ཚེ་རིང་དབང་མོ།
འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།

རྩོམ་པ་པོ། ཁཱ་རོལ་མུར། བོད་སྒྱུར་བ། བཀྲ་ཤིས་རྣམ་རྒྱལ།

སྒྲུང་གི་ནང་དོན་སྙིང་བསྡུས། པེཊ་རིཀ་ཡིས་ནང་སྦྱོང་གཅིག་ཀྱང་འབྲི་མྱོང་མེད། དེ་ན་ཧ་ཅང་ཉོབ་པའི་ལས་ཀ་ཞིག་རེད་ཟེར། དེའི་ཚབ་ཏུ་ཁོས་ལག་རྩེད་པོ་ལོ་དང་ཧོག་ཀི་རྩེ་ཡི་ཡོད། དགེ་རྒན་ཚོས་ཁོ་ལ་ནང་སྦྱོང་བྱས་ན་མ་གཏོགས་ཅི་ཡང་ཤེས་ཀྱི་མ་རེད་ཅེས་ཁ་ཏ་བྱེད་ཀྱི་ཡོད། དེ་ནི་བདེན་པ་རེད། མཚམས་རེར་ཁོ་རང་ཉིད་ཤེས་བྱ་ཡིས་རྨོངས་པ་ཞིག་ཚོར་གྱི་ཡོད། ཡིན་ནའང་། ཅི་ཞིག་བྱེད་ཐུབ། ཁོ་ནང་སྦྱོང་འབྲི་བར་ཡེ་ནས་མི་དགའ།

མེའུ་ཡིས་ཁས་ལེན་བྱས་པ་ལྟར་པེཊ་རིཀ་ཡིས་ནང་སྦྱོང་འབྲི་འགོ་བརྩམས། དཀའ་གནད་ལ་འཕྲད་དུས། ཁོས་ཅི་ཞིག་བྱེད་དགོས་མིན་མི་ཤེས་ལ། རོགས་རམ་མཁོ་བས། རོགས་པ་བྱེད་རོགས། ཞེས་ལབ་ཀྱི་ཡོད། པེཊ་རིཀ་ཡིས་ཐབས་ཤེས་གང་ཡོད་ཀྱིས་ཁོ་ལ་དཀའ་གནད་སེལ་རོགས་བྱེད་དགོས་བྱུང་།

ཨང་རྩིས་ལ་ཐུག་དུས་པེཊ་རིཀ་རླུང་རྟ་ཆགས་པ་རེད། མེའུ་ཡིས། དགུ་མཐའ་ཟེར་ན་ཅི་ཞིག་རེད། ང་ཚོའི་མེའུ་དེ་འདྲ་ཞིག་དགོས་དོན་མེད། ད་དུང་སྡོམ་རྩིས་དང་། འཐེན་རྩིས། བགོད་རྩིས། ཆ་རྩིས་སོགས་ཅི་ཞིག་རེད། འདིར་ཡོངས་ནས་ངའི་འགྲམ་དུ་སྡོད་དང་། ང་ལ་ངེས་པར་དུ་ལམ་སྟོན་བྱེད་དགོས།

ཁྱེད་ཀྱིས་མཐོང་གསལ་བཞིན། མཐའ་མར་པེཊ་རིཀ་ཡིས་རང་གི་ནང་སྦྱོང་མེའུ་ལ་འབྲི་རུ་བཅུག་པ་ཡིན་བསམས་མོད། འོན་ཀྱང་། ངས་ཀློག་པ་པོ་ལ་གསང་བ་ཞིག་སྒྲོག་གི་ཡིན། ནང་སྦྱོང་ཡོད་དོ་ཅོག་འབྲི་མཁན་ནི་པེཊ་རིཀ་རང་ཉིད་ཡིན་པ་ལས་མེའུ་མ་ཡིན་ནོ།

ཚིག་གསར། བློ་ཡུལ། ལྐོག་གྱུར། ཐ་སྙད། ཨམ་གཙིགས། ཁུ་ཚུར།

ཁྲ་རོ་ཡི་ལེགས་སྐྱེས།

ཉི་ཧོང་གི་ངག་རྒྱུན་གཏམ་རྒྱུད། བོད་སྒྱུར་བ། བཀྲ་ཤིས་རྣམ་རྒྱལ།

སྒྲུང་ཀྱི་ནང་དོན་སྙིང་བསྡུས། ཀྲོང་ངེར་ཡོད་པའི་རི་བོ་ཞིག་གི་གདོང་ན་མིང་ལ་ཁྲ་རོ་ཟེར་བའི་ཤིང་མཁན་གཞོན་པ་ཞིག་རང་གི་ཕ་མ་དང་མཉམ་དུ་འཚོ་བ་རོལ་ནས་བསྡད་ཡོད། ཁོས་ཉིན་གང་ནགས་གསེབ་ཏུ་ཤིང་བཅད་ནས་ངལ་རྩོལ་མི་ཉུང་བ་ཞིག་བྱས་ན་ཡང་། སྒོར་མོ་ཕྲན་ཙམ་ལས་གསོག་མ་ཐུབ། ཁོ་ནི་བསམ་ཤེས་ཅན་གྱི་བུ་ཞིག་ཡིན་པས་རང་གི་ཕ་མ་རྒན་གོག་རྣམ་གཉིས་ལ་ཅི་དགོས་འབུལ་འདོད་ཡོད། འོན་ཀྱང་། སྒོར་མོ་འདང་ངེས་ཤིག་བསགས་མ་ཐུབ་པར་བརྟེན་སེམས་པ་སྐྱོ་བས་ཁེངས།

