སྒྲོལ་མ་ཆོ་ཆ།
འཛིན་རིམ་བརྒྱད་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།
བོད་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་འཛམ་གླིང་གི་ཡང་རྩེར་ཆགས་ཤིང་ཕྱོགས་མཐའ་ཀུན་གངས་རིས་བསྐོར་ཡོད། གངས་རི་ལས་རྒྱ་མཚོར་འབབ་པའི་གཙང་པོ་མང་པོ་ཞིག་གི་འབྱུང་ཁྱུངས་ཡིན་པ་མ་ཟད། འཛམ་གླིང་ནང་གི་མི་འབོར་ཆེས་མང་བའི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་སོགས་ཨེ་ཤི་ཡེའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཡིན་པས་ཨེ་ཤི་ཡེའི་ཆུ་མཛོད་ཀྱང་ཟེར། བོད་ལ་རྒྱུགས་ཆུ་མང་པོ་ཡོད་པ་དེ་དག་གི་མིང་ནི། འབྲི་ཆུ། རྨ་ཆུ། རྫ་ཆུ། དེ་བཞིན་གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། སེང་གེ་ཁ་འབབ་སོགས་ཡོད། བོད་ནི་ས་ཆ་མཐོ་བོ་ཡོད་པས་ཁོར་ཡུག་གཙང་ཞིང་ལྗང་ཐིང་ཐིང་གི་སྤང་ཐང་སྟེང་མེ་ཏོག་འདྲ་མིན་བཞད་ཡོད་པས་མཐོང་བ་ཙམ་གྱི་སེམས་ལ་བདེ་བ་སྦྱིན། བོད་ལ་རི་མཐོ་བོ་མང་པོ་ཡོད། དཔེར་ན། ཇོ་མོ་གླང་མ། ཨ་མྱེས་རྨ་ཆེན། རོང་བཙན་ཁ་བ་དཀར་པོ། གདང་ལ་རི་རྒྱུད། སོགས་ཡོད་པས་ཕྱིའི་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་མང་པོ་ཡོད། བོད་ཀྱི་ས་ཆ་མང་ཆེ་བ་ནགས་ཚལ་དང་རི་མཚོ་རྒྱུགས་ཆུ་ཡི་ཁེངས་ཡོད། ནགས་ཚལ་ནང་སེམས་ཅན་རིགས་འདྲ་མིན་ཡོད། བོད་མིའི་འཚོ་བ་མང་ཆེ་བ་ཞིང་པ་དང་བཟོ་ལས་རིགས། ཚོང་པ་དང་འབྲོག་པ་ཡིན། འབྲོག་པའི་འཚོ་བ་ནི་མང་ཆེ་བ་སྒོ་ཕྱུགས་སེམས་ཅན་ལ་རྟེན་ནས་སྐྱེལ་གྱི་ཡོད། བོད་མི་ཚོས་བོད་ཟས་རྩམ་པ་དང་མར། ཕྱུ་ར། གཡག་ཤ བོད་ཇ་སོགས་ཟ་ཡི་ཡོད། བོད་ཀྱི་ཟས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་ཟས་ཤིག་ཡིན། རྩམ་པ་ནི་བོད་མི་ཚང་མས་གཅིག་གྱུར་དུ་ལོངས་སུ་སྤྱོད་པའི་ཟས་རིགས་ཡིན། རྩམ་པ་ལ་ནས་རྩམ་དང་འབྲུ་རྩམ། སྲན་རྩམ། སོགས་རིགས་ཀྱང་མི་འདྲ་བ་ཡོད། བོད་ཀྱི་རྩམ་པ་ནི་ཆུ་འཐག་གི་རྩམ་པ་ཡིན་པས་ཁ་ལ་ཞིམ་པ་བྲོ་བ་ཆེན་པོ་ཡོད། བོད་ལ་རང་བྱུང་གཏེར་ཁ་མང་པོ་ཡོད། གསེར། དངུལ། ཟངས། རྡོ་སོལ། ལྕགས་མ་ཟད། ལུས་ལ་ཕན་པའི་སྨན་རྩ་རིགས་སྣ་ཚོགས་ཀྱང་ཡོད།
