རོ་ཛྀ་ཎི་གི།
འཛིན་གྲྭ་བརྒྱད་པ། ཤིམ་ལ་སཾ་བྷོ་ཊ་གཏན་སློབ།
རྩོམ་པ་པོ། ངག་དབང་བསྟན་འཛིན། ཐེ་བོ་སངས་རྒྱས། འབྲུག་བསྟན་སྐྱིད།
སྒྲུང་གི་ནང་དོན་སྙིང་བསྡུས། ང་ཚོས་གཟབ་ནན་གྱིས་རྩེད་དགོས། ཉིན་མ་གཅིག་བློ་བཟང་ལྡུམ་རའི་ནང་དུ་ཡོད། ཁོས་མེ་ཏོག་གི་དྲི་མ་སྣོམ་གྱིན་ཡོད་པ་རེད། ཀུན་བཟང་ཡང་ལྡུམ་རའི་ནང་དུ་སླེབས་པ་རེད། མོས་ཕྱུ་པ་ཚོན་མདོག་སྙིང་རྗེ་པོ་ཞིག་གྱོན་ཡོད། ཀུན་བཟང་དང་བློ་བཟང་གིས་གབ་རེས་ཡིབ་རེས་བརྩེ་རྒྱུ་བྱས། བློ་བཟང་གིས་གྲངས་ཀ་ལྔ་བཅུ་བར་དུ་བརྩིས། ཀུན་བཟང་རྒྱུགས་ནས་ཐབ་ཚང་ནང་ལ་ཡིབ་པར་ཕྱིན། ཀུན་བཟང་འབྲས་དོ་པོ་ཆེན་པོ་ཞིག་གི་རྒྱབ་ལ་ཡིབས་པ་རེད། བློ་བཟང་གིས་ཀུན་བཟང་ལྡུམ་རའི་ནང་དུ་བཙལ་ཡང་མ་རྙེད། བློ་བཟང་ཐབ་ཚང་ནང་ལ་ཀུན་བཟང་འཚོལ་བར་ཕྱི་ནས་ཀུན་བཟང་འཇུས་པ་རེད། དེ་ནས་བློ་བཟང་གི་ཡིབ་རེས་ཡིན་པ་དང་བློ་བཟང་ཉལ་ཁང་ནང་དུ་བརྒྱུགས་པ་རེད། ཀུན་བཟང་གིས་བློ་བཟང་ལྡུམ་རའི་ནང་ལ་བཙལ་ཡང་བློ་བཟང་མ་རྙེད། དེ་ནས་བློ་བཟང་ཐབ་ཚང་ནང་དུ་བརྒྱུགས་པ་རེད། ཁོའི་ལག་པ་རྩམ་ཁུག་གི་ལུང་ཐག་ལ་འཁོན་པ་རེད། བློ་བཟང་གི་མགོའི་སྒང་ལ་རྩམ་ཁུག་ཟག་པ་རེད། བློ་བཟང་གི་གཟུགས་པོ་ཆ་ཚང་དཀར་པོ་ཆགས་པ་རེད། ཀུན་བཟང་གིས་མཐོང་བ་དང་གད་མོ་དགོད་ཀྱིན་བློ་བཟང་དང་མཉམ་དུ་ཡར་མཆོང་མར་མཆོང་བྱས། དེ་ནས་ཁོ་རང་གཉིས་ཀ་རྩམ་པས་དཀར་རྐྱང་ཆགས་པ་རེད།
ཕྱེ་མ་ལེབ་ཀྱི་པར་རྗེས།
རྩོམ་པ་པོ། སྐལ་བཟང་རྒྱ་མཚོ། བསྟན་འཛིན་ཚེ་དབྱངས། ཐུབ་བསྟན་ཆོས་འཕེལ།
