བསྟན་འཛིན་འཇམ་དབྱངས།
འཛིན་གྲྭ་དགུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།
གསུང་མཁན། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག ཕྱོགས་སྒྲིག་དང་ཟུར་འདོན་བྱེད་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
བསྟན་དོན་གཙོ་བོ། དཔེ་ཆ་འདི་ནི་ཀློག་བདེ་ཞིང་ནང་དོན་ཤེས་སླ་བ། ཐུང་ཐུང་ཡིན་ན་ཡང་། བསླབ་བྱའི་ནང་དོན་རྒྱ་ཆེ་ལ་དོན་ཟབ་པ། དཔེར་ན། གནང་ཡུལ། སློབ་གྲྭ་ཁག་དང་ཚོགས་པ། སྐྱིད་སྡུག་ཁག མཐོ་སློབ། ཤེས་ཡོན་ཅན། དགེ་རྒན་དང་ལས་བྱེད་ལ་སོགས་ལ་གནང་བ་རྐྱང་རྐྱང་རེད་འདུག ཤེས་ཡོན་དང་། བཟང་སྤྱོད། ཡུལ་སྲོལ་གོམས་གཤིས། གཞན་ཕན་ལྷག་བསམ་སོགས་ཧ་ཅང་མང་པོ་འདུག
སྡེ་ཚན། བཀའ་སློབ་འདིའི་ནང་སྡེ་ཚན་ཀ་ནས་ཐ་བར་དབྱེ་བ་ཕྱེ་ནས་ནང་གསེས་དབྱེ་བ་མི་འདྲ་བ་མང་པོ་ཡོད་པ་མ་ཟད། ནང་དོན་ཆ་ནས་རིགས་མི་འདྲ་བ་ཧ་ཅང་མང་པོ་འདུག དེ་ཡང་གཙོང་བོ་༸གོང་ས་མཆོག་གིས་རྒྱ་གར་ས་གནས་མི་འདྲ་བར་དང་། ཟླ་ཚེས་མི་འདྲ་བར་གནང་བའི་བཀའ་སློབ་རེད་འདུག དཔེར་ན། སྡེ་ཚན་ཀ་པ་བཟང་སྤྱོད་ལམ་སྟོན། ཞི་བདེའི་བསྟི་གནས་དང་། ཡ་རབས་སྤྱོད་བཟང་། ཕྱི་ལོ་ ༡༩༩༤ ཟླ་བ་ ༤ ཚེས་ ༡ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པའི་ཐོག་སྩལ་བའི་བཀའ་སློབ། འདི་ལྟ་བུའི་བཀའ་སློབ་མི་འདྲ་བ་མང་པོ་འདུག ངས་ངོ་དེབ་ཐོག་རེས་གཟའ་ལྷག་པར་ལྷག་དཀར་སྲུང་བརྩིའི་ཆེད་དེབ་བཀླགས་ནས་འགྲེམས་སྤེལ་ཡང་ཞུ་ཡི་ཡོད། (དེབ་འདིར་ཤོག་གྲངས། ༣༢༣ འདུག)
ཚིག་གསར། བསྟི་གནས། ལེགས་སྐྱེས། ཞབས་འདེན། གདེང་སྤོབས། ཁོག་ཡངས། རྒྱས་སྤྲོས། ཁུར་མཉམ་ལེན། མངའ་ཐང། སེམས་རྒྱུད། བློ་བག་ཡངས་པོ། མངའ་ཐང་། བློ་གཟུ་པོ། སྣོད་བཅུད།
ནང་པའི་ལྟ་སྤྱོད་ཀུན་བཏུས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེན་པོའི་བཀའ་སློབ་གསུང་བཤད། སྒྱུར་མཁན། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་།