བོད་དེ་ཆོས་ལྡན་གྱི་ཞིང་ཁམས་ཡིན་པས། བོད་མི་ཚོ་ཆོས་སེམས་ཆེན་པོ་དང་སྙིང་རྗེ་ཆེ་བ། སེམས་རྒྱུད་བཟང་པོ་ཡོད། བོད་མི་མང་ཆེ་བ་ནང་པ་ཡིན། བོད་ཀྱི་ཐོག་མའི་ཆོས་དེ་བོན་ཆོས་དང་བོད་ཀྱི་རྒྱལ་པོ་ཐོག་མ་དེ་གཉའ་ཁྲི་བཙན་པོ་ཡིན། བོད་ཀྱི་རྒྱལ་ས་ནི་ལྷ་ས་དང་དེ་འཛམ་གླིང་ནང་གི་རྒྱལ་ས་མཐོ་ཤོས་ཤིག་ཡིན། བོད་ལ་དགོན་པ་དང་མཆོད་རྟེན། གཙུགས་ལག་ཁང་། ལྷ་ཁང་སོགས་སྟོང་ཕྲག་མང་པོ་ཡོད་པས། ས་ཆ་གང་དུ་ཕྱིན་ཀྱང་གནས་མཇལ་ས་དང་རླུང་རྟ་གཏོང་སོགས་ཆོས་འབྲེལ་གྱི་བྱེད་སྒོ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། བོད་ལ་དུས་ཆེན་མང་པོ་ཡོད་ཀྱང་མང་ཆེ་བ་ཆོས་དང་འབྲེལ་བའི་དུས་ཆེན་ཡིན་པས། བོད་ཕྲུག་ཆུང་ཆུང་ཚོ་ཡང་དགོན་པ་སྐོར་བ་དང་ཆོས་འཇལ་དུ་འགྲོ་རྒྱུ་དགའ་པོ་ཡོད། བོད་མི་ཚོས་རྒྱུན་གཏན་ནས་བོད་ཆས་ཕྱུ་པ་གྱོན་གྱི་ཡོད། བོད་མི་ཕན་ཚུན་འཕྲད་སྐབས་བོད་རིགས་ཡིན་པས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད།
བོད་རྒྱལ་ཁབ་ལ་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ། རྒྱལ་དངུལ། རྒྱལ་རྟགས། རྒྱལ་ཁབ་ཀྱི་སྐད་དང་ཡི་གེ སོགས་ཆོས་དང་རིག་གཞུང་ཕྱུག་པོ་ཡོད། བོད་ཀྱི་ཆོས་ཀྱི་དབུ་ཁྲིད་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ནི་བོད་རྣམས་ཀྱི་ཁོག་པའི་སྙིང་དང་ལྟ་བའི་མིག་ལྟ་བུ་ཡིན། ཡིན་ནའང་ཕྱི་ལོ་ ༡༩༥༩ ནས་རྒྱ་ནག་གི་བོད་ལ་བཙན་འཛུལ་བྱས་ཏེ། ཁོང་དང་བོད་མི་ཁྲི་འབུམ་མང་པོ་ད་བར་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་ཡོད། རྒྱ་དམར་གྱི་བོད་བཙན་འཛུལ་བྱས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཁོར་ཡུག་རིན་ཆེན་གཏེར་ཁ་སོགས་ལ་གནོད་ཚབ་ཚད་ལས་འདས་པ་བྱས་ཡོད། བོད་མི་འབུམ་ལྷག་རྒྱ་གར་དུ་འབྱོར་ནས་རང་རང་གི་རྩ་ཆེན་རིག་གཞུང་དང་སྐད་ཡིག ཆོས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་བཞིན་ཡོད། ༸གོང་མཆོག་དང་བོད་མི་མང་ཆེ་བ་རང་གི་རྒྱལ་ཁབ་བཞག་ནས་ཡོང་དུས་ལམ་དུ་དུས་ཡུན་རིང་པོ་དཀའ་སྡུག་ཚད་མེད་མྱོང་ཡོད་པ་དང་རྒྱ་གར་དུ་འབྱོར་རྗེས་ཡང་བོད་ཀྱི་འཐབ་རྩོད་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད་པ། དེ་དག་གི་ལོ་རྒྱུས་སྐོར་སློབ་མ་ང་ཚོས་ཤེས་པར་བྱས་ཏེ་མི་རབས་གསར་པ་ཚོ་ལ་དེའི་སྐོར་འགྲེལ་བཤད་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་བོད་རིགས་གཞོན་སྐྱེས་ཚོས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་གནས་ཡོང་བར་སློབ་སྦྱོང་ཡག་པོ་བྱེད་དགོས། དགེ་རྒན་ལས་བོད་ཀྱི་སྐོར་དང་ཕ་མ་ལས་བོད་ཀྱི་སྐོར་གནས་ཚུལ་མང་པོ་ཞིག་ཉན་དགོས། རྒྱལ་ཁབ་མེད་པའི་སློབ་ཕྲུག་ཅིག་ཡིན་ཙང་རང་དང་རང་གི་རྒྱལ་ཁབ་ཆེད་དུ་སློབ་སྦྱོང་ཡག་པོ་བྱེད་དགོས། ཐུགས་རྗེ་ཆེ།
ད་བར་དཔྱད་མཆན་མེད།