Skip to main content
ཤེས་རིག་ལས་ཁུངས།

རྩོམ་རིག་པདྨོ་བཞད་པའི་དགའ་ཚ

རྩོམ་རིག་པདྨོ་བཞད་པའི་དགའ་ཚལ།

Arti ༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་པ་བཞིན། ལས་རིམ་དེའི་ཆ་ཤས་སུ་ཤེས་རིག་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད། རང་རེའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཤེས་ཡོན་དང་། ཉམས་མྱོང་བརྗེ་རེས་ཀྱི་ཆེད་བརྗོད་རྩོམ་ཡིག་འབྲི་བའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཏེ། རྩོམ་ཡིག་གང་མང་འབྱོར་རེ་དང་དེ་དག་ལས་ལེགས་གྲས་སུམ་ཅུ་འདེམས་སྒྲུག་གིས་བོད་ཡིག་སློབ་སྦྱོང་དྲ་ཚིགས་སུ་འགོད་སྤེལ་ཞུ་འཆར་ཡིན་ཡང་། རྩོམ་ཡིག་གྲངས་སུམ་ཅུ་ལས་མ་འབྱོར་སྟབས། ཆ་ཚང་འདེམས་སྒྲུག་གིས་དག་ཆ་དང་ཚིག་སྦྱོར་ནོར་བ་རེ་ཟུང་བཅོས་པ་ལས་མ་རྩོམ་རང་སོར་བཞག་པ་དང་། དྲ་ངོས་སུ་འགོད་སྐབས་འབྱོར་སྔ་ཕྱི་ཡི་བང་རིམ་ལྟར་བཀོད་པ་ལས་རྩོམ་ཡིག་གི་ལེགས་ཉེས་ཀྱི་བང་རིམ་ལྟར་བསྒྲིགས་མེད་པའི་གསལ་བརྗོད་ཞུ་རྒྱུ་དང་། རྩོམ་ཡིག་གི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་གསུང་རྒྱུར་དགའ་བསུ་ཞུ་རྒྱུ་བཅས། དགེ་རྒན་གྱི་རྩོམ་ཡིག སློབ་མའི་རྩོམ་ཡིག དཔྱད་གཞིའི་རྩོམ་ཡིག ནང་ཆོས་དང་བསླབ་བྱ། སྙན་རྩོམ་དང་སྒྲུང་། རྩོམ་པ་པོའི་མཚན། བརྗོད་གཞི། གནས་རིམ། སློབ་གྲྭ། མིག་དམར་ཚེ་རིང་། དགེ་རྒན་ནི་སློབ་མའི་མིག་དཔེ་བཟང་པོ་ཡིན། གཞི་རིམ་འོག་མའི་བོད་དགེ། ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ། སྐལ་བཟང་ཉི་མ། སློབ་མའི་བྲིས་བཅའ་ཚུལ་གྱི་ཐབས་བཞི་མདོར་བསྟན། བོད་དགེ། བཙུན་དགོན་སྒྲོལ་མ་གླིང་། ཟླ་བ་ཚེ་རིང་། སློབ་གྲྭ་ཆུང་འབྲིང་གི་སློབ་མར་རྩོམ་ཡིག་ཁྲིད་ཐབས། གཞི་རིམ་བར་མའི་བོད་དགེ། དྷ་ཤོད་དཔེ་སྟོན་སློབ་གྲྭ། རྡོ་རྗེ་རིན་ཆེན། བོད་ཀྱི་སྐད་ཡིག་ཇི་ལྟར་སྲུང་སྐྱོབ་བྱེད་ཚུལ། གཞི་རིམ་འོག་མའི་བོད་དགེ། མེའོ་སཾབྷོ་ཊ་སློབ་གྲྭ། བསོད་ནམས་དར་རྒྱས། ཟབ་སྦྱོང་གི་ཟིན་བྲིས་དང་རང་གི་མྱོང་བ། བོད་དགེ། འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ། པདྨ་ལྷུན་འགྲུབ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཚུལ། གཞི་རིམ་གོང་མའི་བོད་དགེ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། སྐལ་བཟང་ཉི་མ། བྱིས་རྩོམ་མཚམས་སྦྱོར། བོད་དགེ། བཙུན་དགོན་སྒྲོལ་མ་གླིང་། དགེ་བཤེས་ཐུབ་བསྟན་དངོས་གྲུབ། མྱོང་བ་ལམ་སྟོན་གྱི་ཟིན་བྲིས་དཀར་པོ། ལྟ་གྲུབ་དགེ་རྒན། ར་ཝང་ལ་སཾབྷོ་ཊ་ཉིན་སློབ། ལྷག་པ་དོན་གྲུབ། […]