བསྟན་དོན་གཙོ་བོ་ནི། དཔེ་དེབ་འདི་ནི་༸གོང་ས་མཆོག་ནས་གསུངས་པའི་བཀའ་སློབ་གལ་ཆེན་ཞིག་རེད་འདུག དེའི་ནང་མིའི་སྤྱི་ཚོགས་དང་ཆོས་ཀྱི་རིན་ཐང་། ལས་འབྲས། སྙིང་རྗེའི་ཕན་ཡོན་ལ་སོགས་དང་གཙོ་བོ་ནང་པའི་བལྟ་བ་དང་སྤྱོད་པ་གཉིས་ཀྱི་སྐོར་ལ་གཙོ་འདོན་བྱས་པ་ཞིག་རེད་འདུག སྤྱིར་བཏང་དཔེ་དེབ་དེ་ལ་ཤོག་ངོས་ ༣༥༤ ཡོད་པ་ནས་ད་ལྟ་ ༢༦༨ བཀླགས་ཟིན་པ་ཡིན། ལྷག་མ་དེ་དག་མུ་མཐུད་ཀློག་བཞིན་པ་ཡིན། དཔེ་དེབ་འདི་ཐེངས་གཅིག་ཙམ་མིན་པར་ཐེངས་གསུམ་ཙམ་བཀླགས་པ་ལྟ་བུ་ཡིན། རྒྱུ་མཚན་གང་ལ་ཞེ་ན། རས་གཟའ་ལྷག་པ་རྟག་པར་བོད་ཡིག་དེབ་ཀློག་འདོན་བྱས་ནས་ངོ་དེབ་ཐོག་ལྷག་དཀར་སྲུང་བརྩིའི་ཞུ་ཡི་ཡོད། པར་མ་བརྒྱབ་སྔོན་ཐེངས་གཉིས་གསུམ་སྦྱོར་རྡར་བྱས་རྗེས་བརྙན་པར་ལེན་བྱེད་ཀྱི་ཡོད། (གསལ་བཤད།) འདི་ལོར་བོད་ཡིག་གི་དཔེ་དེབ་འདི་དག་བཀླགས་པ་ཡིན། མ་འོངས་པར་དེ་ལས་མང་བ་ཀློག་ཐུབ་པས་འབད་རྩོན་བྱ་རྒྱུ་ཡིན།
ཆུང་འབྲིང་སློབ་མའི་རྩོམ་འབྲིའི་ལྷན་ཐབས། སྐད་གཉིས་ཤན་སྦྱར་གྱི་དཔྱད་བརྗོད།
ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་མཉམ་བཀོལ་རྩོམ་དེབ།
བསྟན་དོན་གཙོ་བོ་ནི། དཔེ་དེབ་འདི་དག་བོད་ནང་གྲི་སློབ་འབྲིང་སློབ་མའི་ཆེད་དུ་སྒྲུང་རྩོམ་ཕྱོགས་སྒྲིག་བྱས་པའི་དཔེ་དེབ་ཞིག་རེད་འདུག དཔེ་དེབ་འདིའི་ནང་ཁྱོན་བསྡོམས་སྒྲུང་རྩོམ་སུམ་ཅུ་སོ་དྲུག་ལྷག་འདུག སྒྲུང་ཆ་ཚང་ཐུང་ཐུང་ཡིན་ཡང་ཧ་ཅང་སྙན་པོ་དང་ལྟ་སྙིང་འདོད་པོ་རྐྱང་རྐྱང་རེད་འདུག ལྷག་པར་དུ་རྩོམ་གི་ཁ་བྱང་ཡང་མང་ཆེ་བ་ང་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པ་རྐྱང་རྐྱང་རེད་བཞག དཔེར་ན། སྒྲུང་དང་པོ་དེ་ནི་ང་ཡི་དགེ་རྒན། བྱིས་དུས་ཀྱི་ང། མི་ཡུལ་གྱི་བརྩེ་བ་དྲོ་མོ་སོགས་མང་པོ་འདུག དཔེ་དེབ་དེ་ཀློག་པའི་སྐབས་སུ་དཀའ་ངལ་ཆེ་ཤེས་ནི་རྩོམ་པ་པོའི་ཕ་ཡུལ་སྐད་མང་པོ་བེད་སྤྱོད་བྱས་ཏེ་བྲིས་འདུག ཡིན་ཡང་སྒྲུང་དེབ་ཀྱི་གཡོན་གྱི་ཟུར་དུ་མཆན་གང་ཙམ་བཀོད་འདུག་དེ་ལས་ཤེས་པ་དང་། རྒན་ལགས། ཨ་མ་ལགས་སུ་སྐད་ཆ་དྲིས་ནས་ཚིག་གསར་གྱི་ནང་དོན་ཤེས་ཐབས་བྱས་པ་ཡིན། སྒྲུང་དེབ་བཞི་པ་འདིར་བསྡོམས་ཤོག་གྲགས་ ༩༥ འདུག
ཚིག་གསར། ཕྲ་ཚག སྡིག་མོ། འབའ་འབུར། མཐེ་བོང་བསྒྲིངས། འཕྲོས། ཨ་ཡེ། ལྭ་བ། ཀྲུའུ་རིན། གཡོ་སྐོལ། བསྲན་མ་ཐུབ། རེ་ལྟོས། ཀློག་ཁུག
ད་བར་དཔྱད་མཆན་མེད།