དཔར་ལོ། ༢༠༢༤
ཤིང་སྡོང་སྟེང་འཛེག་མི་ཐུབ་པ
ཟས་མ་འཕྲོད་པའི་དཀའ་ངལ།
སུ་ལ་སོ་དགོས་སམ།
ངའི་བྱམས་བརྩེ་ལྡན་པའི་པ་ལགས
བཀྲ་ཤིས་དབྱངས་འཛོམས།འཛིན་གྲྭ་ལྔ་པ། གོ་པལ་པུར་བོད་ཁྱིམ། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ཀྱི་མིང་ནི་ཚེ་རིང་བཀྲ་ཤིས་ཟེར། ཁོང་ལོ་བཞི་བཅུ་ཞེ་དགུ་རེད། ཁོང་གི་ཤིང་ཏོག་དགའ་ཤོས་ནི་ཨ་མྲ་ལྗང་ཁུ་དེ་རེད། ཁོང་གི་ཚོན་དོག་དགའ་ཤོས་ནི་སྔོན་པོ་དང་ལྗང་ཁུ་རེད། ཁོང་ནི་རྐང་རྩེད་སྤོ་ལོ་རྩེ་རྒྱུ་དང་ལག་རྩེད་སྤོ་ལོ་ལ་ཡང་རྩེ་རྒྱུ་དགའ་པོ་ཡོད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ལ་ཨ་མ་ཞིག་དང་པ་ལགས་གཉིས་ཡོད། ཁོང་གི་པ་ལགས་དང་ཨ་མ་ལགས་བོད་ནང་དུ་ཡོད་ཀྱི་རེད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ནི་བོད་ཁྱིམ་གོ་པལ་པུར་གྱི་འཛིན་གྲྭ་བཅུ་གཉིས་ཀྱི་དགེ་རྒན་དང་བདེ་འཇགས་རྒན་ལགས་ཀྱང་རེད། ཁོང་གིས་འཛིན་གྲྭའི་ནང་ཡི་གེ་སློབ་དུས་ཞི་འཇམ་པོའི་ངང་སློབ་ཁྲིད་བྱེད་པ་དང་སློབ་མ་མ་ཤེས་མཁན་རྣམས་ལ་ཟུར་ཁྲིད་བྱས་ནས་སློབ་ཀྱི་ཡོད། ངའི་པ་ལགས་ལ་བཟའ་ཟླ་ཞིག་ཡོད། ཁོང་གི་བཟའ་ཟླའི་མཚན་ལ་བཀྲ་ཤིས་ལྷ་མོ་ཟེར། ངའི་པ་ལགས་ནི་དགོང་མོ་ལ་ཁ་པར་བལྟ་རྒྱུ་ཧ་ཅང་དགའ་པོ་ཡོད་པའི་རྒྱུ་མཚན་ནི་ཁ་པར་དེའི་ནང་མི་རྣམས་ལ་མགོ་བསྐོར་རྒྱུ་ལྟད་མོ་འདྲ་མིན་བཟོས་ཡོད་པར་བརྟེན་རེད། ངའི་པ་ལགས་བོད་ནས་ཆུང་དུས་སྐབས་ནས་རྒྱ་གར་ལ་སླེབས་རེད། དེ་དུས་ངའི་བྱམས་བརྩེ་ལྡན་པའི་པ་ལགས་ལ་དོམ་ཐུག་པ་རེད། དེ་སྐབས་ངའི་པ་ལགས་ལ་ཟ་རྒྱུ་ཉུང་ཉུང་དང་འཏུང་རྒྱུ་ཉུང་ཉུང་ཡོད། དེ་དུས་ངའི་པ་ལགས་ཀྱི་དཀའ་ལས་ལས་ཚེད་མེད་བསྐྱོན་ནས་རྒྱ་གར་ལ་སླེབ་ཐུབ་པ་རེད། ངའི་པ་ལགས་ནི་ཆུ་ཚ་པོ་འཏུང་རྒྱུ་ལ་ཧ་ལས་པའི་དགའ་པོ་ཡོད། ཡིན་ནའང་ཆུ་ཚ་པོ་དེ་བླང་རྒྱུ་དགའ་པོ་མེད། བྱས་ཙང་ང་རང་གིས་ངོས་ནས་པ་ལགས་ལ་པ་ཕ་ལེ་ལོ་བཅས་ལབ་ཀྱི་ཡོད། བྱས་ཙང་པ་ལགས་ཀྱིས་ང་ལ་གད་མོ་ཤོར་གྱིན་གཤེ་གཤེ་གཏོང་གི་ཡོད། ང་རང་སློབ་སྦྱོང་ཡག་པོ་བྱེད་དུས་བྱམས་བརྩེ་ལྡན་པའི་པ་ལགས་ཀྱིས་ང་གཙང་པོའི་འགྲམ་དུ་ཆུ་རྒལ་དུ་འཁྲིད་ཀྱི་ཡོད། དང་པོ་དེར་མ་འགྲོ་སྔོན་ནས་ངའི་པ་ལགས་ཀྱིས་ང་གཉིས་ཀྱི་ཆེད་དུ་ཇ་དང་འགྱིག་ཤོག་རྔན་པ་འཁྱེར་གྱི་རེད། དེའི་རྗེས་ང་དང་པ་ལགས་ཆུ་རྒལ་དུ་འགྲོ་ཡི་ཡོད། ཆུ་རྒལ་བའི་དུས་སུ་ང་གྲོད་ཁོག་ལྟོགས་སྐབས་རྔན་པ་དང་ཇ་འཐུང་གི་ཡོད། དེ་རྗེས་ང་དང་པ་ལགས་ཡང་བསྐྱར་ཆུ་བརྒལ་ནས་ནང་ལ་ལོག་འགྲོ་ཡི་ཡོད། ངའི་པ་ལགས་ཁོང་ཁྲོ་ལང་དུས་གདོང་གཉེར་མ་ཆགས་ཀྱི་རེད། གདོང་གཉེར་མ་ཆགས་དུས་ངའི་པ་ལགས་ཀྱི་འགྲམ་དུ་འགྲོ་རྒྱུ་མེད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ཀྱི་འགྲམ་ལ་འགྲོ་ན་པ་ལགས་ཀྱིས་རླུང་ཡོད་ཚད་ང་ལ་སྟོན་གྱི་ཡོད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་དགའ་བའི་དུས་སུ་ང་སྦག་སྦག་སྒང་ལ་འཆམ་འཆམ་དུ་ཁྲིད་ནས་མངར་བའི་འཁྱག་པ་བྱི་རིལ་ཞིམ་པོ་ཞིག་སྤྲོད་ཀྱི་རེད། དེ་དུས་ང་སེམས་པ་ཧ་ཅང་དགའ་ཡི་འདུག དགའ་བའི་དུས་སུ་ངའི་རྣམ་འགྱུར་དང་བཅས་འགྱུར་བ་འགྲོ་ཡི་རེད།སྔོན་མ་ངའི་བྱམས་བརྩེ་ལྡན་པའི་པ་ལགས་ལ་སྦག་སྦག་རྙིང་པ་ཞིག་ཡོད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ཀྱིས་སྦག་སྦག་རྙིང་པ་དེ་བཙོངས་ནས་སྦག་སྦག་གསར་པ་ཞིག་ཉོས་རེད། སྦག་སྦག་དེའི་ཚོན་མདོག་ནི་དམར་པོ་དང་ཟིང་སྐྱ་རེད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ཀྱི་སྦག་སྦག་གསར་པའི་