བསྟན་འཛིན་སྒྲོལ་དཀར།
འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།
རྩོམ་པ་པོ། རཱ་མཱ་ནུ་ཇཱན། བོད་སྒྱུར་བ། བཀྲ་ཤིས་རྣམ་རྒྱལ།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདི་ནི་བླུན་པོའི་རྒྱལ་ཁམས་ཤིག་གི་སྐོར་ལ་རེད་འདུག དེ་ཡི་རྒྱལ་ཁབ་དུ་རྒྱལ་པོ་ཞིག་དང་བློན་པོ་ཞིག་ཡོད། ཁོ་གཉིས་ཀ་གླེན་པོ་ཡིན། ཁོང་ཚོས་མཚན་མོ་དེ་ཉིན་མོ་བསྒྱུར་བ་དང་། ཉིན་མོ་དེ་མཚན་མོ་ལ་བསྒྱུར་བ་རེད། ཉིན་ཞིག་རྒྱལ་ཁབ་དེའི་ནང་དུ་དགེ་སློབ་གཉིས་སླེབས་དུས་མི་སུ་ཡང་མཐོང་རྒྱུ་མེད། དེའི་རྗེས་སུ་མཚན་མོ་ཆགས་པའི་སྐབས་སུ་མི་རྣམས་ལས་ཀ་བྱེད་དུ་ཕྱིན་ལ་ཐོན་ཡོང་། ཁོ་གཉིས་གྲོད་ཁོག་ལྟོགས་པས་ཚོང་ཁང་དུ་ཁ་ལག་ཉོ་རུ་འགྲོ་དུས། ཁ་ལག་གོང་ཁེ་པོར་རག་གི་ཡོད་པས་སློབ་ཕྲུག་དེ་རྒྱལ་ཁབ་དེ་ལ་བསྡད་རྒྱུ་ཐག་བཅད་པ་རེད། ཁོའི་དགེ་རྒན་གྱིས་མ་སྡོད་ལབ་ཀྱང་སྐད་ཆ་མ་ཉན་པ་རེད། ཉིན་ཞིག་རྐུན་མ་ཞིག་ཚོང་པ་ཕྱུག་པོ་ཞིག་གི་ཁང་པར་ཅ་ལག་བརྐུ་བར་འགྲོ་བའི་སྐབས། ཁང་པ་དེའི་གྱང་ཁོའི་མགོ་ལ་འགྱེལ་ཏེ་ཁོ་དེ་ག་རང་དུ་ཤི་པ་རེད། ཁོའི་སྤུན་མཆེད་གྱིས་དེའི་སྐོར་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ཁང་བདག་སྐད་བཏང་ནས་རྐུན་མ་ཤི་བ་དེ་ཁོའི་ནོར་ཁྲུལ་རེད་ལབ། ཁང་བདག་དེས་ནོར་འཁྲུལ་དེ་གྱང་བཟོ་བའི་འགྲམ་ལ་གཡུགས། ཁོས་བུ་མོ་གར་མཁན་མ་ལ་གཡུགས། མོས་གསེར་བཟོ་བ་ཞིག་ལ་འཛུམ་མོ་བཙུགས། དེས་ཚོང་པ་ཕྱུག་བདག་དེའི་ནོར་འཁྲུལ་རེད་ལབ། ཡིན་ན་ཡང་། ཁོ་གཟུགས་པོ་སྐམ་དྲགས་ནས་ཁྲིམས་ཤིང་ཐོག་སྲོག་ཐོག་གཏོང་བར་རན་པོ་མེད་པོ་ཚོར། དེ་ནས་ལུང་པའི་མི་རྒྱགས་པ་ཞིག་འཚོལ་རྒྱུ་བྱས། མི་རྒྱགས་པ་དེ་ནི་གཞན་མ་ཡིན་པ་སློབ་ཕྲུག་དེ་ཡིན། ཡིན་ནའང་། ཁོ་དགེ་རྒན་གྱིས་སྐྱབས་པ་རེད། ཁོང་གཉིས་ཀྱིས་རྒྱལ་པོ་དང་བློན་པོ་དེ་ལ་མགོ་སྐོར་བཏང་ཏེ་མཐའ་མར་རྒྱལ་པོ་དང་བློན་པོ་དེ་ཤི་བ་རེད། དེ་རྗེས་རྒྱལ་ཁབ་དེའི་རྒྱལ་པོ་དང་བློན་པོ་གསར་པ་ནི་དགེ་སློབ་གཉིས་དེ་ཡིན། དེ་ནས་བཟུང་ཉིན་མོ་དེ་ཉིན་མོ་རང་འཇགས་ལ་འགྱུར།
ཚིག་གསར། རི་ཁྲོད་པ། ཉུལ་བ། ཆས། ནག་ཉེས། གཤིན་པ། གར་མཁན་མ།
འཕྲིན་ཡིག
རྩོམ་པ་པོ། ལྡུ་མ་ཁེ་ཏུ། བོད་སྒྱུར་བ། བཀྲ་ཤིས་རྣམ་རྒྱལ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔར་བགྲེས་པོ་ཞིག་ཡོད་པ་དེ་གྲོང་ཁྱེར་དུ་སྦྲག་ཁང་ལ་འགྲོ་རྒྱུའི་ཆར་གཞི་བྱེད་བཞིན་ཡོད། ཁོ་སྦྲག་ཁང་དེ་ལ་འབྱོར་དུས་སྦྲག་ཁང་གི་མི་རྣམས་ཀྱིས་ཁོ་ལ་སྐད་བཏང་བ་ཐོས། ཁོ་སླེབས་དུས་སྦྲག་པས་ཁྱོད་ག་རེ་བྱས་ནས་སླེབས་པ་ཡིན་ནམ། ཞེས་དྲིས་པར། ཁོས་ངའི་མིང་བོས་བྱུང་། ཞེས་ལབ་པ་རེད། སྦྲག་པས། ངས་ཐེངས་མ་ག་ཚོད་ལབ་སོང་། ཁྱེད་ལ་འཕྲིན་ཡིག་སླེབ་མ་བྱུང་། ཞེས་གསུངས། བགྲེས་པོ་དེའི་མིང་ནི་ཨ་ལཱེ་ཡིན། ཁོང་གི་བུ་མོ་ཆང་ས་བརྒྱག་ཚར་རྗེས་སུ་ཁོ་རང་གཅིག་པོ་ལྷག་པ་རེད། ཁོའི་མི་ཚེ་ནི་ཐབས་སྡུག་པོ་ཞིག་ཆགས་ཡོད་པས། ཁོང་གི་མི་ཚེ་ནང་འཕྲིན་ཡིག་ཅིག་རག་པའི་རེ་བ་བྱས་ནས་ལོ་ལྔའི་རིང་སྦྲག་ཁང་དུ་ཉིན་ལྟར་སླེབ་ཀྱི་ཡོད། ཡིན་ན་ཡང་། ཁོང་ལ་སུས་ཀྱང་འཕྲིན་ཡིག་བསྐུར་མྱོང་མེད། ཉིན་ཞིག་ཁོ་ལ་འཕྲིན་ཡིག་ཞིག་འབྱོར་བ་རེད། ཡིན་ན་ཡང་། ཨ་ལཱེ་བགྲེས་སོང་བ་རེད།
ཚིག་གསར། བགྲེས་པོ། དགྲ་ཟླ། སྦྲག་ཁང་།
སྲས་མོ་ཟླ་དགུ་མ།
རྩོམ་པ་པོ། ཝི་ལམ་མའོ་གྷམ། བོད་སྒྱུར་བ། བཀྲ་ཤིས་རྣམ་རྒྱལ།
