ཞོར་ཁྲིད་བྱེད་པ། དང་ལེན་བྱེད་པ། ཡིག་རྒྱུགས་འཕྲོད་པ། ལོ་རིམ་འཕར་བ། ཡར་རྒྱས་ཕྱིན་པ། བསྟོད་བསྔགས་གནང་བ། རྣམ་འགྱུར་བསྟན་པ། བསམ་བློ་འཁོར་བ། བློ་འགྱོད་སྐྱེས་པ།
མིག་དམར་གྱིས་དེ་རིང་ཡང་རང་གིས་ཨང་རྩིས་མང་པོ་ནོར་ཡོད་པ་འདྲ། རང་ད་དུང་དེ་འདྲ་བྱས་ནས་བསྡད་ན་ལོ་འཁོར་ཡིག་ཚད་གཏོང་གྲབས་ཡོད་པས་མུ་མཐུད་ལོ་རིམ་རང་འཇགས་བསྡད་རྩིས་ཡོད་དམ། རང་ངའི་མཉམ་དུ་ཡོང་འདོད་མེད་ཀྱང་ངས་ཞོར་ཁྲིད་བྱས་ན་མི་འགྲིག་གམ་ཞེས་བཤད་བྱུང་བས་ངས་དང་ལེན་བྱེད་དགོས་བྱུང། དེ་ནས་བཟུང་དགོང་དྲོ་དང་། གཟའ་ཉི་མ། སློབ་གསེང་དུས་ཚོད་སོགས་ལ་མིག་དམར་གྱིས་ཟུར་ཁྲིད་བྱས་པ་བརྒྱུད་ང་ལོ་འཁོར་ཡིག་རྒྱུགས་འཕྲོད་ནས་ལོ་རིམ་འཕར་ཐུབ་པ་བྱུང་ལ། དགའ་འོས་པ་ཞིག་ལ་རྒན་ལགས་ཀྱིས་ང་སློབ་སྦྱོང་ཡར་རྒྱས་ཆེན་པོ་ཕྱིན་འདུག་ཅེས་བསྟོད་བསྔགས་ཀྱང་གནང་བྱུང། སྐབས་དེར་ངས་དེ་སྔོན་མིག་དམར་ལ་རྣམ་འགྱུར་ངན་པ་བསྟན་པ་རྣམས་བསམ་བློར་འཁོར་དུས་བློ་འགྱོད་ཆེན་པོ་སྐྱེ་གི་འདུག
 
བྱ་ཚིག།
ནོར། བྱས། གཏོང་། བསྡད། ཡོང་། བཤད། བྱེད། འཕྲོད། འཕར། ཕྱིན། གནང་། བསྟན། འཁོར། སྐྱེ།