པ་སངས་སྒྲོལ་དཀར།
འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།

རྩོམ་པ་པོ། བསམ་གླིང་ཚེ་རིང་ལྷ་མོ།

སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་དུས་ཤིག་ལ་བུ་མོ་ཞིག་ཡོད་པ་དང་། མོས་མོ་རང་གྱི་ཨ་མས་བཤད་པའི་སྐད་ཆ་ལ་དོ་སྣང་བྱེད་ཀྱི་མེད་པ་དང་། ཉིན་ཞིག་མོ་ཤིང་ནགས་ཁྲོད་བྲོས་ཕྱིན་ཏེ་གང་ལྟར་ནང་ལ་ལོག་པའི་ལམ་དེ་རྙེད་ཀྱི་རེད་བསམས། ཡིན་ན་ཡང་། མོས་ནང་ལ་ལོག་སའི་ལམ་དེ་དྲན་པ་བརྗེད། མོས་ཤིང་ཁང་ཆུང་ཆུང་ཞིག་མཐོང་། མོས་ཤིང་ཁང་དེའི་ནང་ལ་ཕྱིན་ནས་ཐུག་པ་བཏུངས་བ་དང་། རྐུབ་བཀྱག་སྒང་ལ་བསྡད་ནས་རྩེད་མོ་རྩེས་པའི་སྐབས་སུ་རྐུབ་བཀྱག་དེ་དུམ་བུར་ཕྱིན། དེ་རྗེས་མོ་ཉལ་ཁང་ནང་འརྫུལ་ཏེ་གཉིད་ཉལ་པ་རེད། དོན་དངོས་ཐོག་ཁང་པ་དེ་དོམ་གསུམ་གྱི་ཡིན་པ་དང་། དོམ་པ་ལགས་དང་དོམ་ཨ་མ་ལགས་དང་དོམ་ཆུང་རེད། ཁོ་ཚོ་ནང་ལ་སླེབ་སྐབས་ཁོང་ཁྲོ་ལངས་ནས་སྐད་ཤོར་བ་རེད།

ཚིག་གསར། སྡུག་རུས། ཕོར་བ།

གྲོགས་པོ་གསུམ།

རྩོམ་པ་པོ། བུ་ཆུང་ཚེ་རིང་།

སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་གྲོགས་པོ་གསུམ་ཤིང་ནགས་དཀྱིལ་དུ་འགྲོ་སྐབས། གསེར་ཡོད་པའི་དངུལ་ཁུག་ཅིག་རྙེད་པ་ན། ཁོ་ཚོ་གསུམ་དགའ་ཐག་ཆོད་ནས་བགོ་བཤའ་ཆ་སྙོམས་བརྒྱག་རྒྱུའི་ཐག་བཅོད་ཀྱང་བྱས། གང་ཙམ་ནས་ཁོ་ཚོ་ཚང་མ་གྲོད་ཁོག་ལྟོགས་པ་དང་གཅིག་ཉེ་འགྲམ་གྱི་གྲོང་བརྡལ་ནས་ཟས་བླང་དུ་བཏང་། ཁོ་ཟས་བླང་དུ་སོང་པ་སྐབས་དང་བསྟུན་ནས་གྲོགས་པོ་གཞན་གཉིས་ཁ་མཐུན་བྱས་ཏེ། ཁོ་ཚུར་སླེབས་རྗེས་བསད་ནས་གསེར་རྣམས་ཁོ་ཚོ་གཉིས་བར་མགོ་བཤའ་བརྒྱག་རྒྱུའི་གྲོད་ངན་བྱས། འོན་ཀྱང་། གྲོང་བརྡལ་ལ་འགྲོ་མཁན་དེས་གསེར་ཆ་ཚང་ཁོང་རང་ལ་ཐོབ་རྒྱུའི་ཆེད་ཁ་ལག་རྒྱགས་ཚད་བཟས། ལྷག་མ་རྣམས་ལ་དུག་བླུགས་ཏེ་ཁོ་གཉིས་ལ་སྤྲད་རྒྱུར་འཁྱེར་ཡོང་བ་དང་། ཁོ་གྲོགས་པ་གཉིས་ཡོད་སར་སླེབས་པ་དང་ཁོ་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་བཞིན་ལམ་སེང་ཁོ་བསད། དེ་ནས་ཁོ་གཉིས་ཀྱིས་གསེར་མ་བགོས་སྔོན་ལ་ཁ་ལག་དེ་བཟས་པར་བརྟེན་ཁོ་རང་གཉིས་ཡང་དུག་ཕོག་སྟེ་གློ་བུར་དུ་ཤི། དེར་བརྟེན་གསེར་རྣམས་སྔར་བཞིན་བདག་མེད་དུ་རང་སར་ལུས་སོ།

