ཚེ་གཅིག་ལ་བསགས་པའི་བསོད་ནམས། ཁོང་ཁྲོ་གཅིག་གིས་འཇོམས་པ་ལྟར། ཁོང་ཁྲོས་རང་མི་སྐྱིད། མི་མི་སྐྱིད་བཟོ་བ་དེ་ཁོང་ཁྲོའི་ཡོན་ཏན་རེད། ཁོང་ཁྲོ་ཟ་བའི་དགོས་དོན་དཀའ་ངལ་སེལ་ཐུབ་པ་དང། སྡུག་བསྔལ་ཉུང་དུ་བཏང་ཐུབ་ན། ཁོང་ཁྲོ་ཟ་བའི་དགོས་པ་བྱུང་བ་རེད། དེ་ལས་ལྡོག་སྟེ་སེམས་མི་སྐྱིད་པའི་ཁར། ལུས་ཀྱི་ཁྲག་ཤེད་འཕར་བ། གཞན་གྱི་མདུན་སར་རང་ཉིད་ཀྱི་སྔོ་ལོ་ཁྲོམ་སྟོན་བྱས་པ་ཡིན། ལས་གང་དང་ཅི་བྱས་འགྲིགས་དང་མ་འགྲིགས་སྣ་ཚོགས་ཡོང་ངེས་ཡིན། མ་འགྲིགས་པ་རྒྱུ་མཚན་དུ་བྱས་ནས་སེམས་འཛིན་བྱས་ཏེ་རྒྱབ་བསྟན་ནས་སྡུག་བསྔལ་སྒོམ་སྟེ་བསྡད་ན། ཅོལ་ཆུང་ཡིན་པའི་རྟགས་རེད།
ཁོང་ཁྲོའི་ཉེས་དམིགས་ནི།
༡། བསོད་ནམས་འཛད་པ།
༢། རང་གཞན་གཉིས་ཀ་མི་སྐྱིད་པ་ཆགས་པ།
༣། དཀའ་ངལ་ཆེ་རུ་ཕྱིན་པ།
༤། སྡུག་བསྔལ་མང་དུ་འཕེལ་བ།
༥། ཁྲག་ཤེད་འཕར་བ།
༦། སྔོ་ལོ་འཕྱར་བ།