བསྟན་འཛིན་བདེ་སྐྱིད།
འཛིན་རིམ་བརྒྱད་པ། སཾ་བྷོ་ཊ་གུ་རུ་པུ་ར།

བོད་ནི་ང་ཚོའི་བོད་མ་ཚང་མའི་ཕ་ཡུལ་རེད། བོད་ཀྱི་མཐའ་འཁོར་ཚང་མ་གངས་རི་ཡིས་བསྐོར་ཡོད། བོད་ནི་འཛམ་བུ་གླིང་སྤྱི་ཡོངས་ནང་ནས་ལུང་པ་མཐོ་ཤོས་རེད། བོད་མི་རིགས་ནང་ལ་ལུང་ཚན་ཆོལ་ཁ་གསུམ་ཡོད། ཆོལ་ཁ་གསུམ་ནི། མདོ་སྟོད། མདོ་སྨད། དབུས་ཙང་བཅས་རེད། བོད་ལ་སེམས་ཅན་འདྲ་མིན་སྣ་ཚོགས་ཡོད། བོད་ཀྱི་འབྲོག་པའི་གུར་དེ་ཚོ་གཡག་གི་རྩིད་པ་དང་། ར་ལུག་གི་བལ་གྱིས་བཟོ་གི་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ཀྱི་ས་ཆ་བཙན་བཟུང་བྱས་པ་རེད། དུས་དེ་ནས་ད་ལྟ་བར་དུ་བོད་ཀྱི་རང་བཙན་རག་མེད། དེང་སང་བོད་མི་ཚང་མ་ས་ཆ་ག་ས་ག་ལ་སླེབས་ཡོད། དཔེར་ན། ཨིན་ཇི་ལུང་པ། རྒྱ་གར་བཅས་ག་ས་གར་ལ་ཡོད། ཡིན་ན་ཡང་བརྒྱ་ཆ་མང་ཆེ་བའི་བོད་པ་རྣམས་ད་ལྟ་བོད་ལ་ཡོད། བོད་ལ་ཡོད་པའི་དཔའ་བོ་དང་དཔའ་མོ་དེ་ཚོ་སེམས་ཤུགས་མ་ཆགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། བོད་ལ་ས་ཆ་དཔེ་སྐྱིད་པོ་ཡོད། བོད་མི་མང་ཆེ་བ་ར་ལུག་གཡག་སོགས་འཚོ་སྐྱོང་བྱེད་ཀྱི་ཡོད། བོད་ཀྱི་གནམ་གཤིས་གྲང་མོ་ཞིག་ཡོད། བོད་ཀྱི་གྱོན་ཆས་དཔེ་རྫིག་པོ་དང་གཟི་བརྗིད་ཆེན་པོ་ཡོད། ལུང་པ་དང་ཆོས་ལུགས་གཞན་དང་མི་འདྲ་བ་ཡོད། བོད་ལ་ཡོད་པའི་ཁང་ཁྱིམ་མང་ཆེ་བ་གཙང་པོ་ཡི་འགྲམ་ལ་གནས་ཡོད། བོད་དེ་འཛམ་གླིང་གི་ཡང་ཐོག་ཡིན་པའི་རྒྱུ་མཚན་གྱིས་ཨེ་ཤེ་ཡ་ཡི་ཆུ་ཆེན་མང་ཆེ་བའི་འབྱུང་ཁུངས་བོད་རེད། དེ་འདྲ་སོང་ཙང་བོད་ལ་ཆུ་ཡི་དཀའ་ངལ་འཕྲད་ཀྱི་མེད། ཡིན་ན་ཡང་བོད་པ་མང་ཆེ་བ་འབྲོག་པ་རེད། བོད་ལ་ས་ཞིང་འདེབས་ལས་བྱེད་མཁན་མང་པོ་མེད། བོད་ཀྱི་མི་ཚང་མ་ཤ་བཟའ་བར་དཔེ་དགའ་པོ་ཡོད། གང་ཡིན་ཟེར་ན་བོད་ལ་གནམ་གཤིས་དཔེ་མི་སྲིད་པའི་གྲང་མོ་ཡོད། བོད་ཀྱི་གོམས་གཤིས་དེ་རྒྱ་གར་ཚ་བའི་ལུང་པ་ལ་ཡང་ཡོད། བོད་ལ་ཡོད་པའི་སྒོ་ཁྱི་དེ་ཚོ་ལུང་པ་གཞན་དང་མི་འདྲ་བའི་དཔེ་རྫིག་པོ་དང་ཆེན་པོ། ནང་ཡག་པོ་སྲུང་སྐྱོབ་བྱེད་ཀྱི་ཡོད། བོད་ལ་ཡོད་པའི་འབྲོག་པ་རྣམས་རྟག་པར་སྤང་དང་ཆུ་འགྲམ་ལ་སེམས་ཅན་འཚོ་བར་འགྲོ་ཡི་ཡོད། བོད་ནི་དཔེ་མཛེས་པའི་ལུང་པ་ཞིག་རེད། འཛམ་གླིང་དེ་ཡི་ནང་ལ་ཡོད་པའི་མི་ཚོས་བོད་དེ་འཛམ་གླིང་ཐོག་རེད་ཟེར་གྱི་ཡོད། གང་ཡིན་ཟེར་ན་བོད་དེ་འཛམ་བུ་གླིང་ནས་ས་ཆ་མཐོ་ཤོས་ཡི་སྒང་ལ་ཆགས་ཡོད། བོད་དེ་ས་ཆ་དཔེ་མཛེས་པོ་ཡོད། བོད་ཀྱི་ས་ཆ་དེ་ལུང་པ་གཞན་པའི་ས་ཆ་དང་དཔེ་མི་འདྲ་བ་ཡོད།