ཚིག་གསར། བླུགས། ཕོག

རྫུན་ནམ་ཡང་མ་ཤོད།

རྩོམ་པ་པོ། ཚེ་རིང་།

སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་ལུག་རྫི་ཆུང་ཆུང་ཞིག་ཡོད། ཁོས་ཞོགས་པ་ལུག་དང་ར་ཁྱུག་ཅིག་དེད་ནས་རྩ་བཟང་དུ་འཚོ་བར་འགྲོ་བ་དང་། དགོང་དྲོ་དེ་དག་དང་མཉམ་དུ་ལོག་ཡོང་གི་ཡོད། ཉིན་ཞིག་ཁོས་གྲོང་གསེབ་པ་རྣམས་ལ་མགོ་སྐོར་ཞིག་གཏོང་དགོས་བསམས་ནས་སྤྱང་ཀི་འདུག སྤྱང་ཀི་འདུག ཅེས་སྐད་ཤུགས་ཆེན་པོ་བརྒྱབ་པས་ཡུལ་མི་ཚང་མ་རྒྱུགས་ཡོང་། འོན་ཀྱང་། ཁོ་ཚོ་ལུག་རྫི་བའི་ཉེ་འགྲམ་དུ་སླེབ་དུས་སྤྱང་ཀི་མེད་པ་ཤེས་ཏེ་ཁ་སྐྱེངས་པའི་ངང་ལོག་དགོས་བྱུང་། ཉིན་ཞིག་སྤྱང་ཀི་དངོས་ནས་སླེབ་པའི་སྐབས་མི་རྣམས་ཀྱི་ཁོ་ལ་ཡ་མ་བྱས་པས། སྤྱང་ཀིས་ལུག་རྫི་དེ་རྨུགས་པ་མ་ཟད་ལུག་འགའ་ཤས་ཀྱང་བཟས་པ་རེད།

ཚིག་གསར། གློད་གྲོལ། ཁ་སྐྱེངས་པ།

སྤྲེའུ་ལྐུགས་པའི་ཕན་སེམས།

རྩོམ་པ་པོ། རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར།

སྒྲུང་གི་ནང་དོན་སྙིང་བསྡུས། རྒྱལ་པོ་ཞིག་གི་ཕོ་བྲང་ནང་ལ་སྤྲེའུ་ཞིག་གཡོག་པོ་ནང་བཞིན་སྡོད་ཀྱི་ཡོད་པ་རེད། རྒྱལ་པོ་དེ་ཁོ་ལ་དགའ་པོ་དང་ཡིད་ཆེས་ཞེ་དྲག་ཡོད་ཙང་། སྤྲེའུ་ཁོ་ནི་བཙུན་མོའི་ཕོ་བྲང་གི་ནང་ལ་དགག་བྱ་མེད་པར་འགྲོ་ཆོགས་ཀྱི་ཡོད་པ་རེད། ཉི་མ་ཞིག་རྒྱལ་པོ་ཉལ་སྡོད་པའི་སྐབས་ལ་སྤྲེའུ་ཁོས་རླུང་ཡབ་གཡབས་ནས་སྡོད་དུས། རྒྱལ་པོའི་བྲང་ཁོག་སྒང་ལ་སྦྲང་བུ་གཅིག་ཡང་ནས་ཡང་དུ་འཁོར་བ་སྤྲེའུས་མཐོང་ནས་རླུང་ཡབ་ཀྱིས་ག་ཚོད་གཡབས་ན་ཡང་སྦྲང་བུ་མ་ཉན་པར་འཁྱུག་ཙམ་འཁྱུག་ཙམ་ཕར་འཕུར་ཡང་དེ་གར་ཡོང་གི་ཡོད་པ་རེད། གང་མཚམས་ནས་སྤྲེའུ་ཁོ་ཁོང་ཁྲོ་ལངས་ནས་རླུང་ཡབ་དེ་ཕར་བཞག་ནས་གྲི་དཔའ་དམ་ཞིག་ཁྱེར་ཡོང་ནས་རྒྱལ་པོའི་བྲང་ཁོག་སྒང་ལ་བབས་པའི་སྦྲང་བུ་མཐོང་བ་དེར་གྲི་དེ་བཞུ་དུས་སྦྲང་བུ་འཕུར། རྒྱལ་པོའི་བྲང་ཁོག་དུམ་བུ་གཉིས་ལ་བཏང་ནས་རྒྱལ་པོ་ཤི་བ་རེད།

ཚིག་གསར། དཔའ་དམ། དགག་བྱ། རླུང་ཡབ།