སྒྲུང་གི་ནང་དོན་སྙིང་བསྡུས། ཉིན་མ་གཅིག་མཁའ་འགྲོ་དང་མཚོ་མོ་སློབ་གྲྭ་ནས་ལོག་ཡོང་སྐབས། ཁོ་གཉིས་ཀྱི་ལམ་ཁའི་འགྲམ་ལ་མེ་ཏོག་གི་ལྡུམ་ར་ཞིག་མཐོང་བ་རེད། མཁའ་འགྲོ་དང་མཚོ་མོ་ལྡུམ་རའི་ནང་དུ་ཕྱིན་ཏེ་ལྡུམ་རའི་ནང་དུ་རྩི་ཤིང་འདྲ་མིན་ཡོད་པ་མཐོང་། ཁོ་གཉིས་མགྱོགས་པོ་ཉི་མ་མེ་ཏོག་གི་འགྲམ་དུ་ཕྱིན་པ་རེད། མཚོ་མོས་མེ་ཏོག་དེའི་སྒང་ལ་ཕྱེ་མ་ལེབ་བབས་པ་མཐོང་། ཁོ་གཉིས་ག་ལེར་མེ་ཏོག་གི་འགྲམ་ལ་ཕྱིན། མོས་ཕྱེ་མ་ལེབ་དེ་སྦར་མོའི་ནང་དུ་ཉར་ཡོད་པ་རེད། མཁའ་འགྲོས་སྦར་མོ་ཁ་ཕྱེ་ནས་བལྟས་པ་རེད་། མཁའ་འགྲོས་པར་རྗེས་དེ་མཚོ་མོ་ལ་བསྟན་པ་རེད། མཚོ་མོས་པར་རྗེས་དེ་མོ་རང་གི་སྦར་མཐིལ་ལ་ལེན་ཐབས་བྱས་པ་རེད།
བྱིའུ་ཆུང་ཆུང་།
རྩོམ་པ་པོ། ངག་དབང་བསྟན་འཛིན། ཐེ་བོ་སང་རྒྱས། འབྲུག་བསྟན་སྐྱིད།
སྒྲུང་གི་ནང་དོན་སྙིང་བསྡུས། ང་ཚོས་ངེས་པར་དུ་སྲོག་ཆགས་ལ་ལྟ་སྐྱོང་བྱེད་དགོས། ཉིན་ཞིག་མཁའ་འགྲོ་དང་མཚོ་མོས་བྱིའུ་ཞིག་གི་སྐད་གོ་བ་རེད། ཁོ་གཉིས་ཀྱིས་ཆ་སྒམ་སྒང་ལ་བྱིའུ་ཆུང་ཆུང་ཞིག་མཐོང་བ་རེད་ཞི་མི་ཨ་ནུས་བྱིའུ་ཆུང་ཆུང་ལ་ལྟ་བསྡད་པ་མཚོ་མོས་མཐོང་བ་དང་ཞི་མི་ཕྱི་ལ་བཏོན་པ་རེད། མཁའ་འགྲོས་བྱིའུ་ཆུང་ཆུང་དེའི་འགྲམ་ལ་ཕྱིན་པ་རེད། བྱིའུ་ཆུང་ཆུང་དེ་སྒེའུ་ཁུང་ཡོད་སར་འཕུར་བ་རེད། མོས་བྱིའུ་ཆུང་ཆུང་དེ་ག་ལེར་འཇུས་པ་རེད། བྱིའུ་ཆུང་ཆུང་དེས་མཚོ་མོ་ལ་མཆུ་ཏོ་བཙུགས་པ་རེད། བྱིའུ་ཆུང་ཆུང་དེས་འབྲས་མ་བཟས་པ་རེད། མཚོ་མོས་སྒེའུ་ཕྱེ་བ་དང་བྱིའུ་ཆུང་ཆུང་དེས་སྐད་ཅིར་ཅིར་བརྒྱབ་སྟེ་ཁང་པའི་ཕྱི་ལ་འཕུར་བ་རེད།
ད་བར་དཔྱད་མཆན་མེད།