ལས་ཀ་དང་སློབ་སྦྱོང་གི་དུས་ཚོད་གཏོང་དགོས་རིགས་ཕུད། དེ་མིན་གྱི་དུས་གསེང་སྐབས་གཟུགས་མཐོང་བརྙན་འཕྲིན་དང་། ཀམ་པུ་ཀྲར་ཐོག་དུས་ཚོད་མང་པོ་གཏོང་བ་དེས། མིག་ལ་གནོད་པར་མ་ཟད། དུས་ཚོད་འཕྲོ་བརླག་དང་། ཕྱོགས་གཞན་ནས་དེ་ལ་རིག་པ་སྒྲིམ་དྲགས་རྐྱེན་ཐང་ཆད་དེ་སློབ་སྦྱོང་ལ་འཐུས་ཤོར་འགྲོ་ཉེན་མཐོང་བས་རང་གིས་རང་བཅུན་ཏེ་ཡོ་བསྲང་བྱེད་དགོས།
གཟུགས་མཐོང་བརྙན་འཕྲིན་དང་ཀམ་པུ་ཀྲར་ཐོག་དུས་ཚོད་གཏོང་དྲགས་ན།
༡། མིག་ལ་གནོད་པ།
༢། དུས་ཚོད་ཆུད་ཟོས་སུ་ཕྱིན་པ།
༣། སློབ་སྦྱོང་ལ་འཐུས་ཤོར་བ།