Skip to main content
ཤེས་རིག་ལས་ཁུངས།

རྩིས།

རྩིས།

འཛིན་རིམ་བཅུ་གཅིག་པ། རྩིས། ཆ་ཤས་ཀ་པ། དཔལ་འབྱོར་རྩིས་ཁྲ་འཇོག་ཚུལ། Part A: Financial Accounting ༡། རྩིས་ཁྲ་འཇོག་ཚུལ་ངོ་སྤྲོད། Introduction to Accounting རྩིས་ཁྲའི་གོ་དོན་དང་། རྩིས་ཁྲའི་དགོས་དམིགས། Accounting meaning and objectives རྩིས་ཁྲའི་རྣམ་གྲངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། Qualitative characteristics of Accounting information རྩིས་ཁྲའི་རྨང་གཞིའི་ཐ་སྙད་ཁག Basic Accounting Terms རྩིས་ཁྲའི་གོ་བ། Accounting Concepts   ༢། རྩིས་ཁྲའི་བརྒྱུད་རིམ་དང་། ཁྱད་པར་རྩིས་ཁྲ་འཇོག་སྟངས། Accounting process and special accounting treatment རྩིས་ཁྲའི་མཉམ་བྱ། Accounting equation ཡོང་རྩིས་དང་སྤྲོད་རྩིས་ཀྱི་འགྲོ་སྟངས། Rules of debit and credit ཐོག་མའི་སྤྲོད་ལེན་གྱི་ལས། Origin of transaction […]

ཅ༽ ཚོང་ལས་རིག་པ། (BUSINESS

ཅ༽  ཚོང་ལས་རིག་པ། (BUSINESS STUDIES)

