དགོད་བྲོ་བ། ཁ་བྲལ་བ། མོ་ཊ་བཏང་བ། ཁ་བཀག་པ། ལན་བརྒྱབ་པ། འགྲུལ་བཞུད་བྱེད་པ། སྐད་ཆ་བཤད་པ།
ན་ནིང་ང་དགོད་བྲོ་བའི་གནས་ཚུལ་ཞིག་འཕྲད་པ་སྟེ། ང་ཕ་རན་སིའི་(France)ལྷོ་ཕྱོགས་ཀྱི་གྲོང་རྡལ་ཆུང་ཆུང་ཞིག་ནས་ཁ་བྲལ་ཏེ། མོ་ཊ་བཏང་ནས་གྲོང་རྡལ་རྗེས་མའི་ཕྱོགས་སུ་བསྐྱོད་པའི་ལམ་བར་དུ། ཕོ་གཞོན་ཞིག་གིས་ལག་པ་གཡུག་གཡུག་བྱས་ནས། ང་ལ་མོ་ཊའི་ནང་བླུགས་རོགས་ཟེར་བ་བཞིན། ངས་མོ་ཊ་ཁ་བཀག་པ་ཡིན། ཁོ་མོ་ཊའི་ནང་འཛུལ་མ་ཐག ངས་ཕ་རན་སིའི་སྐད་ཀྱི་ཁོར་ཞོགས་པ་བདེ་ལེགས་ཞུ་སྐབས། ཁོས་ཀྱང་ཕ་རན་སིའི་སྐད་ཀྱི་ཐོག་ནས་ང་ལ་ལན་བརྒྱབ་བྱུང་། ངས་ཕ་རན་སིའི་སྐད་ཚིག་ཁ་ཤས་རང་མ་གཏོགས་ཤེས་ཀྱི་མེད་པས། འགྲུལ་བཞུད་བྱེད་རིང་ངེད་གཉིས་ཕན་ཚུན་སྐད་ཆ་ཤོད་རེས་བྱས་མེད། གྲོང་རྡལ་དེར་སླེབས་གྲབས་བྱེད་སྐབས་གཞོན་ནུ་དེས་གློ་བུར་དུ་དལ་པོའི་སྒོ་ནས་ཁྱེད་རང་གིས་ཨིན་སྐད་ཤོད་ཤེས་ཀྱི་ཡོད་དམ་ཟེར་གྱི་འདུག་པས། དེ་དུས་ངས་གཞི་ནས་ཁོའང་ཨིན་ཇི་བ་ཞིག་ཡིན་པ་ཤེས་བྱུང་།