བསྟན་འཛིན་དབྱངས་སྒྲོན།
འཛིན་གྲྭ་དགུ་པ། སཾ་བྷོ་ཊ་གུ་རུ་པུ་ར།
བོད་སྒྱུར་བ། ཨཙཱརྱ་ཀརྨ་སྨོན་ལམ།
སྒྲུང་གི་ནང་དོན་སྙིང་བསྡུས། ཆེས་སྔ་མོ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་དང་། གཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ཀོ་ས་ལར་དབང་སྒྱུར་བའི་དུས་ན། མཚན་གཅིག་རྒྱལ་པོ་སྐུ་གཟུགས་ལྷོད་ཞིང་བདེ་བའི་ངང་གཉིད་ལ་རོལ་བཞིན་པའི་སྐབས། གློ་བུར་དུ་རང་ཉིད་ཀྱི་མལ་ཁང་འོད་ཀྱིས་ཁེངས་པར་བརྟེན་གཉིད་ལས་སད་པ་རེད། རྒྱལ་པོ་ལམ་སེང་རང་ཉིད་ཀྱི་མལ་ལས་ལངས་ཏེ་ཡ་མཚན་སྐྱེས་ཏེ་ཡུད་ཙམ་རིང་བསམ་བློ་ཞིབ་མོ་ཞིག་གཏང་། འོན་ཀྱང་། སྣང་བ་ཐམས་ཅད་རང་ཡལ་དུ་སོང་བས་ཁོས་སོ་སོའི་སྣང་བ་འཁྲུལ་བ་རེད་སྙམ་པ་རེད། ཡིན་ན་ཡང་། སང་ཞོགས་མདང་ནུབ་གང་བྱུང་བའི་དོགས་པ་རྣམས་ཡལ་ཟིན། ཁ་སང་མཚན་མོར་རང་ཉིད་ཀྱི་མཆོད་གནས་ལ་བུ་ཕྲུག་ཅིག་འཁྲུངས་པ་རེད། ཡ་མཚན་ཞིག་ལ་བྱིས་པ་དེ་བཙས་མ་ཐག་ཏུ་ལུང་པ་དེའི་ནང་གི་མཚོན་ཆ་དག་ལས་ཡ་མཚན་ཅན་གྱི་འོད་ཟེར་འཕྲོ་བ་མཐོང་འདུག
དེ་ནས་ཉིན་ཞིག་གི་ཞོགས་པ་ཕ་དེས་མཚན་མཁན་ལ་བསྟན་ནས་གཏམ་ངན་ཞིག་ཐོས། དེ་ནི་བྱིས་ཆུང་དེ་ནར་སོན་སྐབས་མི་གསོད་ལག་དམར་ཉེས་ཅན་པ་ཞིག་ཏུ་གྱུར་ཏེ་དེ་གའི་ཡུལ་གྱི་ཉེས་མེད་མི་སེར་རྣམས་ལ་འཚེ་བ་བྱེད་མཁན་ཞིག་ཏུ་ཆགས་ཀྱི་རེད་གསུངས། དེ་ནས་མཆོད་གནས་དེ་རྒྱལ་པོའི་སར་བཅར་ནས། མཚན་མཁན་གྱིས་གང་གསུངས་པ་དེ་དྲང་བདེན་ངང་བཤད་དེ། རང་ཉིད་ཀྱི་ཕྲུ་གུའི་ཚེ་སྲོག་བློས་གཏོང་བྱེད་ཀྱི་ཡིན་ཞེས་བཤད། ཡིན་ན་ཡང་། རྒྱལ་པོས་ལུང་བསྟན་པ་རྣམས་ཆ་ཚང་བདེན་པ་མ་ཡིན་ཞིང་། ད་དུང་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཡོད་ཅེས་གསུངས་པ་ཁོས་ཐོས་བྱུང་བས། བྱིས་པ་དེ་གསོ་སྐྱོང་ཡག་པོ་དང་བྱམས་སྙིང་རྗེ་ལྡན་པ་ཞིག་བཟོ་དགོས་བཅས་བཀའ་གནང་། དེ་ནས་ཕ་དེ་ཡིས་སོ་སོའི་ཕྲུ་གུ་ལ་ཤེས་བྱའི་ལྡུམ་རྭ་སྐྲུན་ནས་བུ་དེས་རིག་རྩལ་སྣ་ཚོགས་སྦྱངས་བ་མ་ཟད། སངས་རྒྱས་ཀྱི་གསུང་རབ་དག་ལ་བརྩོན་འགྲུས་ཀྱིས་གོ་ཆ་བསྟན་པོས་འབད་ཀྱི་ཡོད།