ལོ་བཅུའི་རིང་གཞི་རིམ་གྱི་སློབ་སྦྱོང་ཁག་ལེགས་པར་སྤྲད་རྗེས། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སྐབས་ཚོང་ལས་རིག་པ་དང་རྣམ་གྲངས་རིག་པ་གཉིས་ཚོང་ལས་སྡེ་ཚན་གྱི་བསླབ་གཞིའི་སྡེ་ཚན་དུ་དངོས་སུ་བསླབ་འགོ་བརྩམས་ཡོད། དེར་བརྟེན་ཚོང་ལས་རིག་པ་ངོ་སྤྲོད་བྱ་སྐབས་ཚོང་ལས་ (ཉོ་ཚོང་དང་བཟོ་གྲྭ་) ཀྱི་རྣམ་བཞག་དང་ལག་ལེན་ལེགས་པོ་ཤེས་པར་བྱེད་པ་དང། ཚོང་ལས་དང་སྤྱི་ཚོགས་དབར་འབྲེལ་བ་ཇི་ཡོད་ཤེས་པར་བྱ་དགོས། ཚོང་ལས་ནི་འཕྲུལ་ཆས་དང་རང་བྱུང་ཐོན་ཁུངས། མིའི་རྩོལ་བ་བཅས་ལ་བརྟེན་ནས་འཛམ་གླིང་གི་ཁོར་ཡུག་ལ་འགྱུར་བ་ཡང་ཡང་གཏོང་བའི་བྱ་ལས་ཤིག་ཡིན། ཚོང་ལས་ཀྱི་སྒྲོམ་གཞི་ངོས་འཛིན་པར་ཚོང་ལས་ཀྱི་གོ་སྒྲིག་དང་བཀོད་བྱུས་ཀྱི་རིམ་པར་སློབ་སྦྱོང་གཏིང་ཟབ་བྱས་ནས་དེ་དག་ཁོར་ཡུག་དང་ཕན་ཚུན་ཇི་ལྟར་འབྲེལ་ཡོད་པའི་སྐོར་ཤེས་རྟོགས་བྱ་དགོས། ཚོང་ལས་ཀྱི་འགྱུར་འགྲོས་དང་བསྟུན་གོ་ལ་གཅིག་འགྱུར་འབྱུང་བཞིན་ཡོད་པ་དང། བརྡ་འཕྲིན་འཕྲུལ་ལས་ནི་ཚོང་ལས་ནང་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དེང་སྐབས་གློག་ཀླད་དང་དྲ་རྒྱར་བརྟེན་ནས་ཚོང་ལས་བྱེད་པའི་ལམ་ལུགས་ཤུགས་ཆེར་དར་ཡོད་པས། ཚོང་ལས་རིག་པའི་བསླབ་གཞིའི་ནང་དོན་ལའང་དེ་དག་ངེས་པར་འཇོག་དགོས། ཚོང་ལས་རིག་པའི་བསླབ་གཞིའི་ནང་སློབ་ཕྲུག་ཚོས་རྟོག་ཞིབ་དང། འཛིན་སྐྱོང། གདེང་འཇོག་བཅས་བྱས་ནས་དེས་ཚོང་ལས་ལ་ཁྱད་པར་ཅི་ཞིག་བཟོ་མིན་ཤེས་རྟོགས་ཐུབ་པར་བྱ་དགོས། ཚོང་ལས་རིག་པའི་བསླབ་གཞིའི་ནང་སྤྱི་ཚོགས་དང་ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར་བཅས་ཀྱིས་ཚོང་ལས་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་པའི་སྐོར་བཀོད་དེ། ཚོང་ལས་རིག་པ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངེས་ཤེས་རྙེད་པ་བྱ་དགོས། དམིགས་ཚད། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་ཚོང་ལས་རིག་པའི་བསླབ་གཞིའི་དམིགས་ཚད་ནི། ཚོང་ལས་ཀྱི་བྱ་བའི་བརྒྱུད་རིམ་དང་ཁོར་ཡུག་ཤེས་རྟོགས་ཐུབ་པ་བྱ་རྒྱུ། ཚོང་ལས་ཀྱི་སྒུལ་ཤུགས་རང་བཞིན་དང་གཅིག་ལ་གཅིག་རྟེན་གྱི་ཁྱད་ཆོས་ཁག་ངོས་འཛིན་བྱ་རྒྱུ། ཚོང་ལས་ཀྱི་རྣམ་བཞག་དང། ལག་ལེན། ཉོ་ཚོང། བཟོ་གྲྭ་བཅས་ལ་དོ་སྣང་སླེབས་པ་བྱ་རྒྱུ། ཚོང་ལས་ཁང་གི་བཀོད་སྒྲིག་དང། འཛིན་སྐྱོང། ཚོང་འབྲེལ་སོགས་ཚོང་ལས་རིག་པའི་རྨང་གཞིའི་རྣམ་བཞག་ཁག་ལ་རྒྱུས་མངའ་ལོན་པ་བྱ་རྒྱུ། ཆབ་འབངས་དང། འཛད་སྤྱོད་པ། བཟོ་ལས་པ། སྦྱིན་བདག་སོགས་ཚོང་ལས་ཀྱི་ངོ་བོ་མི་འདྲ་བའི་ལས་འགན་ཁག་ཤེས་རྟོགས་ཐུབ་པ་བྱ་རྒྱུ།   འཛིན་རིམ་བཅུ་གཅིག་པ། ཚོང་རིག དང་པོ། ཚོང་ལས་ཀྱི་རྨང་གཞིའི་ཤེས་བྱ། Foundations of Business ༡༽ ཚོང་ལས་ཀྱི་རང་བཞིན་དང་དགོས་དམིགས། Nature and Purpose of Business ཚོང་ལས་ཀྱི་གོ་དོན་དང་ཁྱད་ཆོས། Concept and characteristics of […]

