ཡིད་མཛེས་ལྷ་མོ།
འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།
བོད་སྒྱུར་བ། འཇིགས་མེད་འཕྲིན་ལས། མི་སྣ་གཙོ་བོ། སྒྲོལ་དཀར།
སྒྲུང་གི་ནང་དོན་སྙིང་བསྡུས། ཉིན་ཞིག་སྨན་པ་སྒྲོལ་དཀར་རང་གི་ལས་དོན་ཞིག་གི་ཆེད་དུ་ནོར་བུ་གླིང་ཁ་ལ་འགྲོ་དགོས་བྱུང་། དེ་ཉིན་ཞོགས་པ་ནས་ཆར་པ་བབས་ཏེ་ད་དུང་ཆད་མེད་ནའང་། གང་ལྟར་མོ་རང་དེར་ཕྱིན་པ་རེད། ལས་ཀ་ཚར་བའི་རྗེས་མོ་རང་ལམ་སེང་ཁྱིམ་ཚུར་ལོག་སླེབས་པ་རེད། མོ་རང་གོམ་པ་མགྱོགས་པོ་སྤོས་ནས་འགྲོ་དུས། གློ་བུར་དུ་མོས་འཁྱིལ་ཆུ་ཞིག་གི་ནང་དུ་གོམ་པ་སྤོས་པ་རེད། མོ་རང་རླུང་རྟ་ཆགས་པའི་དོན་རྐྱེན་དེ་བྱུང་བའི་རྗེས་སུ། མོ་ཧ་ཅང་སུན་སྣང་སྐྱེས་ནས་མ་འོངས་པར་ནོར་བུ་གླིང་ཁ་ལ་ནམ་ཡང་འགྲོ་གི་མིན་ཟེར།
ཚིག་གསར། བརྐམ་ཆགས། འཁྱིལ་ཆུ། སྦུར་བ།
སྤྱང་ཀི་འདོད་རྔམ་ཅན།
རྩོམ་པ་པོ། པད་མ་རྒྱལ་མཚན། མི་སྣ་གཙོ་བོ། སྤྱང་ཀི། བུ་ཞིག
སྒྲུང་གི་ནང་དོན་སྙིནང་བསྡུས། གནང་སྔ་མོ་ཞིག་ལ་སྐྱིད་གྲོང་གི་ནགས་གསེབ་གི་ནང་ལ་ཉི་མ་ཁ་ཤས་རིང་ལྟོ་མ་རག་པའི་སྤྱང་ཀི་ཞིག་གྲོད་ཁོག་ལྟོགས་ནས་ག་ས་ག་ལ་ཁ་ལག་འཚོལ་བར་ཕྱིན་ཀྱང་། ཁོ་ལ་ཁ་ལག་གང་ཡང་མ་རག་པ་རེད། མཐའ་མ་དེར་ཤིང་སྡོང་བཅད་པའི་བུ་གའི་ནང་ནང་། ཁོ་ལ་བག་ལེབ་ཁ་ཤས་དང་ཤ་རྡོག་ཆེན་པོ་ཞིག་རྙེད་པ་རེད། དེ་ནས་ཁོ་ཤིང་སྡོང་གི་བུ་གའི་ནང་དུ་ཨུ་ཚུགས་ཀྱིས་བརྩིར་ནས་མར་འཛུལ། ཁོ་ཤ་རྟོག་དང་བག་ལེབ་ཆ་ཚང་བཟས་པ་རེད། ཁ་ལག་དེ་ནི་ཤིང་མཁན་ཞིག་གི་ཉིན་གུང་ཁ་ལག་ཡིན་པ་རེད། གང་འཚམས་ནས་ཤིང་མཁན་ཉིན་གུང་ཁ་ལག་ཟ་གར་སླེབས། ཁོང་ཤིང་སྡོང་གི་བུ་གའི་ནང་དུ་ཁ་ལག་གི་ཚབ་ལ་སྤྱང་ཀི་ཞིག་ཡོད་པ་མཐོང་། སྤྱང་ཀིས་ཤིང་མཁན་མཐོང་བ་དང་བུ་གའི་ཕྱི་ལ་ཡར་འཐོན་རྩིས་བྱས་པ་ཡིན་ནའང་། སྤྱང་ཀྱིས་ཁ་ལག་བཟས་དྲགས་པར་བརྟེན་ཁོའི་གྲོད་པ་རྦོང་ནས་བུ་གའི་ཕྱི་རུ་འཐོན་མ་ཐུབ། དེ་ནས་ཤིང་མཁན་གྱིས་སྤྱང་ཀྱི་ལ་ཉེས་རྡུང་ཚ་ཐག་ཆོད་ཅིག་བཏང་བ་རེད།
བོད་ཀྱི་གཏམ་དཔེར། ལག་མི་གཙང་མི་ཁྱུར་མི་འཚུད།
ཚིག་གསར། ཐུང་མདའ། ལྕང་ལོ། ཐོང་གཤོལ།
འགྲུལ་པ་དང་བདུད་ཕོ།
རྩོམ་པ་པོ། བསྟན་འཛིན་སྒྲོལ་མ། མི་སྣ་གཙོ་བོ། འགྲུལ་པ། བདུད་ཕོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔར་གྲང་ངར་ཆེ་བའི་དགུན་ཁ་ཞིག་ལ། འགྲུལ་པ་ཞིག་ཁང་པའི་སྒང་ལ་ཁྱ་རེ་ཁྱོ་རེའི་ངང་གོམ་པ་སྤོས་ནས་འགྲོ་ཡི་ཡོད་པ་དེ་བདུད་ཕོ་ཞིག་གིས་མཐོང་། འགྲུལ་པ་དེ་ནི་གྲོད་ཁོག་ལྟོགས་ཀྱི་ཡོད་པར་མ་ཟད་འཁྱགས་ནས་གཟུགས་པོ་ཡང་འདར་ཁྱུག་ཁྱུག་བྱེད་ཀྱི་ཡོད། བདུད་ཕོ་དེས་ཁོ་ལ་སྙིང་རྗེ་སྐྱེས་ནས། ཁྱེད་རང་ངའི་བྲག་ཕུག་གི་ནང་དུ་ཤོག ཅེས་ཟེར་བ་རེད། བདུད་ཕོས་འགྲུལ་པ་དེ་ལམ་ཁ་ནས་ཡོང་དུས་ལག་པ་ལ་ཕུ་རྒྱག་གིན་རྒྱག་གིན་ཡོང་གི་ཡོད་པ་མཐོང་བར་བརྟེན། བདུད་ཕོས། ཁྱེད་རང་གིས་ལག་པའི་མཛུབ་མོ་རྣམས་ལ་ག་རེ་བྱས་ནས་ཕུ་བརྒྱབ་པ་ཡིན་ནམ། ཞེས་དྲིས་པ་རེད། འགྲུལ་པ་དེས། གང་ཡིན་ཟེར་ན་ངས་ཕུ་བརྒྱབ་ནས་ལག་པ་ཚ་པོ་བཟོས་པ་ཡིན། ཞེས་ལན་བརྒྱབ། བདུད་ཕོས་ཁོ་ལ་ཐུག་པ་ཚ་པོ་ཕོར་པ་གང་སྤྲད། འགྲུལ་པས་ཕོར་པ་དེ་ལག་པ་ལ་བཟུང་ནས་དེ་ལ་ཡང་ཕུ་བརྒྱབ། བདུད་ཕོ་དེ་ཧང་སང་ནས། ཁྱེད་ཀྱི་ཐུག་པ་ལ་ཕུ་ག་རེ་བྱས་ནས་རྒྱག་གི་ཡོད་དམ། ཐུག་པ་ཚ་པོ་མི་འདུག་གམ། ཞེས་དྲིས། འགྲུལ་པས། མ་རེད་མ་རེད། ཐུག་པ་ཧ་ཅང་ཚ་པོ་འདུག དེར་བརྟེན་ངས་ཕུ་བརྒྱབ་ནས་གྲང་མོ་བཟོ་གི་ཡོད། ཅེས་ལབ་པ་རེད། དེ་ནས་བདུད་ཕོ་དེ་ཡིད་མ་ཆེས་པར་ཕྱི་རུ་ཕུད་ནས་རྗེས་འདེད་བཏང་བ་རེད།