བོད་ལ་གནས་པའི་མི་དེ་ཚོ་དཔེ་མི་སྲིད་པའི་གཤིས་ཀ་འཇམ་པོ་སྙིང་རྗེ་ཅན་ཤ་སྟག་ཡོད། བོད་ཀྱི་མི་རྣམས་ལ་རྩལ་མི་འདྲ་བ་མང་པོ་ཡོད། དཔེར་ན། རྟ་རྒྱུགས་སྟངས། འུར་རྡོ་འཕེན་སྟངས་སོགས་མང་པོ་ཡོད། བོད་ཀྱི་བཟས་ནི་རྩམ་པ་རེད། རྩམ་པ་དེ་ཡི་མཉམ་དུ་ཇ་དང་། མར། ཕྱུར་ར་བླུགས་ནས་སྤགས་བཟོ་ཡི་ཡོད། བོད་ལ་གངས་རི། བྲག་རི། སྤང་རི། རྫ་རི། རྒྱུག་ཆུ། འཁྱིལ་ཆུ། གཙང་པོ། མཚོ་བཅས་དཔེ་མི་སྲིད་པའི་མང་པོ་ཡོད། འཛམ་བུ་གླིང་དེ་ཡི་ནང་ལ་ཡོད་པའི་མི་མང་པོ་ཞིག་སེམས་ནང་ལ་བོད་ལ་འགྲོ་འདོད་ཡོད། དམིགས་བསལ་བོད་ཕྱི་ལ་ཡོད་པའི་བོད་པ་ཚོའི་སེམས་ནང་ལ་འགྲོ་འདོད་ཡོད། བོད་ལ་གནམ་གཤིས་གྲང་མོ་ཡོད་པའི་རྒྱུ་མཚན་གྱིས་བོད་པའི་བོད་མི་ཚང་མ་གྱོན་ཆས་སེམས་ཅན་གྱི་པགས་པས་བཟོས་པའི་སློག་པ་དང་། བལ་གྱིས་བཟོས་པའི་ཕྱུ་པ་སོགས་མཐུག་པོ་གྱོན་ནས་སྡོད་ཀྱི་ཡོད། དེ་བཞིན་གཡག་ཀོ་བས་ལྷམ་བཟོས་ནས་གྱོན་སྲོལ་ཡོད། དེང་སང་དུས་ཚོད་ལ་འགྱུར་བ་དཔེ་ཆེན་པོ་ཕྱིན་ནས་སྔོན་མའི་བོད་ཀྱི་སྲོལ་རྒྱུན་གྱི་ལྷམ་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད། ང་ཚོའི་བོད་ནི་ལུང་པ་གཞན་དང་མི་འདྲ་བ་ཞིག་རེད། གང་ཡིན་ཟེར་ན་ང་ཚོ་བོད་མི་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོད། བོད་མི་ཚོ་༸གོང་ས་མཆོག་གི་བཀའ་སློབ་ཉན་ནས་ཚང་མ་གཅིག་ལས་གཅིག་གི་སེམས་པ་བཟང་བ་ཡོད། བོད་མི་ཚང་མ་གཅིག་ལ་གཅིག་བརྟེན་གྱིས་གནས་ནས་བསྡད་ཡོད། འོན་ཀྱང་དེང་སང་དང་སྔོན་མའི་བར་ལ་བོད་ལ་འགྱུར་བ་དཔེ་ཆེན་པོ་ཕྱིན་འདུག དཔེར་ན་གྱོན་ཆས། ནང་གི་བཟོ་ལྟ་བཟོ་སྟངས། བཟང་སྤྱོད་རྣམས་འགྱུར་བ་ཕྱིན་ཡོད། བོད་ལུང་པ་ཡི་རླུང་དེ་བསིལ་པོ་ཡོད། བོད་ཀྱི་ས་ཆའི་ཆུ་དེ་ཞིམ་པོ་ཡོད། བོད་ཀྱི་ས་དེ་འཇམ་པོ། བོད་པའི་མི་ཚང་མ་གཤིས་ཀ་འཇམ་པོ་ཡོད། བོད་ཀྱི་མཐའ་སྐོར་ཚང་མ་གངས་རིས་བསྐོར་ཡོད། བོད་དེ་འཛམ་གླིང་ནང་ནས་མཚར་སྡུག་ལྡན་ཞིང་མེ་ཏོག་སྣ་ཚོགས་བཞད་པའི་སྤང་ལྗང་ཁུ། མཐའ་ལ་བལྟས་ན་གངས་རི་དཀར་པོ། གནམ་ལ་བལྟས་ན་གཙང་མ་སྔོན་པོ་སོགས་ཡིད་དུ་འོང་བ་ཡོད།