དཔལ་འབྱོར་རིག་པ།

དཔལ་འབྱོར་རིག་པ།

འཛིན་རིམ་བཅུ་གཅིག་པ། དཔལ་འབྱོར་རིག་པ། ༡། ངོ་སྤྲོད། དཔལ་འབྱོར་གྱི་གོ་དོན། བོད་མིས་གོ་དོན་འགྲེལ་ཚུལ། དཔལ་འབྱོར་རིག་པ་སྤྱིར་ངོ་སྤྲོད་བྱེད་པ་དང༌། དབྱེ་བ། ཁྱད་པར། བཟང་ངན་གྱི་གནད་དོན། (Limitations) དཔལ་འབྱོར་གྱི་དཀའ་ངལ་ལྟེ་བ་ཁག་ལ་ལྟ་ཞིབ་བྱེད་པ། (Central Problems of an Economy) དཔལ་འབྱོར་འདུ་འགོད་ཀྱི་སྒྲིག་འཛུགས་འགྲོ་ལུགས་ (Organization of economic activities) ཏེ། གཅིག་སྡུད་འཆར་འགོད་དཔལ་འབྱོར་རིག་པ་ (The Centrally Planned Economy) དང༌། ཚོང་རའི་དཔལ་འབྱོར་རིག་པ་ (The Market Economy) དང༌། མཉམ་བསྲེས་དཔལ་འབྱོར་རིག་པ་ (Mixed Economy) བཙན་བྱོལ་བོད་མིའི་དཔལ་འབྱོར་ལམ་སྲོལ། སྒྲུབ་ཕྱོགས་དཔལ་འབྱོར་རིག་པ་ (Positive economy) དང་རྒྱུན་ལྡན་དཔལ་འབྱོར་རིག་པ། ཕྲ་དཔྱད་དཔལ་འབྱོར་རིག་པ་ (Microeconomics) དང་རགས་དཔྱད་དཔལ་འབྱོར་རིག་པ། (Macroeconomics)   ༢། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས། ༢་༡ འཛུགས་སྐྲུན་ཡར་རྒྱས་ཀྱི་སྲིད་བྱུས་དང་ཉམས་མྱོང༌། ༡༩༤༧ ནས་ ༡༩༩༠ རང་བཙན་ཐོབ་ལ་ཉེ་བའི་སྐབས་ཀྱི་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་དང༌། […]

ག༽ སྲིད་དོན་ཚན་རིག (POLIT

ག༽  སྲིད་དོན་ཚན་རིག  (POLITICAL SCIENCE)

གཞི་རིམ་གོང་མའི་གནས་སྐབས་འདིར་སྲིད་དོན་ཚན་རིག་སློབ་སྦྱོང་བྱེད་མཁན་རྣམས་ལ་སྲིད་དོན་ཚན་རིག་པ་ཞིག་ཇི་ལྟར་ཆགས་ཐབས་དང། ལོ་རྒྱུས་ཀྱི་གནད་དོན་མི་འདྲ་བ་སྣ་ཚོགས་བརྒྱུད་ནས་དེང་གི་དུས་རབས་སུ་ཇི་ལྟར་སླེབས་པའི་སྐོར་ལ་ཤེས་རྟོགས་ཐུབ་པ་བྱ་དགོས། སྲིད་དོན་ཚན་རིག་གི་བསླབ་གཞིའི་ནང་དོན་གཙོ་བོར་སྲིད་དོན་གྱི་རྣམ་གཞག་དང། བོད་ཀྱི་སྲིད་དོན་ཚན་རིག རྒྱ་གར་གྱི་སྲིད་དོན་ཚན་རིག རྒྱལ་སྤྱིའི་སྲིད་དོན་ཚན་རིག་བཅས་ཚུད་པ་བྱ་དགོས། དམིགས་ཚད། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སྲིད་དོན་ཚན་རིག་གི་བསླབ་གཞིའི་དམིགས་ཚད་ནི། སྲིད་དོན་ཚན་རིག་གི་རྣམ་བཞག་ལ་བརྟེན་ནས། ལེགས་ཉེས་དབྱེ་འབྱེད་དང་རྒྱུ་མཚན་འགྲེལ་བརྗོད་ཀྱི་ནུས་རྩལ་སྐྱེད་སྲིང་བྱ་རྒྱུ། མི་གཞན་གྱི་ལྟ་ཚུལ་ལ་གུས་བརྩི་དང་ཉན་འཇོག་གི་ནུས་རྩལ་སྐྱེད་སྲིང། འཚོ་གནས་དང་ཆབ་སྲིད་ཀྱི་འདོད་ཚུལ་མི་འདྲ་བའི་སྲིད་དོན་ཚན་རིག་པ་གང་མང་ངོ་སྤྲོད། རང་གིཉེ་འཁོར་གྱི་ཆབ་སྲིད་ཀྱི་བྱ་བ་ཁག་ནང་འཛུལ་ཞུགས་གང་ཐུབ་བྱ་རྒྱུ། བོད་ཀྱི་ལོ་རྒྱུས་དང་ཉེ་རབས་ཆབ་སྲིད་གནས་བབ་ངོ་སྤྲོད་དང། ཤེས་རྟོགས་དབྱེ་ཞིབ་བཅས་བྱས་ནས། གཉན་འཕྲང་དུས་སྐབས་སུ་སྲིད་དོན་ཚན་རིག་གི་སློབ་སྦྱོང་ལ་བརྟེན་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ནང་ནུས་པ་འདོན་ཐབས། འཛིན་རིམ་བཅུ་གཅིག སྡེ་ཚན་ཀ ཆབ་སྲིད་རིག་པའི་རྣམ་བཞག ༡་༡ ཆབ་སྲིད་རིག་པའི་རྣམ་བཞག་ངོ་སྤྲོད། • ཆབ་སྲིད་རིག་པའི་གོ་དོན། • ཆབ་སྲིད་རིག་པའི་རྣམ་བཞག་ནང་ཅི་ཞིག་སྦྱོང་དགོས། • ཆབ་སྲིད་རིག་པའི་རྣམ་བཞག་ལག་ལེན་ལ་འགེལ་ཚུལ། • ཆབ་སྲིད་རིག་པའི་རྣམ་བཞག་སློབ་སྦྱོང་བྱེད་དོན། ༡་༢ རང་དབང་། • རང་དབང་གི་གོ་དོན། དམིགས་ཡུལ། • ང་ཚོར་ཅིའི་ཕྱིར་བཙན་སྐུལ་བྱ་དགོས། • གནོད་སྐྱོན་ཅན་གྱི་ལྟ་གྲུབ། • དགག་སྒྲུབ་ཀྱི་རང་དབང། Negative and Positive Freedom ༡་༣ འདྲ་མཉམ། • འདྲ་མཉམ་གྱི་གོ་དོན་དང་གལ་ཆེའི་རང་བཞིན། • འདྲ་མཉམ་གྱི་འདོད་ཚུལ་སྣ་ཚོགས། • འདྲ་མཉམ་ཡོང་ཐབས་ཇི་ལྟར་བྱ་དགོས། ༡་༤ སྤྱི་ཚོགས་ཀྱི་དྲང་བདེན། • […]

ཁ༽ ས་ཁམས་རིག་པ། (GEOGRAPHY)

ཁ༽ ས་ཁམས་རིག་པ། (GEOGRAPHY)

གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སྐབས་སུ་ས་ཁམས་རིག་པ་དེ་ངེས་སྦྱོང་མིན་པའི་སློབ་ཚན་གཙོ་གནད་ཅིག་ཏུ་བཞག་ཡོད། ལོ་ངོ་བཅུའི་རིང་སློབ་ཕྲུག་ཚོས་སྤྱིར་བཏང་སློབ་སྦྱོང་བྱས་རྗེས་འཛིན་རིམ་བཅུ་གཅིག་ནས་རང་གི་འདོད་མོས་དང་འབྲེལ་བའི་ཆེད་ལས་སློབ་ཚན་གདམ་གསེས་བྱེད་པའི་ཐོག་མའི་དུས་ལ་ཐོན་ཡོད་སྟབས། གཞི་རིམ་གོང་མའི་ས་ཁམས་རིག་པའི་བསླབ་གཞིའི་ནང་དོན་རྒྱ་ཆེ་ཙམ་དང་གཏིང་ཟབ་ཙམ་ཡོང་བ་བྱ་དགོས། ས་ཁམས་རིག་པ་ནི་ནང་དོན་དང། བསམ་བློ་གཏོང་སྟངས། ལག་རྩལ། རིན་ཐང་བཅས་འཕེལ་རྒྱས་གཏོང་བའི་གཙོ་གནད་སློབ་ཚན་ཞིག་ཡིན་པས། སློབ་ཕྲུག་ཚོས་ས་ཁམས་རིག་པར་སློབ་སྦྱོང་བྱས་ཏེ་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནད་དོན་མང་པོའི་ཐོག་གོ་རྒྱ་སྐྱེད་པ་དང་དབྱེ་ཞིབ་བྱེད་པའི་ནུས་པ་བསྐྱེད་སྲིང་བྱ་དགོས། ས་ཁམས་རིག་པས་མི་དང་ཁོར་ཡུག་གཉིས་ཀྱི་འབྲེལ་བའི་སྐོར་གླེང་གི་ཡོད་སྟབས། ས་ཁུལ་དང་མངའ་སྡེ། རྒྱལ་ཁབ། འཛམ་གླིང་སོགས་རིམ་པ་སོ་སོའི་ས་བབ་དང་མི་སྡེའི་ཁོར་ཡུག་གི་འབྲེལ་བར་སློབ་སྦྱོང་བྱས་ཏེ། མི་རྣམས་སའི་གོ་ལའི་ཐོག་ཇི་ལྟར་ཆགས་པའི་བཀོད་རིས་གསལ་པོར་བྱ་དགོས། གཞི་རིམ་གོང་མའི་བསླབ་གཞིའི་ནང་དོན་ནང་སྤྱིར་འཛམ་གླིང་གི་ས་ཁམས་དང་བྱེ་བྲག་བོད་ཀྱི་ས་དབྱིབས་དང། གནམ་གཤིས། ཁོར་ཡུག རིག་དངོས་སོགས་ཚུད་པར་བྱ་དགོས། དམིགས་ཚད། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་ས་ཁམས་རིག་པའི་བསླབ་གཞིའི་དམིགས་ཚད་ནི། ས་ཁམས་རིག་པའི་གཞི་རྩའི་རྣམ་བཞག་དང། ལྟ་གྲུབ། ཐ་སྙད་སོགས་ལ་མྱོང་འདྲིས་ཐུབ་པ་བྱ་རྒྱུ། ས་གོ་ལའི་ཐོག་མི་དང་རང་བྱུང་གི་རྣམ་པ་དང་སྣང་ཚུལ་ཇི་ལྟར་ཆགས་ཚུལ་གྱི་བརྒྱུད་རིམ་དང་བཀོད་རིས་ཇི་བཞིན་ཤེས་པར་བྱ་རྒྱུ། མི་དང་རང་བྱུང་ཁམས་ཀྱི་ཁོར་ཡུག་དབར་གྱི་འབྲེལ་ལམ་ཇི་ལྟར་ཡོད་པའི་སྐོར་ལ་ཤེས་རྟོགས་དང་དབྱེ་ཞིབ་བྱ་རྒྱུ། ས་གནས་དང། རྒྱལ་ཁབ། འཛམ་གླིང་སོགས་རིམ་པ་མི་འདྲ་བའི་དཀའ་ངལ་དག་ལ་ས་ཁམས་རིག་པའི་སློབ་སྦྱོང་བེད་སྤྱད་དེ་དཀའ་ངལ་ལ་གདོང་ལེན་བྱ་ཐབས། གནས་ཚུལ་བསྡུ་རུབ་དང། ལས་སྣོན། དབྱེ་ཞིབ་བཅས་བྱེད་པའི་ས་ཁམས་རིག་པའི་ནུས་རྩལ་བསྐྱེད་སྲིང་བྱས་ཏེ། ས་ཁྲ་དང། རི་མོ། གློག་ཀླད་སོགས་བཀོལ་ནས་སྙན་ཐོ་བཟོ་འགོད་བྱ་རྒྱུ། ཁོར་ཡུག་དང། སྤྱི་ཚོགས། དཔལ་འབྱོར། རིགས་རུས། ཕོ་མོ་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་ཁག་ལ་ས་ཁམས་རིག་པའི་སློབ་སྦྱོང་བེད་སྤྱད་དེ་དཀའ་ངལ་དེ་དག་སེལ་ཐབས་བྱ་རྒྱུ།   འཛིན་རིམ་བཅུ་གཅིག ས་ཁམས་རིག་པ། དང་པོ། ཕྱི་སྣོད་ཀྱི་བཀོད་པའི་ས་ཁམས་རིག་པའི་གྲུབ་ཆ་གཙོ་བོ། ༡) ས་ཁམས་རིག་པ་ནི་སྦྱང་གཉེར་བྱེད་ཐབས་ཤིག་ཡིན་ཚུལ། ས་ཁམས་རིག་པ་ནི་སྦྱང་གཉེར་བྱེད་ཐབས་དང་ཚན་རིག་གི་རང་བཞིན་ལྡན་པ་ཞིག་ཡིན་ཚུལ། ས་ཁམས་རིག་པའི་ངོས་ནས་ཕྱི་སྣོད་ཀྱི་བཀོད་པ་གལ་ཆེན་དུ་འཛིན་ཚུལ།   ༢) སའི་གོ་ལ། སའི་གོ་ལ་ཐོག་མར་ཆགས་ཚུལ་དང་། འཕེལ་འགྱུར་བྱུང་རིམ། སའི་གོ་ལའི་ནང་རོལ། Wegener ཝེ་ཇེ་ནེར་གྱི་གླིང་ཆེན་དང་ས་སྡེར་ཆགས་ཚུལ་གྱི་རྣམ་བཤད་མདོར་བསྡུས། […]