ཕྱི་ཉིན་ཞོགས་པར། ཁྲ་རོ་རྒྱུན་ལྡན་ལས་སྔ་བ་ལངས་ཏེ་ནགས་ཚལ་ལ་ཆས། ཁོས་ཤིང་གཅོད་གཏུབ་བྱས་ནས་སྡོད་སྐབས་ཉི་མ་ཤར་བ་དང་ཚ་བ་ཚིག་སྟེ་སྟོད་གོས་ཕུད་དགོས་བྱུང་། ཁོ་ཁ་སྐམ་ཞིང་གདོང་པ་རྔུལ་ཆུ་ཡིས་བརླན། ཡིད་ལ་ཡ་ང་བའི་ཕ་རྒན་དྲན་ཞོར། གལ་ཏེ་ཕ་རྒན་གྱི་གཟུགས་པོ་རང་ཉིད་ནང་བཞིན་དྲོད་དང་ལྡན་ན་ཅི་མ་རུང་སྙམ།

ཁྲ་རོ་ཡིས་རང་གིས་ཁུར་བའི་རྫ་མའི་ནང་ཨ་རག་གང་བླུགས་ནས་ལམ་སང་ནང་ལ་ལོག་པ་རེད། ཕ་རྒན་ལ་ཆང་དཀར་བཏེག་པས་ཡིད་སེམས་སྤྲོ་བས་ཧུབ་གང་བཏུངས་རྗེས། ཁོའི་འདར་མཚམས་ཆད་དེ་པང་གཅལ་གྱི་དཀྱིལ་དུ་ཞབས་བྲོ་འཁྲབས་ཙམ་བྱས།

ཉི་ཧོང་གི་གོང་མས་ཁྲ་རོ་དང་ངོ་མཚར་ཆེ་བའི་འབབ་ཆུའི་སྒྲུང་དེ་ཐོས་པ་དང་། ན་གཞོན་ཤིང་མཁན་ཕོ་བྲང་དུ་སྐད་བཏང་ནས་སེམས་བཟང་གི་བྱ་བ་བྱས་པའི་ལེགས་སྐྱེས་སུ་གསེར་ཊམ་ཉི་ཤུ་གནང་། གོང་མས་དེ་ནི་ཕྲུ་གུ་ཚོས་རང་གི་ཕ་མ་ལ་དྲིན་ལན་འཇལ་རྒྱུ་དང་། ཕ་མ་ལ་རྩི་འཇོག་བྱེད་དགོས་པའི་སྐུལ་ལྕག་གཏོང་བའི་ཆེད་དུ་ཡིན་པར་བཤད།

ཚིག་གསར། ཕྲན་ཙམ། ཕེར་པ། བཞུར། དྭངས་གཙང་། ཁུར་བ།

དྲི་བ་གསུམ།

རྩོམ་པ་པོ། ལོའོ་ཊོལ་སི་ཌོའི། བོད་སྒྱུར་བ། བཀྲ་ཤིས་རྣམ་རྒྱལ།

སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་ཞིག་ལ། རྒྱལ་པོ་ཞིག་གིས་གལ་སྲིད་རང་གིས་ནམ་རྒྱུན་བྱ་བ་ཅི་ཞིག་འགོ་རྩོམ་པར་དུས་ཚོད་འོས་འཚམ་དང་། མི་ཡང་དག་པ་སུ་ཞིག་གི་ཁ་ལ་ཉན་དགོས་པ། སུ་ཞིག་ལ་གཡོལ་དགོས་མིན་ཤེས་པ་མ་ཟད། ལས་དོན་ཅི་ཞིག་གལ་ཆེ་ཤོས་ཡིན་པ་ཤེས་ན་མི་འགྲུབ་པའི་བྱ་བ་གཅིག་ཀྱང་མེད་པར་འདོད།  དྲི་བ་དང་པོའི་ལན་ལ། ཁ་ཤས་ཀྱི་བྱ་འགུལ་ཅི་ཡང་རུང་བ་ཞིག་སྤེལ་བར་དུས་ཚོད་འོས་འཚམ་ཡོང་བ་ལ། འབྱུང་འགྱུར་གྱི་ལོ་ཟླ་ཚེས་གྲངས་རེའུ་མིག་ལ་བཀོད་དེ་ནན་ཏན་གྱིས་དེ་དང་བསྟུན་ནས་འགྲོ་དགོས་པ་དང་། དེ་འདྲ་རང་བྱས་ན་ད་གཟོད་དུས་ཚོད་ཏག་ཏག་ལ་བྱ་བ་སྒྲུབ་ཚར་བར་བཤད།  དྲི་བ་གཉིས་པ་ལ་ཡང་ལན་མི་འདྲ་བ་སྣ་ཚོགས་བྱུང་། ཁ་ཤས་ཀྱིས། རྒྱལ་པོ་ལ་ཆེས་མཁོ་བའི་མི་ནི་ལྷན་ཚོགས་ཀྱི་ཚོགས་མི་དང་། ཁ་ཤས་ཀྱིས་ཆོས་དཔོན། གཞན་འགའ་ཞིག་གིས་སྨན་པ་ཡིན་སྐོར་དང་། ཡང་ཁ་ཤས་ཀྱི་ཆེས་མེད་དུ་མི་རུང་བའི་མི་ནི་དམག་མི་ཡིན་པར་བཤད། ཆེས་གལ་ཆེ་བའི་ལས་དོན་ནི་ལས་ཀ་བཟང་པོ་བསྒྲུབ་རྒྱུ་དེ་ཡིན། རྒྱུ་མཚན་དེ་ནི་ཚེ་འདིར་མིའི་སྐྱེ་བ་བླངས་པའི་དགོས་པ་གཅིག་པུ་དེ་ཡིན་ནོ་ཞེས་ལབ་པ་རེད།