སྐད་གཏོང་བ། གནད་དོན་ཤེས་པ། རྐུ་བཤུས་བྱེད་པ། དཔང་རྟགས་བསྟན་པ། ཁས་ལེན་པ། རྒྱལ་ཁ་ཐོབ་པ། ལན་འདེབས་པ། རྐུ་མ་བརྐུས་པ།
རྒན་ལགས་ཀྱིས་སློབ་ཕྲུག་གཅིག་གི་པཱ་ལགས་ལ་ “སྐུ་ཞབས། ངས་ཁྱེད་རང་འདིར་སྐད་གཏོང་དོན་ནི། ངས་ཁྱེད་རང་གི་བུ་ལ་གནད་དོན་ཏོག་ཙམ་ཡོད་པ་ཤེས་བྱུང། ང་ལ་ཁྱེད་རང་གི་བུས་ཡིག་ཚད་རྐུ་བཤུས་བྱས་པའི་དཔང་རྟགས་བསྟན་རྒྱུ་ཡོད་” ཟེར། པཱ་ལགས་དེས་”ཡིན་སྲིད་ཀྱི་མ་རེད། ངའི་བུ་ཟླ་བས་མི་གཞན་གྱི་རྒྱུགས་ཤོག་བཤུ་གི་མ་རེད།” “སྐུ་ཞབས། ཁྱེད་རང་ནོར་བ་རེད། ངས་དེ་འདྲ་ཞུས་པར་གལ་སྲིད་ཁྱེད་རང་དགོངས་པ་མ་འཚོམས་ན། ང་རང་གཉིས་ཀར་གདེང་ཚོད་ཡོང་ཕྱིར་ངས་ཁྱེད་རང་ལ་དཔང་རྟགས་བསྟན་ན་འགྲིག་གི་རེད་པས། དཔེ་ཆ་བཞག་ན། དེ་ནི་ལོ་རྒྱུས་ཀྱི་ཚོད་ལྟའི་ཡིག་ཚད་ཅིག་རེད། ལན་དེ་ཁྱེད་རང་གི་བུའི་གྲོགས་པོ་ཀུན་དགའ་ཡི་རྒྱུགས་ཤོག་ཐོག་ནས་བཤུས་པ་ཞིག་རེད། ཚོད་ལྟའི་རྒྱུགས་ཤོག་ཐོག་གི་ལན་དང་པོ་དེར་གཟིགས་དང་། དྲི་བ་ནི། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དེ་སུ་རེད་དམ་ཞེས་པ་དེ་རེད། ཀུན་དགའ་ཡིས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་རེད་ཅེས་དང་། ཟླ་བས་ཀྱང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་རེད་ཅེས་ལན་བརྒྱབ་ཡོད། པཱ་ལགས་དེས་སྐད་ཤུགས་ཆེན་པོས།” ཧ་ཧ། འོན་ཀྱང་དེ་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་རེད་པ་”ཞེས་ཟེེར།
རྒན་ལགས་ཀྱིས་ཁས་ལེན་པའི་རྣམ་འགྱུར་དང་བཅས་དེ་ག་རང་རེད། འོན་ཀྱང་ལན་གཉིས་པ་དེར་གཟིགས་དང་། དྲི་བ། རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པའི་འཁྲུངས་ཡུལ་གང་ནས་རེད་དམ། ཀུན་དགའ་ཡིས་སྟག་འཚེར་ཞེས་དང་། ཟླ་བས་ཀྱང་སྟག་འཚེར་ཞེས་ལན་བརྒྱབ་ཡོད།”
“འོ། རེད། ལན་གཉིས་ཀ་ངས་མཐོང་བྱུང་། ་་་་་་འོན་ཀྱང་དེ་ཁ་ཐུག་ཁེལ་བ་རང་ཡིན་པ་ལས་དེ་འདྲ་ཞིག་གིས་ངའི་བུས་ཡིག་ཚད་རྐུ་མ་བརྐུས་པ་རེད་ཅེས་བཤད་ན་ཡོང་གི་མ་རེད།”
སྐུ་ཞབས་”ཏོག་ཙམ་སྒུག་གནང་དང་། ཁྱེད་རང་གི་ལན་གསུམ་པ་དེ་གཟིགས་ཚར་ཚར་སྒུག་གནང་དང་། དྲི་བ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ག་དུས་དགོངས་པ་རྫོགས་པ་རེད་དམ། ཀུན་དགའ་ཡིས་ངས་ཧ་གོ་གི་མེད་ཅེས་དང་། ཟླ་བས། ངས་ཀྱང་ཧ་གོ་ཡི་མེད་ཅེས་ལན་འདེབས་ཡོད།”