དེ་ནས་མི་གདུང་བ་ནར་སོན་ཏེ་ཡུལ་གཞན་ཞིག་ཏུ་སློབ་སྦྱོང་བྱེད་སྦྱང་དུ་ཕྱིན། ཁོ་ཡུལ་རྡོ་འཇོག་དུ་སླེབས་ནས་སློབ་དཔོན་མཁས་པ་ཞིག་གི་དྲུང་ནས་རིག་རྩལ་རྣམས་བྱང་ཆུབ་པར་སྦྱངས་ནས་ཕུལ་བྱུང་སློབ་མ་ཞིག་ཏུ་གྱུར། ཡིན་ན་ཡང་། སློབ་མ་གཞན་རྣམས་མི་གདུང་བའི་རིག་སྟོབས་ལ་ཕྲག་དོག་སྐྱེས་ནས། ཁོང་ཚོས་མི་གདུང་བ་དང་རྒན་ལགས་དབར་དཀྲུག་ཤིང་བྱུས་ངན་བཤམས་ཏེ་མཐར་བྱུས་ངན་དེ་བསྒྲུབས་ཏེ། རྒན་ལགས་དེ་ཡིས་རང་ཉིད་ཀྱི་ངག་རྒྱལ་གྱི་གོ་འཕང་མཐོ་དྲག་ནས་མི་གདུང་བ་ལ། མིའི་ལག་པ་གཡས་ཕྱོགས་ཀྱི་མཐེ་བོང་༡༠༨ ཡོད་པའི་ཕྲེང་བ་ཞིག་བཟོས་ན་ཁོ་ལ་ནུས་པ་གཞན་དང་མི་འདྲ་བ་ཐོབ་སྲིད་པ་དང་། ད་དུང་མི་འདས་པ་རྣམས་གསོ་ཐུབ་པའི་ནུས་པ་ཡང་ཐོབ་ཀྱི་རེད། ཅེས་བཀའ་ངན་ཞིག་རྩལ། མི་གདུང་བ་ནི་རང་གི་སློབ་དཔོན་གྱིས་གང་གསུངས་བ་རྣམས་བློ་དཀར་གྱིས་རྗེས་སུ་འབྲང་མཁན་ཞིག་ཡིན་པས། ཁོས་ལས་ངན་དེ་བྱེད་འགོ་བཙུགས།
ཁོས་བྱམས་སྙིང་རྗེ་དང་བྲལ་ནས་ཉེས་མེད་མི་སེར་མང་པོའི་སྲོག་བཅད་ནས་ཁྲག་དྲི་དྲོ་བའི་ནགས་ཚལ་ནང་མི་མཐའ་མ་ཞིག་གིས་མརྫུབ་མོ་དགོས་པའི་སྐབས། སྙི་རྗེ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དང་འཕྲད། ཁོས་རང་གི་ཤུགས་ཡོད་ཚད་ཀྱི་རྒྱུགས་ཀྱང་སངས་རྒྱས་རྗེས་མ་ཟིན། མཐར་ཁོས་སངས་རྒྱས་ལ་སྡོད་དང་བཅས་ཞུ་བ་བརྒྱབ། སངས་རྒྱས་ནི་རྟག་ཏུ་སྡོད་ཡོད་པ་དང་མི་སྡོད་པ་དེ་ཁོ་ཡིན། སངས་རྒྱས་ནི་ཉོན་སྒྲིབ་དང་ཆོགས་ཤེས་ཆ་ཚང་སྤངས་ཚར་བ་དང་། མི་གདུང་བ་ནི་སྡིག་པའི་ཁེངས་ནས་མི་སྡོད་པར་མི་གསོད་པའི་ལས་