སྒྲ་མཛོད།

སྒྲ་མཛོད།

སུམ་རྟགས་དང་སྙན་ངག བྱིས་པ་དག་ཡིག ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། (༡༡༨༢-༡༢༥༡) པདྨ་རྒྱལ་མཚན་ནས་འགྲེལ་པ། ༄༅། །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ། སྤྱིར་ནི་ཡི་གེ་སུམ་ཅུ་ལ། །སྔོན་འཇུག་ལྔ་དང་མཐའ་བརྟེན་བརྒྱད། །ཡི་གེ་ཕྱེད་དང་བཅུ་གསུམ་ཡིན། འདིའི་མཇུག་ཀློགས། སི་ཏུའི་ཞལ་ལུང་། མཚན་དོན་བཤད་པ། ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །ཡོན་ཏན་མཆོག་མངའ་སླུ་མེད་རིན་ཆེན་གསུམ། །ཡེ་ཤེས་མེ་ལོང་གཙུག་ན་ཟླ་བ་དང་། །རྟ་དབྱངས་བཙུན་པ་ཟླ་བ་སམ་བྷོ་ཊ། །ལ་སོགས་འཕགས་བོད་མཁས་པའི་ཚོགས་སྤྱི་དང་། འདིའི་མཇུག་ཀློགས། སུམ་ཅུ་པ། ༄༅། །སིདྡྷི་རསྟུ། ཤེས་བྱའི་དཀྱིལ་འཁོར་རྣམ་པར་བཀྲ་བ་ནམ་མཁའི་མཐའ་ཡི་མུ་ཁྱུད་ཅན། །ཅིག་ཅར་འཇལ་བའི་འཁྲུལ་མེད་བློ་མངའ་འཇམ་པའི་དབྱངས་སོགས་དཔའ་རྣམས་ཀྱིས། རྟག་ཏུ་བསྟེན་འོས་ཞབས་ཀྱི་ཆུ་སྐྱེས་ལ་ཆགས་འཁོར་ལོའི་རྡུལ་ཕྲན་ཡང། འདིའི་མཇུག་ཀློགས། རྟགས་འཇུག སྐད་ཅིག་ཙམ་ཞིག་ཡིད་མཁར་ཤར་བས་ཀྱང་། ། ནང་གི་མུན་སྟུག་རྣམ་པར་སྙིལ་བྱེད་པ། ། འཇམ་དཔལ་དཔའ་བོའི་བྱིན་རླབས་ཉིན་མོར་བྱེད། ། བྱང་ཆུབ་བར་དུ་སྒོ་གསུམ་སྙིང་པོར་བསྟེན། ། ཞེས་ཤིས་པའི་ཚིག་སྔོན་དུ་བཏང་ནས་ འདིའི་མཇུག་ཀློགས། རྟགས་ཀྱི་འཇུག་པའི་དགོངས་འགྲེལ། ༄༅། །རྒྱ་གར་སྐད་དུ། ལིངྒ་ཨ་བ་ཏཱ་ར་ན་མ། བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ཏེ། །ཡི་གེ་སུམ་ཅུ་ཐམ་པ་ལ། འདིའི་མཇུག་ཀློགས། ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བ་བཤད་པ། ༄༅། །གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། […]

སུམ་ཅུ་པའི་རྣམ་བཤད་ཀུན་བཟང་

སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྒྲིབ་བྲལ་ཡེ་ཤེས་རང་བཞིན་སྲིད་ཞིའི་གདུང་སེལ་མཁྱེན་པ་སྤྲིན་གྱི་ཕྲེང་ཚོགས་རྒྱ་ཆེན་ལྡན། །ཟབ་དང་རྒྱ་ཆེའི་ལམ་གྱི་རང་བཞིན་འགྲོ་ལ་ཉེར་མཚོན་རྣམ་ཀུན་གསུང་གི་འབྲུག་སྒྲ་ཟབ་མོ་ཅན། །

ཐོན་མིའི་ཞལ་ལུང་ལས་རྟགས་ཀྱི

ཐོན་མིའི་ཞལ་ལུང་ལས་རྟགས་ཀྱི་འཇུག་པ་བཤད་པ།

ཐོན་མིའི་ཞལ་ལུང་ལས་རྟགས་ཀྱི་འཇུག་པ་བཤད་པ།
༄༅།།དཔལ་ལྡན་མཁྱེན་རབ་ཉིན་མོར་བྱེད་པའི་གཟིས།།
དུས་གསུམ་ལས་ཚིག་འདབ་སྟོང་བརྩེགས་པའི་སྦུབས།།
ཅི་དགར་ཕྱེ་བས་རྟགས་འཇུག་ཟིལ་དངར་བཅུད།།
འགྲེམ་མཛད་ཐོན་མིར་སླར་ཡང་དྲན་པས་འདུད།།

ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བ

ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བ་བཤད་པ།

༄༅། །གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། ཚེ་ཏན་ཞབས་དྲུང་།

ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བ་བཤད་པ།

རྟགས་ཀྱི་འཇུག་པའི་དགོངས་འགྲ

རྟགས་ཀྱི་འཇུག་པའི་དགོངས་འགྲེལ།

༄༅། །རྒྱ་གར་སྐད་དུ། ལིངྒ་ཨ་བ་ཏཱ་ར་ན་མ། བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །