• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས།
    • གཞོགས་འདེགས་ཀློག་དེབ།
    • གཞོགས་འདེགས་རྒྱུ་ཆ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

སྨན་པ།

སྲོག་སྐྱོབ་པ། རྨ་གསོ་བ། སྨན་ཡོན་ལེན་པ། ནད་བཅོས་པ། སེམས་བསྐྱེད་པ། རྗེས་སུ་འབྲངས་པ། བརྩོན་པ་བྱེད་པ། སྨན་སྡེབ་པ། རྩ་བརྟག་པ། མགོ་བརྩམས་པ། སྨན་རྩྭ་བཏུས་པ། རོ་མྱངས་པ། སྨན་སྦྱོར་བྱེད་པ། སྨན་སྤྲད་པ།

ངའི་སྤོ་བོ་ལགས་ནི་སྨན་པ་ཞིག་ཡིན་ལ། མི་རབས་ནས་མི་རབས་བར་སྨན་གྱི་བྱ་བ་བསྒྲུབས་པ་ཡིན། དབུལ་པོ་ཚོའི་ནད་ལ་ལྟ་དུས། ནམ་ཡིན་ཡང་སྨན་ཡོན་མི་ལེན། སྨན་པ་ཚོས་སྲོག་སྐྱོབ་རྨ་གསོ་བྱས་ནས། ནད་པ་རྣམས་ནད་ཀྱི་སྡུག་བསྔལ་ལས་གྲོལ་དུ་འཇུག་ཐུབ་པ་དངོས་སུ་མཐོང་བར་བརྟེན། ངའི་པ་ལགས་ཀྱང་ཆུང་དུས་ནས་དབུལ་བོ་རྣམས་ལ་ནད་བཅོས་ཀྱི་དགེ་ལས་བསྒྲུབ་རྒྱུའི་སེམས་བསྐྱེད་དེ། ཁོང་ཡབ་ཀྱི་རྗེས་སུ་འབྲངས་ནས་སྨན་སློབ་པར་བརྩོན་པ་བྱས་པ་མ་ཟད། སྨན་སྡེབ་ཐབས་མི་ཉུང་བ་ཞིག་ཡིད་ལ་བཟུང་བ་རེད། ཁོང་གིས་དགུང་ལོ་ཉེར་གཉིས་ཐོག་དངོས་སུ་རྩ་བརྟག་ནད་བཅོས་ཀྱི་མགོ་བརྩམས་པ་རེད། ཁོང་གིས་ཕྱོགས་གཅིག་ནས་ནད་བཅོས་བྱས་ཤིང། ཕྱོགས་གཞན་ནས་སྨན་རྫས་ལ་བརྟག་དཔྱད་བྱེད་ཀྱི་ཡོད། སྨན་གཞུང་ལ་བལྟས་ནས་ས་ཆ་སོ་སོར་ཕེབས་ཏེ་སྨན་རྩྭ་བཏུས། དགུན་གྱི་གྲང་ངར། དབྱར་གྱི་ཚ་གདུག་བཅས་ལ་མི་འཛེམས་པར། སྨན་སྐྱེས་ཡོད་སའི་རི་བོ་གྲགས་ཅན་ཚང་མར་ཕེབས་མྱོང། ཁོང་སྐབས་འགར་ཉིན་མང་པོར་རི་གསེབ་ཏུ་བཞུགས་ནས། ལྟོགས་ན་བག་ལེབ་སྐམ་པོ་ཙམ་བཞེས་ཤིང། ས་རུབ་ཚེ་རི་ཁྲོད་ཐང་སྟོང་དུ་ཞག་བཞུགས་གནང། ཁོང་གིས་སྨན་རྩྭ་མང་པོ་ཞིག་གི་རོ་དངོས་སུ་ཞལ་གྱིས་མྱངས་རྗེས། སྨན་གྱི་རོ་དང་ཕན་ནུས་ཤེས་པའི་སྒོ་ནས་སྨན་སྦྱོར་བགྱིས་ཏེ་སྨན་སྤྲད་ཀྱི་རེད།

 

བྱ་ཚིག།

བསྒྲུབས། ལྟ། ལེན། བྱས། མཐོང་། གྲོལ། བསྐྱེད། འབྲངས། བཟུང་། བརྩམས། བལྟས། ཕེབས། བཏུས། འཛེམ། བཞུགས། ལྟོགས། བཞེས། མྱངས། བགྱིས། སྤྲད།

རྩོམ་ཡིག
གྲོགས་པོ་ན་བ།
ངའི་གཅེན་པོ།

This website is funded by DANIDA through CICED