གོང་སྒོར་འབུམ་གཅིག་དང་སྟོང་ཕྲག་ཉི་ཤུ་རྩ་དགུ་རེད། དེ་དག་དངུལ་རྣམས་ངའི་རྩེ་བའི་པ་ལགས་ཀྱིས་དགེ་རྒན་གྱི་ལས་ཀ་བྱས་ནས་བསོགས་པ་རེད། ངའི་པ་ལགས་ཀྱིས་སྐྱེས་ཡུལ་ནི་བོད་ཡིན་པ་དང་སྐྱེས་སྐར་ནི་བདུན་པའི་ཚེས་ཉི་ཤུ་རྩ་ལྔ་རེད། ངའི་པ་ལགས་ཀྱི་སྐྱེས་ཡུལ་དེ་ལ་བོད་མི་དང་ས་ཆ་རྣམས་ཧ་ཙང་གི་གཙང་མ་ཡོད་པ་མ་ཟད་ཆུ་རྣམས་ཡང་ཧ་ཅང་གི་དྭངས་མ་ཡོད། བོད་ཀྱི་གཡས་གཡོན་དུ་ཡོད་པའི་གཡག་དང་འབྲི། རྭ། ལུག་དེ་དག་སྤང་སྗོངས་སྟེང་ལ་ལྗང་བའི་རྩྭ་བཟས་ནས་བསྡད་ཡོད། བོད་ཀྱི་ས་འོག་ནས་གཏེར་ཁ་རིགས་ཧ་ཅང་མང་པོ་རག་གི་ཡོད། ངའི་བྱམས་བརྩེ་ལྡན་པའི་པ་ལགས་ཀྱི་སྐྱེས་ཡུལ་ནི་ཧ་ཅང་གི་སྙིང་རྗེ་མོ་ཡོད། ངའི་པ་ལགས་ཀྱི་ང་རང་ལ་བྱམས་སྐྱོང་དང་རྩེ་བ་སྤྲོད་ཀྱི་ཡོད་པ་དང་། ངས་ཀྱང་གང་ཐུབ་ཅི་ཐུབ་ཀྱི་པ་ལགས་ལ་ཉན་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་དང་པ་ལགས་ལ་གད་མོ་ཤོར་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ངའི་པ་ལགས་ལ་སྤུན་མཆེད་ལྔ་ཡོད། དེ་དག་ནི་དོན་གྲུབ་དང་ལྷ་མོ་ཕུན་ཚོགས། སྐལ་བཟང་། པ་སངས། བཀྲ་ཤིས་བཅས་རེད། ཁོ་ཚོ་ལྔའི་ནང་ལ་བུ་མོ་གཅིག་ལས་མེད། བུ་མོ་དེ་ནི་ཧ་ཅང་གི་སེམས་བཟང་པོ་ཡོད་པ་དང་ཧ་ཅང་གི་ཡག་པོ་ཡང་ཡོད། དོན་གྲུབ་ནི་རྒྱ་གར་ལ་ཡོད་གཞན་རྣམས་བོད་ནང་བསྡད་ཡོད། ངའི་པ་ལགས་ཆུ་མངར་མོ་བཏུང་རྒྱུ་དགའ་པོ་མེད་པ་དང་ཐ་མག་ཀྱང་འཐེན་རྒྱུ་དགའ་པོ་མེད། […]
ཨ་མ་ལགས།
བསྟན་འཛིན་ཡིད་འཕྲོགའཛིན་གྲྭ་ལྔ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། འཛམ་གླིང་ནང་ཕྲུ་གུ་ཚང་མའི་གལ་ཆེ་ཤོས་ནི་ཨ་མ་ལགས་ཡིན། ངའི་ཨ་མ་ལགས་ཀྱིས་ང་ལ་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱ་རྒྱག་གི་འདུག དེ་ཡང་རྒན་པ་དང་དགེ་རྒན་རྣམས་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང་གནང་དགོས་སྐོར་གསུང་གི་འདུག ཁོང་ནི་ངའི་དགེ་རྒན་ཐོག་མ་དང་གྲོགས་མོ་ཡག་ཤོས། དམིགས་དཔེ་ལྟ་ས་ཡག་ཤོས་དེ་ཡིན། ཨ་མ་ལགས་ཀྱིས་ཉིན་ལྟར་ང་ཚོ་ནང་མི་ཚང་མ་ལ་བྱམས་སྐྱོང་ངང་སྐྱོང་གི་འདུག ཁོང་ཉིན་ལྟར་ཞོགས་པ་སྔ་པོ་ལངས་ནས་ཞོགས་ཟས་བཟོ་ཡི་ཡོད་པ་མ་ཟད་ཅོག་རྩེ་སྒང་ལ་གྲ་སྒྲིག་བྱས་ནས་འཇོག་གི་ཡོད། མཚམས་རེར་ང་རང་ནད་པ་ཆགས་དུས་ང་རང་གི་ཨ་མ་ལགས་ཀྱིས་སེམས་ཁྲལ་མང་པོ་གནང་གི་ཡོད་པ་མ་ཟད་ང་རང་ལ་ཉིན་མཚན་མེད་པར་ལྟ་སྐྱོང་གནང་གི་ཡོད། ཨ་མ་ལགས་ནི་ནང་མི་ནང་ནས་གལ་ཆེ་ཤེས་དེ་ཡིན། མཚམས་རེ་ང་རང་ནོར་འཁྲུལ་ཤོར་དུས་ཨ་མ་ལགས་ཀྱིས་དེར་ཡོ་བསྲང་གནང་གི་ཡོད་པ་མ་ཟད་མཚམས་རེར་ཨ་མ་ལགས་ཀྱིས་ང་ལ་གཤེ་གཤེ་ཡང་གཏོང་གི་ཡོད། ཡིན་ཡང་ང་རང་ཁོང་ཁྲོ་ཟ་ཡི་མི་འདུག་གང་ཡིན་ཟེར་ན་ཨ་མ་ལགས་ཀྱི་ང་རང་གི་ཆེད་དུ་གསུང་གི་ཡོད། ཁོང་གིས་ང་ཚོ་ལ་ཁ་ལག་ཞིམ་པོ་དེ་འདྲ་བཟོ་ཡི་ཡོད་པ་མ་ཟད་གཟུགས་པོ་ལ་ཕན་པ་རྐྱང་བཟོ་ཡི་ཡོད། ཉིན་ལྟར་ང་ཚོ་བར་སེང་སྐབས་ཤིང་འབྲས་དང་ཤིང་འབྲས་ཁུ་བ་རྐྱང་གནང་གི་ཡོད། མཚམས་རེར་དངུལ་སྤྲོད་ཀྱི་ཡོད། དངུལ་སྤྲད་པ་རྣམས་ཤིང་འབྲས་ཁུ་བ་རྐྱང་ཉོ་ཡི་ཡོད། ངའི་ཨ་མ་ལགས་ཀྱི་མཚན་ལ་བསྟན་འཛིན་སྒྲོལ་མ་ཟེར་གྱི་ཡོད། ཁོང་ནི་ཧ་ཅང་གི་ཡག་པོ་ཡོད། ཁོང་ནི་ང་ཚོའི་སློབ་གྲྭའི་རྒན་ལགས་ཤིག་ཡིན། ཁོང་གིས་ཨང་རྩིས་སློབ་ཚན་སློབ་ཁྲིད་གནང་གི་ཡོད། ཁོང་གིས་ཨང་རྩིས་ཧ་ཅང་གི་ཡག་པོ་སློབ་ཀྱི་ཡོད་པ་མ་ཟད་དགའ་ལྷང་ལྷང་ངང་སློབ་ཁྲིད་གནང་གི་ཡོད། ཁོང་གི་སློབ་ཕྲུག་རྣམས་ཀྱིས་ཁོང་ལ་དགའ་པོ་གནང་གི་ཡོད། ཨ་མ་ལགས་ཀྱིས་ཉིན་ལྟར་