གཅེན་མོ།   ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
གཅུང་མོ།   ཐུགས་རྗེ་ཆེ། ཁྱེད་ཀྱིས་ངའི་སྐྱེས་སྐར་ཉིན་མོ་བརྗེད་མི་འདུག
གཅེན་མོ།   ངས་ག་པར་བརྗེད་སྲིད་ཀྱི་རེད། ལག་རྟགས་འདི་ཁྱེད་ལ་ཡིན།
གཅུང་མོ།   འདི་ག་རེ་རེད།
གཅེན་མོ།   ཁ་བསྔོགས་ནས་ལྟོས་དང་།
གཅུང་མོ།   ཐུགས་རྗེ་ཆེ། འདི་སྒྲ་སྙན་རེད་འདུག ངས་སྒྲ་སྙན་ཞིག་ཉོ་དགོས་དྲན་ཡོད། ངའི་མི་ཚེའི་ནང་གི་ལག་རྟགས་ཡག་ཤོས་དེ་རེད།
གཅེན་མོ།   ཁྱེད་ཀྱིས་སྐྱེས་སྐར་ཉིན་སྒྲ་སྙན་དེ་ངེས་པར་དུ་དཀྲོལ་དགོས་ཡོད།
གཅུང་མོ།   དེ་སྔོན་པ་ལགས་ས་ནས་ངས་སྒྲ་སྙན་སྦྱངས་པ་ཡིན། དེ་རིང་ངས་སྒྲ་སྙན་དེ་དཀྲོལ་ནས་སྐུ་མགྲོན་ཚོར་གཞས་ཤིག་གཏོང་གི་ཡིན། ཐུགས་སྤྲོ་པོ་ཡོང་བའི་རེ་བ་ཡོད།
གཅེན་མོ།   ཁྱེད་ཀྱིས་སྒྲ་སྙན་ཡག་པོ་དཀྲོལ་གནང་སོང་། ཁྱེད་རང་སྐྱིད་པོ་བྱུང་ཡོད་ཤག་རེད།
གཅུང་མོ།   དེ་རིང་ཉིན་མོ་ཧ་ཅང་སྐྱིད་པོ་བྱུང་སོང་ལ། ངའི་སྐྱེས་སྐར་ཉིན་མོ་སྲུང་བརྩི་ཞུ་རྒྱུ་བྱུང་བ་དེ་ཁྱེད་ཉིད་ཀྱི་བཀའ་དྲིན་ཡིན།
གཅེན་མོ།   ད་ལན་སྟབས་བདེ་ཞིག་མ་གཏོགས་བྱུང་ཐུབ་མ་སོང་། རྗེས་མ་དེ་ལས་གྲ་རྒྱས་པ་སྲུང་བརྩི་ཞུ་རྩིས་ཡོད། ཁྱེད་རང་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་ལམ་ཡོད།
གཅུང་མོ།   གཅེན་མོ་ཁྱེད་ཀྱིས་སྐྱེས་སྐར་ཉིན་མོ་གོ་སྒྲིག་བྱེད་པ་དེ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཚགས་ཚུད་པོ་ཞེ་དྲག་བྱུང་སོང་།
གཅེན་མོ།   གཅེན་མོ་ཞིག་གིས་ངོས་ནས་གོ་སྒྲིག་ཞུ་རྒྱུ་དེ་འོས་འགན་རེད་ལ་དེ་ངའི་དུང་སེམས་མཚོན་ཆེད་ཙམ་ཡང་ཡིན།