སློབ་ཕྲུག   རྒན་ལགས། དྷརྨ་ས་ལ་ག་པར་ཡོད་དམ།
དགེ་རྒན།   དེ་ནི་རྒྱ་གར་བྱང་ཕྱོགས་སུ་ཡོད།
སློབ་ཕྲུག   ཐུགས་རྗེ་གཟིགས། ང་ལ་ས་ཁྲའི་ཐོག་ནས་སྟོན་རོགས་གནང་།
དགེ་རྒན།   འདིར་གཟིགས་དང་། དེ་ནི་རྒྱ་གར་བྱང་ཕྱོགས་ཧི་མཱཅལ་མངའ་སྡེའི་ཁོངས་སུ་ཡོད།
སློབ་ཕྲུག   ཨ་ལས། ང་ཚོ་ག་པར་ཡོད་དམ།
དགེ་རྒན།   མོན་གྷོ་ནི་རྒྱ་གར་ལྷོ་ཕྱོགས་ཀརྣཱ་ཊཱཀ་ཡི་མངའ་སྡེའི་ཁོངས་སུ་ཡོད།
སློབ་ཕྲུག   བྱས་ན། རྡོ་རྗེ་གླིང་གང་དུ་ཡོད་དམ།
དགེ་རྒན།   དེ་རྒྱ་གར་ནུབ་ཕྱོགས་བངྒ་ལའི་མངའ་སྡེའི་ཁོངས་སུ་ཡོད།
སློབ་ཕྲུག   མིའོ་དང་ཏེ་ཙུའི་གཞིས་ཆགས་གཉིས་ག་པར་ཡོད་དམ།
དགེ་རྒན།   གཞིས་ཆགས་དེ་གཉིས་རྒྱ་གར་བྱང་ཤར་ཨ་རུ་ཎཱཅལ་མངའ་སྡེའི་ཁོངས་སུ་ཡོད།
སློབ་ཕྲུག   རྒན་ལགས། གཞིས་ཆགས་གཞན་པ་འཚོལ་སྟངས་དེ་འདྲ་རེད་དམ།
དགེ་རྒན།   གཅིག་པ་རེད། གཞིས་ཆགས་ཁག་གང་དུ་ཡོད་མེད་ཤེས་འདོད་ཡོད་ན། ངེས་པར་དུ་མངའ་སྡེ་སོ་སོའི་ནང་འཚོལ་དགོས།
སློབ་ཕྲུག   རྒན་ལགས། ཐུགས་རྗེ་ཆེ། ད་ཧ་ཅང་གསལ་པོ་ཆགས་སོང་།