ཁ་བྲལ་བ། ལྕགས་པར་བརྒྱབ་པ། ལས་ཀ་འཚོལ་བ། བློ་ལ་འགྲོ་བ། ལན་བརྒྱབ་པ། བསམ་བློ་བཏང་བ། འགོ་འཛུགས་པ།
ཟླ་སྒྲོན་ལོ་བཅུ་བདུན་ལ་སླེབས་པ་དང་འབྲིང་རིམ་སློབ་གྲྭ་ནས་ཁ་བྲལ་ཏེ་མཐོ་སློབ་ཏུ་ལྕགས་པར་བརྒྱབ་རྒྱུ་སློབ་སྦྱོང་ལོ་གཅིག་བྱས་རྗེས། ཡིག་རྒྱུགས་ཧ་ཅང་ལེགས་པོ་བྱུང་ནས་ལས་ཀ་འཚོལ་བར་ཕྱིན། མོ་ནི་སྔར་བཞིན་ཕ་མ་དང་ལྷན་དུ་སྡོད་བཞིན་ཡོད།
དེའི་སྐབས་མི་མང་པོ་ཞིག་གིས་ལྕགས་པར་རྒྱག་མཁན་འཚོལ་བཞིན་ཡོད་པས། ཡོང་འབབ་ཡག་ཙམ་གྱི་བློ་ལ་འགྲོ་བའི་ལས་ཀ་ཞིག་འཚོལ་བར་དཀའ་ངལ་གང་ཡང་མེད། ཟླ་སྒྲོན་ལས་ཁུངས་ཁ་ཤས་ལ་ཕྱིན་རྗེས། དེའི་ནང་ནས་གཅིག་བདམས་པ་དེ་ནི་མོའི་ཕ་མའི་ཁྱིམ་དང་ཐག་ཉེ་བས་ཁོ་མོའི་བསམ་པར་ང་ཉིན་ལྟར་ཞོགས་པ་ལས་ཀར་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་དུ་སྡོད་མི་དགོས་པར་རྐང་ཐང་དུ་ཕྱིན་པ་ཡིན་ན་འགྲིག་གི་རེད་སྙམ།
མོ་སླར་ཡང་ལས་ཁུངས་དེར་ཐེངས་ཤིག་ཕྱིན་ཏེ་འགན་འཛིན་ལ་”ང་འདིར་ལས་ཀ་བྱེད་འདོད་ཡོད། ཡིན་ན་ཡང་། ཁྱེད་ཀྱིས་ང་ལ་ཟླ་ཕོགས་ག་ཚོད་སྤྲོད་རྩིས་ཡོད་” ཅེས་དྲིས།
འགན་འཛིན་གྱིས་ “ད་ལྟ་ཁྱོད་ལ་ཨིན་ཇིའི་སྒོར་མོ་ ༢༧ སྤྲོད་རྩིས་ཡོད་ཅིང་། ཟླ་བ་གསུམ་གྱི་རྗེས་སུ་ཁྱོད་ལ་ཨིན་ཇིའི་སྒོར་མོ་ ༣༠ སྤྲད་ཆོག་” ཅེས་ལན་བརྒྱབ། ཟླ་སྒྲོན་གྱིས་ལན་མ་བརྒྱབ་གོང་བསམ་བློ་ཕྲན་ཙམ་བཏང་སྟེ་ “དེ་ཡིན་ན། འགྲིག་གི་རེད། ང་ཟླ་བ་གསུམ་ཡོལ་མཚམས་སུ་ལས་ཀ་འགོ་འཛུགས་ཀྱི་ཡིན་” ཞེས་བཤད།