བདག་ཅག་གིས་སྟོན་པས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། རྩྭ་རྩེའི་ཟིལ་པ་ཙམ་ཡང་འཐུང་མི་བྱ། ཞེས་རོགས་ངན་པ་དང་འཕྲད་ནས་དེའི་དབང་དུ་སོང་སྟེ་ཐོག་མར་ཐེངས་འགའ་ཨའུ་ཙམ་མིན་འགྲོ་སྙམ་པ་དང་བཅས། ཧུབ་རེ་གཉིས་བཏུང་ནས་རིམ་པས་ཧམ་པ་ཆེ་རུ་འགྲོ་ནས་རྒྱུན་འཇགས་ཡོང་སྲིད་པས། དང་པོ་ཉིད་ནས་ཡིད་གཟབ་བྱ་གལ་དང་བྱུང་ན་བླ་མ་དང་རྟེན་གྱི་དྲུང་དུ་དམ་བཅའ་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ། གཞན་ཡང་ཆང་རག་གིས་ཁྲག་ཤེད་རྒྱས་པ་དང། མཆིན་སྐྲན། གཅིན་སྙིའི་ནད། རྩ་འདར་རྒྱག་པ་སོགས་ནད་རིགས་འདྲ་མིན་སློང་བ། དོན་མེད་འགྲོ་སོང་ཆེ་ལ་ལས་ཀའི་དུས་ཚོད་འཕྲོ་བརླག ར་བཟི་སྐྱུར་འགོང་བཤད་དེ་གྲོང་པ་ཁྱིམ་མཚེས་ཕན་ཚུན་མི་སྐྱིད་པ་བཟོ་བ། འཆལ་སྤྱོད་དང་འཁྲུག་རྩོད་བྱེད་པ་སོགས་རང་ཉིད་ཀྱི་སྤུ་མདོག་ཆ་ཚང་བསྟན་པ། ཡུལ་ཁྲིམས་དང་འགལ་བ། དེང་འཕྲུལ་ཆས་ཀྱི་དུས་རབས་འདིར་སྣུམ་འཁོར་བརྡབ་སྐྱོན་གྱིས་ཤི་མ་རན་གོང་ནས་ཤི་ཉེན་ཡོད་པས། ཐོག་མར་ཉིད་ནས་ཆང་རག་འཐུང་རྒྱུའི་གོམས་གཤིས་ངན་པ་འཇགས་ཏེ་རང་དྲིན་རང་ཆུང་དུ་མ་སོང་བ་དགོས།
ཆང་རག་འཐུང་རྒྱུའི་ངན་ལང་ཤོར་ན།
༡། ཁྲག་ཤེད་རྒྱས་པ་དང། མཆིན་སྐྲན། གཅིན་སྙིའི་ནད། རྩ་འདར་རྒྱག་པ་སོགས་ནད་རིགས་འདྲ་མིན་སློང་བ།
༢། དོན་མེད་འགྲོ་སོང་ཆེ་བ།
༣། དུས་ཚོད་འཕྲོ་བརླག་ཕྱིན་པ།
༤། ར་བཟི་སྐྱུར་འགོང་བཤད་པ།
༥། གྲོང་པ་ཁྱིམ་མཚེས་ཕན་ཚུན་མི་སྐྱིད་པ་བཟོ་བ།
༦། འཆལ་སྤྱོད་བྱེད་པ།
༧། འཁྲུག་རྩོད་བྱེད་པ།
༨། རང་མདོག་བསྟན་པ།
༩། ཡུལ་ཁྲིམས་དང་འགལ་བ།
༡༠། ཤི་མ་རན་གོང་ནས་ཤི་བ།