ང་ཚོ་གཉིས་ལ་སློབ་སྦྱོང་ལ་རོགས་རམ་ཡང་གནང་གི་ཡོད། ཁོང་གི་ང་ལ་རྔན་པ་མང་པོ་སྤྲོད་ཀྱི་མེད་གང་ཡིན་ཟེར་ན་རྔན་པ་མང་པོ་བཟས་ན་ནད་པ་ཆགས་ཀྱི་ཡོད་ཙང་སྤྲོད་ཀྱི་མེད། ཨ་མ་ལགས་ཀྱིས་ག་དུས་ཡིན་ཡང་ཟས་གོས་དང་ཅ་ལག་གཞན་གང་ཡིན་ཡང་ཡག་ཤོས་དེ་སོ་སོའི་ཕྲུ་གུ་ལ་སྤྲད་པ་རིན་ཆེན་ནོར་བུ་སྟར་རྩི་ནས་བྱམས་བརྩེས་ངང་སྐྱོང་གི་ཡོད། ངའི་ཨ་མ་ལགས་ཀྱིས་ཁ་ལག་ལ་དབྱེ་འབྱེད་མེད་པར་ཚང་མ་ལ་དགའ་པོ་གནང་གི་ཡོད། ང་རང་ཚོ་ལ་ཡང་ཁ་ལག་ལ་དབྱེ་འབྱེད་མེད་པར་ཚང་མ་ཟ་དགོས་གསུང་གི་འདུག ཨ་མ་ལགས་རྣམས་ཀྱི་རང་གི་ཕྲུ་གུའི་ཆེད་དུ་ཉིན་མཚན་མེད་པར་སྐུ་ལ་སྐྱོན་གྱི་ཡོད། ངའི་ཨ་མ་ལགས་ཀྱིས་ཀྱང་ག་དུས་ཡིན་ཡང་ང་དང་ཅོ་ཅོ་གཉིས་ཀྱི་དོན་དུ་སྐུ་ལས་མང་པོ་སྐྱོན་དགོས་ཐུབ་ཀྱི་ཡོད། མཚམས་རེར་ང་རང་མཚན་མོ་ཕྱི་པོ་ལ་ཚ་བ་རྒྱག་དུས་ཨ་མ་ལགས་ཀྱིས་མཚན་གང་ང་ལ་ལྟ་སྐྱོང་བྱས་ནས་བཞུགས་ཀྱི་ཡོད། ང་ཚོ་ཕྲུ་གུ་རྣམས་ཕ་མའི་ཁ་ལ་ཉན་པོ་བྱེད་དགོས་རྒྱུ་དང་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། ང་ཚོ་ཕྲུ་གུ་རྣམས་ནས་སློབ་སྦྱོང་ལ་ཧུར་བརྩོན་དང་སྤྱོད་པ་ཡག་པོ་གནང་བ་དེ་ནི་ཨ་མ་རྣམས་ལ་རྔན་པ་ཆེ་ཤོས་དེ་ཡིན། ངའི་ཨ་མ་ལགས་ནི་གཟུགས་པོ་ཤིང་སྡོང་ནང་བཞིན་རིང་པོ་དང་རྩ་བ་ནང་བཞིན་སྐམ་པོ་ཡོད། ཁོང་ནི་གཞས་འཁྲབ་རྒྱུ་ལ་དགའ་པོ་ཡོད། མཚམས་རེར་ཁོང་གིས་ང་ལ་གཞས་འཁྲབ་སྟངས་ཡང་སློབ་ཀྱི་ཡོད། གུས་མོ་ཁྱེད་ཀྱི་དཀའ་དྲིན་རྣམས་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་བཅངས་ནས་སློབ་སྦྱོང་ལ་ཧུར་བརྩོན་གནང་བ་མ་ཟད་བཟང་སྤྱོད་ཀྱང་གང་ཐུབ་བྱེད་ཀྱི་ཡིན། ཨ་མ་ལགས་ཁྱེད་ཀྱི་དྲིན་ལན་འཇལ་ཐུབ་པའི་སྨོན་ལམ་ཡོད། ཨ་མ་ལགས་ཐུགས་རྗེ་ཆེ།




