དབྱངས་ཅན་སྒྲོལ་དཀར། འཛིན་གྲྭ་བཅུ་གཅིག དྷོ་ལན་ཇཱི་སཾ་བྷོ་ཊ།
འཛམ་གླིང་ཆེན་པོ་འདི་ཡི་ནང་། །
མི་ནི་གྲངས་མེད་ཡོད་ན་ཡང་། །
ང་ལ་བཀའ་དྲིན་ཆེ་ཤོས་ནི། །
ང་ཡི་དྲིན་ཆེན་ཨ་མ་ཡིན། །
ང་ལ་དཀའ་ངལ་འཕྲད་པའི་དུས། །
གྲིབ་མ་ནང་བཞིན་མཉམ་དུ་ཡོད། །
ཆར་དུས་སྐབས་ཀྱི་ཆར་གདུགས་བཞིན། །
ང་ལ་རྟག་ཏུ་སྲུང་སྐྱོབ་གནང་། །
བདག་ལ་ཡག་པོ་བྱེད་མཁན་ནི། །
མང་པོ་མཐོང་རྒྱུ་ཡོད་ན་ཡང་། །
ཨ་མ་འདྲ་བའི་མི་སྣ་ནི། །
བཙལ་ཀྱང་རྙེད་རྒྱུ་ཡོད་མ་ཡིན། །
བྱམས་བརྩེ་ལྡན་ཞིང་སྙིང་སྟོབས་ཆེ། །
བུ་ཕྲུག་དོན་དུ་ཅི་ཡང་བྱེད། །
ཨ་མ་འདྲ་བའི་ནུས་པ་ཅན། །
འཛམ་གླིང་འདི་ན་ཤིན་ཏུ་དཀོན། །
བརྙན་འཕྲིན་ནང་གི་དཔའ་བོ་ནི། །
བརྫུས་པའི་དཔའ་བོ་ཡིན་ན་ཡང་། །
དྲིན་ཆེན་ཨ་མ་ཁྱེད་ཉིད་ནི། །
ང་ཡི་དཔའ་བོ་ངོ་མ་ཡིན། །
ཨ་མ་ཁྱེད་ཀྱི་བཀའ་དྲིན་ནི། །
འཇལ་བར་འདོད་ཀྱང་གཞལ་དུ་མེད། །
ཁྱེད་ཀྱི་བསླབ་བྱ་སྙིང་བཅངས་ཀྱིས། །
སློབ་ལ་འབད་བརྩོན་བྱེད་མུས་ཡིན། །
ད་བར་དཔྱད་མཆན་མེད།