འཆི་མེད་ལྷ་མོ།
འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།
རྩོམ་པ་པོ། སྙེ་ཐང་འཇོལ་མོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་རྒྱ་མཚོ་ཆེན་པོ་ཞིག་ནང་ཉ་ཁྱུ་ཚོགས་ཤིག་གནས་སྡོད་བྱེད་ཀྱི་ཡོད། དེའི་ནང་ལ་གསེར་ཉ་ཆུང་ཆུང་ཞིག་ཡང་ཡོད། གསེར་ཉ་དེ་ནི་ནམ་རྒྱུན་ནས་ཧ་ཅང་སྐྱིད་པོ་སྡོད་ཀྱི་ཡོད་པ་དང་། མཚོའི་ནང་གི་སེམས་ཅན་མཉམ་དུ་ཧ་ཅང་མཐུན་པོ་ཡང་ཡོད། ཉིན་ཞིག་ཁོང་ཚོ་ཚང་མ་དུས་རྒྱུན་ལྟར་སྐྱིད་པོ་བྱས་ནས་བསྡད་ཡོད་དུས། འབྱུང་བཞི་འཁྲུགས་པའི་རྐྱེན་གྱིས་ཆུའི་ནང་ས་ཡོམ་ཧ་ཅང་ཤུགས་ཆེན་པོ་བརྒྱབ་ནས་སེམས་ཅན་ཚང་མ་ས་ཆ་ག་སར་ཁྱེར་ཕྱིན། གསེར་ཉ་དེ་ནི་ནུབ་ཕྱོགས་ཀྱི་བྱེ་ཐང་ལ་སླེབས་ཡོད་པ་རེད། ཁོ་ནི་ལུས་ན་ཟུག་བརྒྱབ་སྟེ་ཡར་ལངས་མ་ཐུབ་ནས་ལྷག གང་ཙམ་ནས་བུ་སེམས་བཟང་གཉིས་ཀྱི་ཁོ་ཆུའི་ནང་དུ་གློད། ཉ་དེ་ཆུའི་ནང་ལ་གཟུགས་པོ་ཉིན་རེ་བཞིན་དྲག་སྐྱེད་བྱུང་བ་དང་རང་གི་གནས་ལ་ཕྱིན། ཁོང་ཚོ་སེམས་ཅན་ཁ་ཤས་སྲོག་ཤོར་ཡོད་པ་དང་། ཁ་ཤས་རྐང་ལག་སོགས་ལ་རྨས་སྐྱོན་ཤོར་བའི་གནས་སྟངས་མཐོང་དུས་ཉ་ཆུང་ཆུང་དེ་སེམས་པ་དགའ་སྐྱོ་གཉིས་ལྡན་བྱུང་བ་རེད།
ཚིག་གསར། དྲག་སྐྱེད། གོད་ཆགས། དངངས་སྐྲག ཕར་འཁྱོམ་ཚུར་འཁྱོམ།
བུ་ཆུང་བསྟན་འཛིན་གྱི་ལས་དབང་།
རྩོམ་པ་པོ། སྙེ་ཐང་འཇོལ་མོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་ལུང་པ་ཞིག་གི་ནང་མ་བུ་གཉིས་གནས་སྡོད་བྱེད་ཀྱི་ཡོད། ཨ་མ་སྒྲོལ་མ་ལགས་ལོ་ན་ཆུང་དུས་ཚོང་ཙག་ཙིག་བརྒྱབ་ནས་མ་བུ་གཉིས་འཚོ་བ་སྐྱེལ་གྱི་ཡོད། ཨ་མ་ལགས་ལོ་ན་ཆེ་རུ་འགྲོ་བ་དང་ན་ཚ་མང་དུ་ཕྱིན་པས། བུ་ཆུང་གི་བསམ་པར་ཨ་མ་ལོ་ན་ཆེ་བ་དང་རྒྱུན་དུ་ཡང་ཡང་སྙུང་གི་འདུག་པས། ཁོས་སྔོ་ཚལ་དང་ལ་ཕུག་སོགས་ཁྱེར་ནས་ཁྲོམ་ལ་བཙོངས་ནས་ནང་གི་མཁོ་ཆས་སོགས་ཉོ་དགོས་བསམས། ཁོས་དེ་འདྲ་བཙོངས་ཀྱང་དངུལ་དེས་ནང་གི་མཁོ་ཆས་མ་གཏོགས་ཁོ་རང་གི་དགའ་བའི་གོས་དང་ཐ་ན་རྔན་པ་ཉུང་ཙམ་ཡང་ཉོ་ཐུབ་ཀྱི་མེད། ཉིན་ཞིག་ཁོ་ལམ་ཟུར་ནས་རྒྱན་ལྟར་ཚལ་བཙོངས་ནས་སྡོད་དུས། སློབ་ཕྲུག་ཁ་ཤས་མཐོང་བ་དང་ཁོའི་མིག་ནང་འཆི་མས་ཁེངས། ཡིན་ན་ཡང་། ཁོའི་རང་གི་གནས་སྟངས་ཤེས་པས་ནང་ལ་ལོག་ནས་ཨ་མར་ནད་གཡོག་རྒྱུག་པ་རེད། སང་ཞོགས་ཁོ་ནམ་རྒྱུན་ལྟར་ལམ་ཟུར་ལ་སྡོད་དུས་ཨ་ཅག་ལོ་ན་བཞི་བཅུ་ཞིག་དང་ཕྲད། ཨ་ཅག་གིས་ཁོའི་སྒྲུང་ཉན་པ་དང་། ཁོ་ལ་སྙིང་རྗེ་སྙམས་ཏེ་ཁོ་ལ་རོགས་པ་བྱས་པ་རེད། དེ་ནས་ཁོ་སློབ་གྲྭར་འགྲོ་བ་མ་ཟད་ད་ཆའི་ཐོག་ལས་ཁུངས་ལ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཨ་མ་ཡང་ཡག་པོ་དྲག་ཡོད་པས་ད་ཆ་མ་བུ་གཉིས་འཚོ་བ་སྐྱིད་པོར་རོལ་རྒྱུ་བྱུང་བ་རེད།
ཚིག་གསར། ཙག་ཙིག ཁྲོམ་གཞུང་། དྲུང་ཆེ། མཁོ་ཆས། རེ་སྐུལ།
སློབ་གྲྭ།
རྩོམ་པ་པོ། སྙེ་ཐང་འཇོལ་མོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་སློབ་འབྲིང་ཞིག་གི་ནང་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་བཀྲ་ཤིས་ཟེར་བ་ཞིག་ཡོད། ཁོའི་དངུལ་རྣམས་ཟ་རྒྱུའི་རིགས་དང་རྩེད་ཆས་ལ་གཏོང་གི་ཡོད། ཁོས་རྒྱུན་དུ་སློབ་སྦྱོང་ལ་དོ་སྣང་མ་བྱས་པ་མ་ཟད་ནང་སྦྱོང་བསྐུར་ཡང་བྲིས་མྱོང་མེད། ཁོས་དཔོད་བྲིས་གཏོང་སྐབས་གཞན་ནས་བཤུ་ཡི་ཡོད། འཛིན་ཁང་ནང་གད་རེས་འཁེལ་དུས་སློབ་མ་གཞན་ལ་དངུལ་དང་རྔན་པ་སྤྲད་ནས་བྱེད་རོགས་ཞེས་ཞུ་བ་འཐེན་གྱི་ཡོད། དགེ་རྒན་དང་ཕ་མ་གཉིས་ཀྱིས་ཁོ་ལ་ཐེངས་མང་པོ་ཀུན་སྤྱོད་ཐོག་སྐྱོན་བརྗོད་དང་འགྱུར་བ་གཏོང་བར་སློབ་གསོ་གནང་ཡང་ཉན་གྱི་མེད། དེ་ལྟར་བྱེད་བཞིན་ཁོ་སློབ་སྦྱོང་ལ་འཐུས་ཤོར་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། ཡིག་ཚད་ཀྱི་གྲུབ་འབྲས་ཀྱང་འཛིན་གྲྭའི་ནང་སྐྱོ་ཤོས་ཆགས་པ་རེད། ཉིན་ཞིག་ཁོ་ལ་རྒན་ལགས་ཀྱིས་ཉེས་པ་བཏང་པ་དང་ཁོས་དེ་དག་བྱེད་འདོད་མེད་པར་བྲོས་ནས་ཕྱིན།