བྱེད་ཀྱི་ཡོད། དེ་ནས་སངས་རྒྱས་ཀྱི་གདམས་ངག་ཉན་རྗེས་ཚུལ་ཁྲིམས་ཀྱི་སྡོམ་པ་བཞེས་ནས་ནང་པའི་ཆོས་དང་རིག་གནས་ལ་བྱང་ཆུབ་པར་སྦྱངས། འོན་ཀྱང་། རྒྱལ་པའི་བློན་པོ་རྣམས་མི་གདུང་བ་བཙན་བཟུང་བྱེད་དུ་སླེབ་སྐབས་མི་གདུང་བ་བཙུན་པ་ཞིག་ཡིན་པ་ཤེས་པས་ཁོང་རྣམས་པས་གློད་བཏང་བ་རེད། ཉིན་ཞིག་མི་གདུང་བ་གྲོང་གསེབ་ནང་བཟས་ཚོལ་བར་འགྲོ་སྐབས་སྐྱེས་པ་མང་པོ་ཡོངས་ཏེ་ཁོང་ལ་ཉེས་རྡུང་དྲག་པོ་བཏང་། ཁོང་ལ་རྨས་སྐྱོན་དྲག་པོ་ཕོག་པས་མཐར་ཁོང་ཚེལས་འདས་སོ།
མྱོང་ཚོར། སྒྲུང་དེབ་འདི་བཀླགས་པའི་རྗེས་སུ་སེམས་ལ་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེས་བྱུང་། དེ་ནི་གལ་སྲིད་ཁྱེད་ལ་དགེ་རྒན་བཟང་པོ་ཞིག་མ་འཕྲད་ན་སོ་སོའི་མི་ཚེ་སྟོང་ཟད་དུ་འགྲོ་བ་མ་ཟད། མུན་ནག་གི་ཁྲོད་ཁྱར་ཁྱོར་གྱི་གོམ་སྟབས་སྤོ་བཞིན་པ་གཉིས་སུ་མ་མཆིས། གང་ཡིན་ཟེར་ན། ཁྱེད་ལ་ལམ་སྟོན་གནང་མཁན་མེད་པ་དང་། ད་དུང་བོད་ཀྱི་གཏམ་དཔེ་ལྟར་བཟང་པོའི་མཇུག་ལ་ཇ་ཆང་དང་ ངན་པའི་མཇུག་ལ་རྒྱུག་རྡུང་ཟེར་བ་ལྟ་བུ་རེད།
བྱམས་བརྩེའི་ས་བོན།
རྩོམ་པ་པོ། ༸གོང་ས་མཆོག
སྒྲུང་གི་ནང་དོན་སྙིང་བསྡུས། དཔེ་དེབ་འདིའི་ནང་༸གོང་ས་མཆོག་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཐོག་རེད་འདུག ཁོང་ནི་ཕྱི་ལོ་ ༡༩༣༥ འཁྲུངས་ཤིང་སྟག་འཚེར་དུ་རི་མཐོན་པོ་གནམ་ལ་ཟུག་པའི་ཀ་བ་འདྲ་བ་དང་། རྒྱུག་ཆུ་དྭངས་མ་ཤེལ་འདྲ་བ། གནམ་སྔོན་པོ་གཡུ་འདྲ་བ་བཅས་ཡོད་ཅིང་། དེར་ད་དུང་འཇིགས་སུ་རུང་བའི་འབྲོག་ཁྱི་དང་། ར་ལུག རྟ། གཡག སྡིག་པ་རྭ་ཙ། བ་ཕྱུགས་སོགས་སེམས་ཅན་མང་པོ་ཡོད། དེ་ནས་ཁོང་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་བྱས་པ་རེད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་གྱུར། དེ་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་བྱམས་སྙིང་རྗེའི་ལས་འགུལ་མང་པོ་སྤེལ།
སུན་དཱར་བྷག་གྲོང་ཚོའི་ནང་གི་ངོ་མཚར།
རྩོམ་པ་པོ། ནན་དི་ཏ་ད་ཁུན་ཧ། བོད་སྒྱུར་བ། ངག་དབང་བསྟན་འཛིན།
སྒྲུང་གི་ནང་དོན་སྙིང་བསྡུས། བུ་མོ་ཆུང་ཆུང་ཞིག་མཐའ་སྐོར་ཡོངས་རྫོགས་གད་སྙིགས་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་ནང་གནས་སྡོད་བྱེད་ཀྱི་ཡོད། བུ་མོ་དེ་རྒན་ལགས་ཤིག་དང་འཕྲད་ནས་ཁོ་གཉིས་ཀྱིས་གྲོང་ཁྱེར་དེ་ཡར་རྒྱས་གཏང་རྒྱུའི་འཆར་གཞི་བསྒྲིགས། དེ་ནས་ཁོ་གཉིས་ཀྱིས་མི་མང་དང་མཉམ་དུ་གྲོང་ཁྱེར་དེ་སྔོ་ལྗང་ལྗང་གི་ལྡུམ་རྭ་ཞིག་བཟོས་ནས་ཡར་རྒྱས་ཡག་པོ་བཏང་བ་རེད། དེ་ནས་མོ་ལ་བྱ་དགའ་ཡང་ཐོབ་པ་རེད།
མྱོང་ཚོར། ང་ཚོས་མི་རིགས་ཀྱི་བྱ་སྤྱོད་ངན་པ་ལ་བརྟེན་ནས་སའི་གོ་ལར་འབགས་བཙོག་གི་ཁེངས་བཅུག་བས། གོ་ལ་ཚ་བོ་གྱུར་བ་དང་གནོད་སྐྱོན་མང་པོ་ཞིག་འཕྲད་བཞིན་ཡོད། དེ་འདྲ་སོང་ཙང་ང་ཚོས་རྩི་ཤིང་དང་ཤིང་སྡོང་མང་པོ་འདེབས་ལས་བྱས་ནས་གོ་ལ་ལྗང་ཁུ་ཞིག་ཏུ་བཟོ་དགོས།
གཏོང་ཕོད་ཅན་གྱི་ལྗོན་ཤིང་།
རྩོམ་པ་པོ། ཤཻལ་སི་ལི་བར་སེ་ཊེན། བོད་སྒྱུར་བ། བསོད་ནམས་བཟང་པོ།
སྒྲུང་གི་ནང་དོན་སྙིང་སྡུས། བུ་ཆུང་ཞིག་རང་འདོད་ཆེ་དྲགས་ཏེ་ཉིན་ལྟར་ཤིང་སྡོང་ནས་ཤིང་འབྲས་སོགས་སློང་གི་ཡོད། ཤིང་སྡོང་དེ་ཡང་རང་ཉིད་ཀྱི་ཡོད་ཚད་བུ་ཆུང་དེ་ལ་སྤྲོད་ཀྱི་ཡོད།
མྱོང་ཚོར། ང་ཚོས་དུས་ནམ་ཡང་རང་འདོད་ཁོ་ན་བྱས་ནས་མི་གཞན་ལ་བསམ་བློ་མ་གཏང་ན། རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་པ་མ་ཟད། མི་སུ་ཞིག་ཡིན་རུང་ཁྱེད་དང་གྲོགས་པོ་བྱེད་མི་སྲིད། དེ་འདྲ་སོང་ཙང་། ང་ཚོས་ཤིང་སྡོང་ལྟར་རང་ཉིད་ལ་གང་ཡོད་པ་དེ་མི་གཞན་ལ་སྤྲད་པ་ཡིན་ན། ཁྱེད་རང་གིས་དགེ་བ་གསོག་ཐུབ་ཀྱི་རེད།
ད་བར་དཔྱད་མཆན་མེད།