ། འབྲི་ཀློག་གཉིས་ལས་ཀློག་ལ་གཙོ་འདོན་བྱེད་དགོས། སློབ་དེབ་འདི་ནི་སྔོན་འགྲོའ་ིབོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང། སློབ་མ། ཁོར་ཡུག ཆ་རྐྱེན། སློབ་ཁྲིད་ཐབས་ལམ་མི་འདྲ་བའི་གནས་སྟངས་འོག དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱ་དགོས་པ་དང་། འབྲེལ་ཡོད་སློབ་དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་སྐྱོན་དང་ནོར་འཁྲུལ་ཡོད་ན་ཡིག་ཐོག་ནས་ཡོ་བསྲང་ཡོང་བའི་རེ་སྐུལ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་༡༠ ཚེས་༥ ཉིན།