རྒན་ལགས་ལ་ནང་ནས་ཁོ་མེད་པའི་སྐོར་ཁ་པར་འབྱོར་དུས་ཁོ་བཙལ་བར་རྒན་ལགས་དང་འཛིན་གྲོགས་རྣམས་ཕྱིན། ཁོ་ནི་ཞབས་བྲོ་ཁང་ཞིག་གི་ནང་ཆང་འཏུངས་ཏེ་ར་བཟི་ནས་བསྡད་ཡོད་པ་དེ་རྒན་ལགས་ཀྱི་མཐོང་ནས་ཁོ་ལ་སང་ཞོགས་སློབ་གྲྭའི་ལས་ཁུངས་སུ་ཡོང་དགོས་པའི་བཀའ་གནང་། ཕྱི་ཉིན་དེ་ནི་ཁོ་སློབ་གྲྭ་དང་ཁ་བྲལ་དགོས་པའི་ཉིན་མཐའ་མ་དེ་ཆགས་པ་རེད།
ཚིག་གསར། ཤོག་བྱང་། དཔེ་སྒྲོམ། འབེལ་པོ། སུབ་ཕྱིས། དཔོད་བྲིས།
སྦལ་པ་དང་ཁོའི་གྲོགས་པོའི་དཀའ་ངལ།
རྩོམ་པ་པོ། སྙེ་ཐང་འཇོལ་མོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་རྩ་ཐང་ཞིག་གི་སྟེང་སྦལ་པ་ཞིག་ཡོད། ཉིན་ཞིག་ཆར་པ་ཤུགས་ཆེན་པ་བརྒྱབ་པ་དང་། ཆར་པ་དེས་སྦལ་པའི་ནང་ཡང་མེད་པ་བཟོས། སྦལ་པ་དེ་རང་གི་གྲོགས་པོ་ཕག་པའི་འགྲམ་ལ་འགྲོ་དུས་ཆར་པས་ཕག་པའི་ནང་ཡང་མེད་པ་བཟོས་ཡོད། ཁོ་གཉིས་མཉམ་དུ་གྲོགས་པོ་ངང་པའི་འགྲམ་ལ་འགྲོ་དུས་ཁོའི་ནང་ཡང་མེད་པ་བཟོས་ཏེ་ངང་པ་ངུ་ནས་བསྡད་པ་མཐོང་།
མཐར་ཁོང་ཚོ་གསུམ་ཀ་གྲོགས་པོ་རི་བོང་སར་འགྲོ་དུས་ཁོའི་ནང་ནི་ས་ཕུག་ཅིག་གི་སྒང་ལ་ཡོད་དུས་ནང་ལ་ཆུ་ཐིགས་པ་གཅིག་ཀྱང་མེད། ཁོང་ཚོ་ཚང་མ་ཉིན་གཉིས་རིང་བསྡད་པ་དང་རི་བོང་གི་ཟས་ཆས་ཚང་མ་རྫོགས། ཡིན་ན་ཡང་། ཆར་པ་ད་དུང་ཆད་མེད་པ་ཤེས། སྦལ་པས་ཙི་ཙི་ནང་ལ་ཟས་ཆས་བསླང་བར་ཕྱིན། ཙི་ཙི་ཡིས་ཁོང་ཚོ་ཚང་མར་ཟས་སྤྲད་པ་དང་ཉིན་གཅིག་རིང་མཉམ་དུ་བསྡད། སང་ཞོགས་ཆར་པ་ཆད་པ་ཤེས་ནས་རང་ཁྱིམ་དུ་འགྲོ་རྒྱུ་བྱས། འོན་ཀྱང་། ཙི་ཙིའི་གྲུ་གཟིངས་དེ་འཕྲོ་བརླག་ཕྱིན་པ་མཐོང་ནས། ཚང་མ་ཧ་རུབ་སྦ་རུབ་བྱས་ནས་བཟོས། དེ་ནས་བཟུང་ཁོ་ཚོ་ཚང་མ་ཕན་ཚུན་མཐུན་སྒྲིལ་དང་། གཅིག་ཕན་གཅིག་གྲོགས་ཀྱི་གྲོགས་པོ་བློས་ཐུབ་ཅིག་ཏུ་གྱུར།
ཚིག་གསར། ངུས་པ། འདང་ངེས། འཕྲོ་བརླག མཐིལ་བརྡོལ།
ད་བར་དཔྱད་མཆན་མེད།