བསྟན་འཛིན་གསལ་སྒྲོན།
འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ།
རྩོམ་པ་པོ། ཚེ་རིང་དཔལ་འཛོམས།
སྒྲུང་གི་སྙིང་བསྡུས། སྒྲུང་འདིའི་ནང་མི་སྣ་གཙོ་བོ་ནི་བུ་མོ་ཉི་མ་དང་མཁའ་གྲུ་རེད་འདུག བུ་མོ་ཉི་མ་ནི་ཀུན་སྤྱོད་བཟང་ཞིང་གཙང་སྦྲ་དོད་པའི་བུ་མོ་ཞིག་ཡིན་ལ། ཉིན་ལྟར་འཛིན་ཁང་ནང་དུ་ཡང་དོ་སྣང་ཡག་པོ་བྱེད་མཁན་ཞིག་རེད་འདུག ཉིན་ཞིག་མོའི་རྒན་ལགས་ཀྱིས་ཉི་མའི་ཁྱིམ་རྒྱུད་སྐོར་བསླབས་པས། དེའི་དགོང་མོར་མོའི་རྨི་ལམ་ནང་མཁའ་གྲུ་ཞིག་གིས་མོ་བར་སྣང་དུ་ཁྲིད་པ་རྨིས། ཁོ་གཉིས་བར་སྣང་དུ་འགྲུལ་བཞུད་བྱེད་བཞིན་པའི་སྐབས། མཁའ་གྲུས་མོ་ལ་བར་སྣང་གི་དངོས་པོ་མང་པོ་ངོ་སྤྲོད་བྱས་པ་དང་། བུ་མོ་ཉི་མས་ཀྱང་དྲི་བ་མང་པོ་དྲིས་བ་དང་མཁའ་གྲུས་ལན་བརྒྱབ། གང་འཚམས་ནས་མོ་ཡིས་ལྟ་འདོད་ཡོད་པའི་ཉི་མའི་ཁྱིམ་རྒྱུད་འགྲམ་དུ་སླེབས་པ་རེད། མཁའ་གྲུས་བུ་མོ་ཉི་མ་ལ་ཉི་མའི་ཁྱིམ་རྒྱུད་ནི་དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་ཀྱི་ཆ་ཤས་ཡིན་པ་དང་གཟའ་སྐར་བརྒྱད་པོ་མོ་ལ་རེ་རེ་བཞིན་ངོ་སྤྲོད་བྱས། བུ་མོ་ཉི་མས་ཀྱང་དེ་ལ་དོ་སྣང་ཡག་པོ་སྤྲད་པ་རེད། དེའི་རྗེས་མཁའ་གྲུས་བུ་མོ་ཉི་མ་ལ་གཟའ་སྐར་བརྒྱད་པོ་ངོ་སྤྲོད་བྱས་ཚར་རྗེས། བུ་མོ་ཉི་མས་མཁའ་གྲུ་ལ་ཐུགས་རྗེ་ཆེ་གནང་ཞུས་པ་དང་། བར་སྣང་ལ་ཁྲིད་པར་སྐྱིད་པོ་བྱུང་། ཞེས་ལབ་པ་རེད། དེའི་རྗེས་སང་ཞོགས་བུ་མོ་ཉི་མ་གཉིད་ལས་སད་རྗེས་མཁའ་གྲུ་དང་མཉམ་དུ་བར་སྣང་ལ་ཕྱིན་པ་དེ་རྨི་ལམ་ཡིན་པ་ཤེས་ནས་རང་དབང་མེད་པར་གད་མོ་ཤོར་བ་རེད།
སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་འདི་ཀློག་སྐབས་ངའི་སེམས་ནང་བྱིས་པའི་ལྟད་མོ་ཞིག་ལྟ་གི་ཡོད་པའི་ཚོར་བ་བྱུང་། བུ་མོ་ཉི་མ་ནི་སློབ་ཕྲུག་ཡག་པོ་ཞིག་དང་ཚང་མས་མིག་དཔེ་ལྟ་དགོས་ས་ལྟ་བུ་ཞིག་རེད་འདུག སྒྲུང་འདིའི་ནང་བུ་མོ་ཉི་མ་ནི་རང་ཉིད་ཀྱི་སློབ་ཚན་ལ་དོ་སྣང་དང་དབྱིངས་ཡོད་པའི་རྐྱེན་གྱིས་སོ་སོའི་རྨི་ལམ་ནང་ལ་ཡང་སློབ་ཚན་དེ་དྲན་གྱི་འདུག ང་ཚོས་ཉིན་ལྟར་སློབ་ཚན་དང་ཡི་གེ་སྦྱོང་སྐབས་དོ་སྣང་དང་དབྱིངས་དགོས་པ་གལ་ཆེན་པོ་རེད་འདུག སྒྲུང་དེབ་འདིའི་ནང་གི་རི་མོ་དེ་ཚོ་དཔེ་སྙིང་རྗེ་མོ་ཡོད་པ་མ་ཟད་དེབ་འདི་ཀློག་བདེ་པོ་འདུག