ཀ༽ ལོ་རྒྱུས། (HISTORY)

ཀ༽ ལོ་རྒྱུས། (HISTORY)

ལོ་རྒྱུས་ཀྱི་གནད་དོན་འགངས་ཆེ་བ་ཁག་གི་ཐོག་སྦྱང་བཤད་དང་བགྲོ་གླེང་བྱས་ཏེ། ལོ་རྒྱུས་ཀྱི་དོན་རྐྱེན་དང་བྱུང་རིམ་ཁག་ཤེས་རྟོགས་ཐུབ་པ་བྱ་རྒྱུ། དེ་བཞིན་ལོ་རྒྱུས་ཐོག་སྦྱང་བཤད་དང་བགྲོ་གླེང་བྱས་ཏེ་ལོ་རྒྱུས་ཀྱི་དོན་རྐྱེན་དང་བྱུང་རིམ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་མ་ཟད། ལོ་རྒྱུས་སྦྱོང་བར་སྤྲོ་སྣང་ལྡན་པ་ཞིག་བཟོ་དགོས། གཞི་རིམ་གོང་མའི་བསླབ་གཞིའི་ནང་སློབ་ཕྲུག་ཚོས་ལོ་རྒྱུས་ཀྱི་དཔྱད་གཞི་མཁོ་སྒྲུབ་བྱས་པ་ཙམ་མིན་པར། ལོ་རྒྱུས་ནི་ཉེར་མཁོའི་བསླབ་གཞི་ཞིག་ཡིན་ལ། དེ་ནི་འདྲི་རྩད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། འདས་པའི་གནས་ཚུལ་ལ་རྒྱུས་མངའ་ལོན་པའི་བྱ་ཐབས་ཤིག་ཡིན་པ་ཤེས་པར་བྱ་རྒྱུ། དུས་ཚོད་དང་གནས་སྐབས། ས་གནས་མི་འདྲའི་ལོ་རྒྱུས་ཀྱི་གནས་དོན་ཁག་ལ་མཚུངས་བསྡུར་བྱ་ཐུབ་པ་དང། ལོ་རྒྱུས་དང་སློབ་ཚན་གཞན་དག་དབར་འབྲེལ་ཆགས་ཐུབ་པ་བྱ་རྒྱུ། གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་བསླབ་གཞི་གསར་པའི་ནང་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་གང་འཚམ་འཇུག་ཐབས་བྱ་དགོས་པ་དང་། འཛིན་རིམ་དྲུག་པ་ནས་བཅུ་པ་བར་རྒྱ་གར་གྱི་ལོ་རྒྱུས་བཀོད་ཟིན་པ་རྣམས་སྐབས་འདིར་འཇུག་འགོད་མི་བྱེད་པའམ། ཡང་ན་ཉུང་འཕྲི་གང་འོས་བྱ་རྒྱུའི་གཙོ་འདོན་བྱ་དགོས། འཛིན་རིམ་བཅུ་གཅིག འཛམ་གླིང་ལོ་རྒྱུས། སྡེ་ཚན་ཀ༽ ལོ་རྒྱུས་རིག་པའི་ངོ་སྤྲོད། ཅི་ཞིག་ལ་ལོ་རྒྱུས་རིག་པ་ཟེར། ལོ་རྒྱུས་རིག་པའི་གལ་གནད། ལོ་རྒྱུས་རིག་པའི་འབྱུང་ཁུངས། ལོ་རྒྱུས་རིག་པའི་རྟེན་ལྟོས་རྒྱུ་རྐྱེན། ལོ་རྒྱུས་རིག་པའི་ཁྱབ་ཚད། ལོ་རྒྱུས་རིག་པ་བའི་བཤད་ཚུལ། སྡེ་ཚན་ཁ༽ འཛམ་གླིང་ལོ་རྒྱུས་སྤྱི་བཤད། ༡། གདོད་མའི་སྤྱི་ཚོགས་ངོ་སྤྲོད། ཆེས་གནའ་བོའི་དུས་ནས། ཡེ་ཤུའི་སྟོན་པ་མ་འཁྲུངས་སྔོན་གྱི་ལོ་ངོ་༡༥༠༠༠ གོང་གི་ཨ་ཧྥེ་རི་ཀ་དང་ཡུ་རོབ། མིའི་རིགས་ཀྱི་འབྱུང་ཁུངས་ཐད་འདོད་ཚུལ་མི་འདྲ་བ་སྣ་ཚོགས། གནའ་བོའི་སྤྱི་ཚོགས། དེང་རབས་ཀྱི་རྔོན་པ་དང་འཐུ་མཁན་གྱི་སྤྱི་ཚོགས་ཐད་ལོ་རྒྱུས་སྨྲ་བའི་འདོད་ཚུལ། ༢། གནའ་བོའི་གྲོང་ཁྱེར། རྒྱ་གར་གྱི་ཧཱ་རཱ་པཱན་༼སེང་གེ་གཙང་པོའི་རྒྱུད་ཀྱི་༽དཔལ་ཡོན་དར་སྤེལ། གྲོང་བརྡལ་འཕེལ་སྟངས། གནའ་བོའི་གྲོང་ཁྱེར་གྱི་ཁྱད་ཆོས། ལོ་རྒྱུས་སྨྲ་བ་ཚོོས་ཧཱ་རཱ་པཱན་གྱི་དཔལ་ཡོན་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་ལ་ལྟ་ཚུལ། སྡེ་ཚན་ ག༽ གོང་མའི་རྒྱལ་ཁམས་ངོ་སྤྲོད། ༣། གླིང་ཕྲན་གསུམ་དབང་དུ་བསྒྱུར་བའི་གོང་མའི་རྒྱལ་ཁམས། གཙོ་གནད། རཽ་མན་གོང་མའི་རྒྱལ་ཁམས། ཕྱི་ལོ་སྔོན་གྱི་ལོ་༢༧ ནས་ཕྱི་ལོ་ ༦༠༠ བར། སྲིད་དོན་རིམ་འགྱུར་འཕེལ་རིམ། དཔལ་འབྱོར་རྒྱ་སྐྱེད། ཆོས་ལུགས། གནའ་དངོས། […]