ཚིག་གསར། ར་སྤྲོད། ངོ་ལོག འགྲུལ་པ།
གླེན་རྟགས་ཅན་གྱི་བོང་བུ།
རྩོམ་པ་པོ། ཚེ་རིང་སྒྲོལ་མ། མི་སྣ་གཙོ་བོ། བོང་བུ། འབྲོག་པ།
སྒྲུང་གི་ནང་དོན་སྙིང་བསྡུས། སྔར་འབྲོག་པ་ཞིག་ལ་བོང་བུ་ཞིག་ཡོད། འབྲོག་པ་དེ་ཚ་ཚོང་མཁན་གྱི་ཚོང་པ་ཞིག་རེད། ཁོ་ཉིན་ལྟར་མཚོ་ཁ་ནས་ཚ་བླངས་ནས་བོང་བུའི་རྒྱབ་ཏུ་ཚའི་དོ་པོ་གསུམ་བཀལ་ནས་ཁྲོམ་ལ་ཚ་འཚོང་བར་འགྲོ་གི་ཡོད། ལམ་ཁ་ལ་རྒྱུག་ཆུ་ཞིག་ཡོད་པ་དེ་བརྒལ་ནས་འགྲོ་དགོས་ཀྱི་ཡོད་སྟབས། ཉིན་ཞིག་ཁོ་གཉིས་རྒྱུག་ཆུ་བཤགས་ནས་འགྲོ་བའི་སྐབས་སུ། བོང་བུ་དེ་ཆུའི་ནང་ལ་འགྱེལ་བ་རེད། ཚའི་དོ་པོ་གསུམ་ཀ་ཆུའི་ནང་ལ་ཟགས་པར་བརྟེན། ཚ་དེ་སྦངས་ནས་མང་པོ་ཞིག་བཞུར་པ་རེད། དེར་བརྟེན་དོ་པོ་གསུམ་ཀ་ཡང་དུ་ཕྱིན་ནས་བོང་བུ་དེ་དགའ་པོ་བྱུང་བ་རེད། དེ་ནས་བཟུང་བོང་བུས་གནས་ཚུལ་དེ་ཧ་གོ་བར་བརྟེན། ཁོས་ཉིན་ལྟར་གཡོ་བྱུས་བྱས་ནས་རྒྱུག་ཆུའི་ནང་འགྱེལ་ཁུལ་བྱེད་རྒྱུ་འགོ་ཚུགས་པ་རེད། ཉི་མ་ཁ་ཤས་རྗེས་ཚོང་པས་བོང་བུའི་གཡོ་བྱུས་བྱེད་ཀྱི་ཡོད་པ་དེ་ཤེས་ནས། བོང་བུར་སྣ་བསུན་ཞིག་སྤྲོད་དགོས་བསམ་པ་རེད།
བོང་བུས་དོ་བལ་དེ་ཡང་ཆུའི་ནང་སྦངས་ན་ཡང་དུ་འགྲོ་གི་རེད་བསམས་ནས། རྒྱུག་ཆུའི་དཀྱིལ་དུ་སླེབས་སྐབས་འགྱེལ་ཁུལ་བྱས་ཡོད་ནའང་། བལ་དེ་ནི་ཧ་ཅང་ལྗིད་ཁོག་ཚ་པོ་ཆགས་པ་རེད།
ཚིག་གསར། འདམ་རྫབ། སྣུམ་པོ། འཁྱོར་བ། འདྲ་རིལ།

ད་བར་དཔྱད་མཆན་མེད།