ཚིག་གསར། སྐར་ཕྲེན། མཁའ་གྲུ། འགྲུལ་བཞུད། དགུ་ཚིགས། ངོ་མཚར་ཆེ། ཕྱིར་དྲངས།
ཁྱེད་ཀྱིས་ག་རེ་མཐོང་གི་འདུག་གམ།
ཕྱོགས་བསྒྲིགས་པ། ཚེ་རིང་དཔལ་འཛོམས།
སྒྲུང་གི་སྙིང་བསྡུས། དེབ་འདི་ནི་དམིགས་བསལ་སྒྲུང་དེབ་ཞིག་མ་ཡིན་པར། དེ་ནི་ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དུ་བྱ་བྱིའུ་དང་སེམས་ཅན་སྣ་ཚོགས་ཀྱི་མིང་ཤེས་པའི་ཆེད་དུ་རེད་འདུག དེབ་འདིའི་ནང་ཕུག་རོན་དང་། ནགས་བྱི། ཁྲུང་ཁྲུང་། ཐང་དཀར་རྒོད་པོ་ལ་སོགས་པའི་སྲོག་ཆགས་ ༢༥ ཡི་མིང་དང་དཔར་ཡིད་དུ་འོང་བ་འདུག
སྒྲུང་དེབ་བཀླགས་པའི་མྱོང་ཚོར། ངས་དེབ་འདི་ཀློག་སྐབས་ཀྱི་ཚོར་བ་ནི། ང་རང་གཞི་རིམ་འོག་མའི་སློབ་གྲྭར་སླེབས་པའི་ཚོར་བ་སྐྱེས་སོང། དེབ་འདི་ཀློག་པའི་སྐབས་ངས་སེམས་ཅན་ཁ་ཤས་ཀྱི་མིང་བོད་སྐད་ཐོག་ཤེས་སོང། མ་ཟད་སྲོག་ཆགས་ཚོའི་རི་མོ་ཡང་ཧ་ལམ་དངོས་སུ་གང་འདྲ་ཡོད་པ་ལྟར་བྲིས་འདུག་པས་ཀློག་དུས་སྤྲོ་སྣང་ཆེན་པོ་སྐྱེས་སོང།
ཚིག་གསར། ནགས་བྱི། བྱ་ཁྱིའུ། བྱི་ལ་དོམ། ཐང་དཀར་རྒོད་པོ། རྟ་མཆོག
ཤེའུ་ཡི་ཁྱིམ་གཞིས་གསར་པ།
རྩོམ་པ་པོ། སན་དིབ་ལྦིར་མ་ནི། བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
སྒྲུང་གི་སྙིང་བསྡུས། སྒྲུང་འདི་ནི་མཛེས་སྡུག་ལྡན་པའི་ཤ་བ་ཆུང་ཆུང་ཞིག་གི་སྐོར་ལ་རེད་འདུག་པས། སྒྲུང་དེ་འགོ་འཛུགས་སྐབས་ཤ་བ་ཆུང་ཆུང་དེས་སོ་སོའི་སྐྱེ་ཚུལ་དང་རང་གི་ཉེ་འཁོར་དུ་ཡོད་པའི་སྲོག་ཆགས་རྣམས་ཀྱི་སྐོར་ལ་བཤད་ཀྱི་འདུག དེའི་རྗེས་ད་དུང་ཤ་བ་དེ་རླུང་དང་མཉམ་དུ་རྩེད་མོ་རྩེ་རྒྱུ་དགའ་པོ་ཡོད་པ་བཤད་ཀྱི་འདུག འོན་ཀྱང་། སྟབས་མི་ལེགས་པ་ཞིག་ལ་ཁོང་ཚོ་དབྱར་ཁ་ཚ་བ་སླེབས་པའི་དུས་ལ་གནས་སྤོས་བྱེད་སྐབས་ལམ་བར་རྐྱེན་ངན་བར་ཆད་ཅིག་འཕྲད་ཀྱི་འདུག ཤ་བའི་ཁྱུ་ལྦི་ར་ནི་ཞེས་པའི་གྲོང་གསེབ་ཀྱི་མཐའ་འཁོར་དུ་སླེབ་སྐབས། ཤ་བ་ཆུང་ཆུང་ལ་ཁྱི་མང་པོ་ཞིག་གིས་མཐའ་བསྐོར་བ་དང་། དེའི་རྗེས་ཤྭ་བ་དེ་དཀའ་ངལ་ནང་ལ་ལྷུང་བཞིན་པའི་སྐབས། ཤི་ཝམ་ཟེར་བའི་རྫི་བོ་ཆུང་ཆུང་ཞིག་གིས་ཤྭ་བ་ཉེན་ཁ་ནང་ཡོད་པ་ཤེས་ནས་སྐྱབས་པ་རེད།
ཤི་ཝམ་གྱིས་ཤ་བ་ཆུང་ཆུང་དེ་ཁོ་བའི་ནང་དུ་ཁྲིད་ནས་སྨན་བཅོས་བྱས། ཤྭ་བ་ཆུང་ཆུང་དེས་ཤི་ཝམ་ལ་ཉིན་རེ་བཞིན་དགའ་བར་གྱུར་བ་དང་། ཤི་ཝམ་མཉམ་དུ་རྩེད་མོ་ཡང་མང་པོ་རྩེ་གི་ཡོད། འོན་ཀྱང་། ཤྭ་བ་ཆུང་ཆུང་དེས་རི་དྭགས་ཀྱི་འགྲོ་སྟངས་དང་འགྲོ་ལུགས་ཤེས་དགོས་པ་དང་། མི་མཉམ་དུ་མི་ཚེ་གང་ཚང་སྡོད་ཐུབ་ཀྱི་མེད་པས། ཤི་ཝམ་དང་ཁོའི་པ་ལགས་མཉམ་དུ་ཤ་བ་དེ་མི་ཊི་ཞེས་པའི་རྔ་མོང་འཚོ་མཁན་ཞིག་ལ་བཅོལ་བ་རེད། ཤ་བ་ཆུང་ཆུང་དེས་རྔ་མོང་དང་མཉམ་དུ་རི་དྭགས་ཀྱི་འགྲོ་ལུགས་ཤེས་པ་དང་། སོ་སོའི་ཆེད་རྩྭ་ཆུ་འཚོལ་སྟངས་ཤེས་པ་རེད། བདུན་ཕྲག་ཁ་ཤས་རྗེས་ཤ་བ་ཆུང་ཆུང་དེ་ཁོ་བོའི་ཨ་མ་དང་མཉམ་འཛོམས་བྱུང་བ་རེད།
སྐབས་དེར་ཁོང་ཚོ་ཤ་བ་མང་པོ་ཡོད་པའི་ས་ཆ་དེར་རྔོན་པ་ཞིག་སླེབས་ཡོད་པ་དང་། རྔོན་པ་དེས་ཤ་བ་དང་རི་དྭགས་སེམས་ཅན་སོགས་མེ་མདས་གསོད་ཀྱི་ཡོད་པ་ཤ་བ་ཆུང་ཆུང་དེས་ཤེས་པ་དང་། ཤི་ཝམ་གྱིས་ཀྱང་མཐོང་བ་རེད། ཤ་བ་ཆུང་ཆུང་ཡང་ན་ཨ་ཆེ་རི་བློ་ཁོག་དང་ཞེད་སྣང་མེད་པ་ལ་བརྟེན་ནས་རྔོན་པས་ཀྱང་མེ་མདའ་གཞུ་མ་ཐུབ་པ་དང་གཞུས་ན་ཡང་ཨ་ཆེ་རིའི་ཨམ་ཆོག་ལ་ཁེལ་བས། ལོ་ཤས་རྗེས་ཤི་ཝམ་དང་མི་ཊི་གཉིས་ཤ་བ་ཆུང་ཆུང་དེ་ཆེན་པོ་ཆགས་རྗེས་མཐོང་དུས། ཤ་བ་ཡི་ཨམ་ཆོག་ལ་ཡོད་པའི་བུ་ག་ལ་བལྟས་ནས་ཤ་བ་དེ་ཨ་ཆེ་རི་ཡིན་པ་ཧ་གོ་བ་རེད།
སྒྲུང་དེབ་བཀླགས་པའི་མྱོང་ཚོར། ངས་སྒྲུང་དེབ་འདི་ཀློག་པའི་སྐབས་ཀྱི་ཚོར་བ་ནི། སེམས་པ་སྐྱིད་པོ་དང་མཐའ་མ་དེ་ལ་སེམས་པ་སྐྱོ་བའི་ཚོར་བ་གཉིས་ཀ་སླེབ་བྱུང་། སྒྲུང་འདིའི་ནང་ཤ་བ་ཆུང་ཆུང་ཨ་ཆི་རི་ཟེར་བ་དེ་ནི། བློ་ཁོག་ཆེ་ལ་ཞེད་སྣང་མེད་པས། ཆུང་དུས་ནས་དཀའ་ངལ་མྱངས་པའི་ཤ་བ་ཞིག་ཡིན་པས་ཁོ་ཡི་མི་ཚེ་དེ་ལས་སླ་པོ་མེད་པ་ཤེས་པ་དང་། ང་ཚོ་ཡང་སྐབས་རེར་དཀའ་ངལ་འཕྲད་པའི་སྐབས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་དང་མ་འོངས་པར་བསམ་བློ་རྒྱ་ཆེ་གཏང་དགོས་པ་དེ་ཤེས་བྱུང།
ཚིག་གསར། འཁུན་སྒྲ། གཉིད་གླུ། སྐྱི་གཤུད། ཤུ་སྒྲ། རྩེད་འཇོ། རྣམ་པར་བཀྲ་བ།
ད་བར་དཔྱད་མཆན་མེད།