སྒྲུང་གི་ནང་དོན་སྙིང་བསྡུས། སཻམ་གྱི་རྒྱལ་པོ་དང་རྒྱལ་མོ་གཉིས་ལ་སྲས་མོ་དགུ་ཡོད། རྒྱལ་མོར་སྲས་མོ་རྣམས་ཀྱི་མིང་ཡིད་ལ་འཛིན་པར་མགོ་རྙོག་ཡོད་པས། སྲས་མོ་རེ་རེར་མིང་ལ་ཟླ་མིང་རེ་བཏགས་པ་རེད། སྲས་མོ་ཆུང་ཤོས་ཀྱི་མིང་ལ་ཟླ་དགུ་མ་ཟེར། རྒྱལ་པོས་རང་གི་བུ་མོ་རྣམས་ལ་ལེགས་སྐྱེས་སྤྲད་རྒྱུའི་ལུགས་སྲོལ་ཡོད་པས། ཁོའི་སྲས་མོ་རྣམས་ལ་གསེར་གྱི་གི་གཟེབ་ཏུ་བཅུག་པའི་ནེ་ཙོ་ལྗང་ཁུ་རེ་སྤྲད། ཡིན་ན་ཡང་། སྲས་མོ་ཟླ་དགུ་མའི་ནེ་ཙོ་དེ་ཤི་པ་རེད། མོ་སེམས་པ་ཧ་ཅང་སྐྱོ་ནས་ཁ་ལག་མ་བཟས་པར་ཉལ་ཁང་ནང་ངུས་ནས་བསྡད་པ་རེད། སྐབས་དེར་བྱིའུ་ཞིག་མོའི་ཉལ་ཁང་ལ་འཛུལ་ནས་མོ་ལ་གླུ་གཞས་བཏང་བ་རེད། མོ་དགའ་ཐག་ཆོད་ནས་མོས་པ་ལགས་དང་ཨ་མ་ཨ་ཅག་རྣམས་ལ་བསྟན། སྲས་མོ་གཞན་པ་བརྒྱད་རྣམས་མོ་ལ་ཕྲག་དོག་བསླངས་ནས་མོ་ལ་བྱིའུ་དེ་ཐང་རིང་ལ་འཕུར་སྲིད་པས་གཟེབ་ནང་གཞག་དགོས་པ་སོགས་རྫུན་གཏམ་མང་པོ་བཤད་པས། སྲས་མོ་ཟླ་དགུ་མ་ཞེད་སྣང་སྐྱེས་ནས་བྱིའུ་དེ་གསེར་གྱི་གཟེབ་ཏུ་བཅུག བྱིའུ་དེས་ཁ་ལག་མ་བཟས་པ་མ་ཟད་གཞས་ཀྱང་མ་གཏང་བ་རེད། སྲས་མོ་ཞོགས་པ་ལངས་པའི་སྐབས་སུ་ཐུགས་ཧ་ཅང་སྐྱོ་བས་བྱིའུ་དེ་གསེར་གྱི་གཟེབ་ནས་གློད་གཏང་རྒྱུ་ཐག་བཅད། དེ་མ་ཐག་བྱིའུ་དེ་དགའ་ཐག་ཆོད་ནས་སྒེའུ་ཁུང་གྱི་ཕྱི་ལ་འཕུར། མོས་ཉི་མ་རྟག་པར་སྒེའུ་ཁུང་ཕྱེ་བཞག་ནས་བྱིའུ་དེ་མོའི་འགྲམ་ལ་སླེབས་ནས་གཞས་སོགས་གཏོང་བའི་རེ་བ་བྱེད་ཀྱི་ཡོད། མོའི་སྒེའུ་ཁུང་ཕྱེ་ནས་ཉལ་གྱི་ཡོད་པ་སོང་ཙང་མོ་སྲས་མོ་མཛེས་མ་ཞིག་ཏུ་གྱུར་ནས་ཁཱམ་བྷོ་ཌེའི་རྒྱལ་པོ་དང་གཉེན་སྒྲིག་བྱས། མོའི་ཨ་ཅག་ལྷག་མ་རྣམས་མདོག་ཉེས་པོར་གྱུར་ཙང་སློབ་སྟོན་པ་རྣམས་དང་མཉམ་དུ་གཉེན་སྒྲིག་བྱས་པ་རེད།
ཚིག་གསར། བདེ་འཇགས། བྱ་ཁྲི། བསྟན་བཤིག སེམས་རྣལ། གཟེབ།
ད་བར་དཔྱད་མཆན་མེད།