བསྟན་འཛིན་སྐྱིད་འཛོམས།
འཛིན་གྲྭ་བདུན་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།
རྩོམ་པ་པོ། ཚེ་རིང་དཔལ་འཛོམས།
སྒྲུང་གི་ནང་དོན་སྙིང་བསྡུས། ཞོགས་པ་བུ་མོ་ཉི་མ་སློབ་གྲྭར་འབྱོར་བ་དང་ཏོག་ཙམ་རྗེས་རྒན་ལགས་ཕེབས་པ་རེད། རྒན་ལགས་ཀྱིས་དེ་རིང་ང་ཚོ་ཉི་མའི་ཁྱིམ་རྒྱུད་ནང་ཡོད་པའི་གཟའ་སྐར་བརྒྱད་དང་འཁོར་སྐར། དེ་བཞིན་སྐར་ཕྲན་སྐོར་ལ་སྦྱང་རྒྱུ་རེད་ལབ། བུ་མོ་ཉི་མ་ནང་ལ་ལོག་རྗེས་ཕ་མ་གཉིས་ལ་དེ་རིང་སློབ་གྲྭ་ལ་ག་རེ་སྦྱང་ཡིན་པ་དང་རྩེད་མོ་རྩེས་པའི་སྐོར་ལ་ཞུས། མོ་ཉལ་སྐབས་ཕྱི་པོ་ཆགས་པ་རེད། ཅུང་མ་འགོར་བར་རྨི་ལམ་ཞིག་རྨིས། མཁའ་གྲུ་ཞིག་གི་མོ་ལ་ཁྱེད་རང་བར་སྣང་ལ་འགྲོ་འདོད་འདུག་གམ། ཞེས་དྲིས། མོས་འགྲོ་འདོད་ཡོད། ཞེས་ལབ། དེ་ནས་མོ་མཁའ་གྲུ་མཉམ་དུ་བར་སྣང་ལ་ཕྱིན། བར་སྣང་ལ་མཁའ་གྲུ་ཡི་མོ་ལ་རོགས་པ་བྱས་པ་དང་གཟའ་སྐར་བརྒྱད་ཀྱི་སྐོར་འགྲེལ་བཤད་རྒྱག་ཏུ་བཅུག དེའི་ནང་ནས་དྲི་བ་གཅིག་ནི་གཤིན་རྒྱལ་གཟའ་སྐར་ནང་མ་རྩིས་བའི་རྒྱུ་མཚན་གང་ཡིན་ནམ། ཁྱེད་ཀྱི་དེ་ལན་ཤེས་སམ། ཞེས་སྐད་ཆ་དྲིས་པ་རེད།
ཚིག་གསར། ཉི་མའི་ཁྱིམ་རྒྱུད། བཀའ་འདྲི། མཁའ་གྲུ འགྲུལ་བཞུད། འཁོར་སྐར། རྨི་ལམ།
སྤེན་སྐྱིད། ཁྱིམ་མཚེས་ཡག་པོ།
རྩོམ་པ་པོ། ཉི་མ་འཚོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདིའི་ནང་མི་སྣ་གཉིས་འདུག དེ་དག་ནི་ཨ་ཁུ་མེས་པོ་དང་སྤེན་སྐྱིད་གཉིས་རེད། སྤེན་སྐྱིད་ནི་ཡིད་དུ་འོང་བའི་ཁྱི་མོ་ཞིག་ཡིན། མོ་རང་སེམས་པ་བཟང་པོ་དང་མོའི་ཁྱིམ་མཚེས་ཨ་ཁུ་མེས་པོ་ཡིན། མོ་རང་ཞོགས་པ་ལུས་སྦྱོང་བྱེད་སའི་ར་བ་ལ་སྤྲོ་འཆམ་ལ་འགྲོ་ཡི་ཡོད། ཉིན་ཞིག་གི་ཞོགས་པ་མོ་ཨ་ཁུ་མེས་པོ་ལགས་ནམ་རྒྱུན་བཞིན་ལམ་ལ་མ་ཐུག་ཙང་། མོ་བློ་མ་བདེ་བས་ཕྱིར་ཉིན་ཨ་ཁུ་ལགས་ཀྱི་ནང་ལ་ཕྱིན། ཨ་ཁུ་ནི་ན་ནས་ཉལ་སར་ལྷུང་ཡོད། ཁོང་ནི་གཟུགས་པོ་སྐྱོ་བོ་ཆགས་ཡོད། སྤེན་སྐྱིད་ཀྱིས་ཇ་ཞིག་བསྐོལ་ནས་ཨ་ཁུ་ལ་སྤྲད། དེ་ནས་སྨན་པ་གདན་འདྲེན་ཞུས། སྨན་པས་མོ་ལ། “ཁྱེད་ཀྱིས་ཨ་ཁུ་མེས་པོ་ལགས་ལ་ལྟ་རྟོགས་བྱེད་པ་དེ་ཧ་ཅང་ཡག་པོ་རེད།” བཅས་བསྔགས་བརྗོད་བྱས་པ་དང་། དེ་ནས་བཟུང་མོ་རྒྱུན་དུ་ཁོང་གི་ནང་དུ་སོང་ནས་རོགས་རམ་བྱེད་ཀྱི་ཡོད། རྗེས་སུ་ཁོང་གཉིས་ཁྱིམ་མཚེས་བཟང་པོ་དང་འཆམ་པོ་ཞིག་ཏུ་གྱུར་རོ།
ཚིག་གསར། ཡད་དུ་འོང་། སེམས་ཁུར། ཁེར་རྐྱང་། སྔར་རྒྱུན། ལྷུང་། ཀ་ར་གོ་རེ། གདན་འདྲེན། ངོ་མ།
སྤེན་པའི་བསམ་བློ་ལ་འགྱུར་བ་བྱུང་བ།
རྩོམ་པ་པོ། ཉི་མ་འཚོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྤེན་པ་ནི་ར་མ་ཞིག་ཡིན། མོས་ཉིན་ལྟར་ངའི་གཟུགས་པོ་ཆུང་དྲགས་འདུག་ཞེས་འཁང་ར་བྱེད་ཀྱི་ཡོད། ཨ་མས་སྤེན་ལ་ཚེ་འདི་ལ་ག་རེ་ཡོད་པ་དེར་འཁང་ར་མེད་པར། དགའ་སྣང་སྐྱེས་དགོས་ཞེས་གསུངས་ཀྱི་ཡོད། དེར་སྤེན་པ་བསམ་ཤེས་མི་ཐུབ་ནས་ལན་འདེབས་བྱས། ཉིན་ཞིག་སྤེན་པ་སྐྱེས་ཚལ་དུ་གྲོགས་པོ་དཔལ་སྟོབས་ཐུག་ཏུ་ཕྱིན། དཔལ་སྟོབས་ཀྱི་ཁོའི་གྲོགས་པོ་རྡོ་རྗེ་ཁྲིད་ཡོད། རྡོ་རྗེ་ནི་ཞ་བོ་ཡིན། འོན་ཀྱང་ཁོས་ང་རང་གི་མི་ཚེ་སྐྱིད་པ་ཡོད་ལབ་པ་རེད། དེ་ནས་སྤེན་པས་སོ་སོ་ལ་འཁང་ར་བྱེད་རྒྱུ་མཚམས་བཞག་པ་རེད། ཕ་མ་གཉིས་ཀྱང་དགའ་བོ་བྱུང་བ་རེད།
ཚིག་གསར། འཁང་ར། གནས་ལུགས། དགའ་སྣང་། བསམ་ཤེས། ལེ་བདའ། སྐྱེད་ཚལ། རྐུབ་སྟེགས། ཞ་བོ། ཁ་བརྡ།
ད་བར་དཔྱད་མཆན་མེད།